ལེའུ་དང་པོ། 2:22-40 (Gospel of Luke)

ལུང་སྟོན་པ་མོ༷་ཤེའི་ཆོས་ཁྲིམས་ལྟར་ཁོང་ཚོའི་གཙང་སྦྲ་བྱེད་པའི་དུས་ཚར་ནས་ཁོང་གཙོ་བོ་དཀོན་མཆོག་ལ་འབུལ་བའི་ཆེད་དུ་ཁོང་རྣམས་ཡེ༷་རུ་ཤ་ལེམ་ལ་ཕེབས། (གཙོ་བོའི་ཆོས་ཁྲིམས་ལ་བཀོད་པ་ལྟར་སྔོན་ལ་སྐྱེས་པའི་ཕོ་རེ་རེ་གཙོ་བོ་ལ་དམ་པར་བརྩི་བར་བྱ་ཞེས་གསུངས་) ཡང་གཙོ་བོའི་ཆོས་ཁྲིམས་ལ་བཀོད་པ་ལྟར་ཐི་བ་ཟུང་གཅིག་གམ་ཕུག་རོན་ཆུང་ངུ་གཉིས་མཆོད་པར་འབུལ་དགོས་ཞེས་པའི་བཀའ་བཞིན་དུ་དེ་ཚོས་མཆོད་པ་ཞིག་ཕུལ།

ཡེ༷་རུ་ཤ་ལེམ་ལ་སི༷་མེ་ཡོན་ཞེས་བྱ་བའི་སེམས་དྲང་པོ་དང་ཆོས་ལ་དགའ་བའི་མི་ཞིག་ཡོད། ཁོང་ནི་ཡི༷་སི་ར་ཨེལ་སྐྱོབ་པའི་དུས་སྒུག་མཁན་ཡིན་པ་དང༌། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཁོང་དང་མཉམ་དུ་ཡོད། ཁོང་འཆི་བ་མ་མྱོང་བའི་སྔོན་ལ་གཙོ་བོའི་མཱ༷་ཤི་ཀ་ལ་མཇལ་རྒྱུ་ཡིན་པར་དམ་པའི་ཐུགས་ཉིད་ཀྱིས་ཁོང་ལ་མངོན་པར་མཛད་ཡོད། དམ་པའི་ཐུགས་ཉིད་ཀྱིས་བསྐུལ་ཏེ་ཁོང་ཡ༷་ཧུ་དཱ་པའི་མཆོད་ཁང་ཆེན་མོའི་ཁྱམས་རའི་རྩར་ཕྱིན་པ་དང༌། ཆོས་ཁྲིམས་གང་དགོས་པ་བྱེད་པའི་ཕྱིར་ཕ་མས་ཕྲུ་གུ་ཡེ༷་ཤུ་ཁྱེར་ནས་སླེབས་སྐབས། སི༷་མེ་ཡོན་གྱིས་ཕྲུ་གུ་པང་དུ་བླངས་ནས་དཀོན་མཆོག་ལ་བསྟོད་བསྔགས་ཏེ།

གཙོ་བོ་ད་ལྟ་ཁྱེད་ཀྱི་བཀའ་བཞིན་དུ༎ ཁྱེད་ཀྱི་ཞབས་ཕྱི་ཞི་བདེར་འགྲོ་རུ་འཇུག །

ང་ཡི་མིག་གིས་མི་རིགས་ཀུན་གྱི་ཆེད༎ ཁྱེད་ཀྱིས་བཀོད་པ་གནང་བའི་ཐར་པ་མཐོང༌༎

ཁྱེད་ཀྱི་མི་རིགས་ཡི༷་སི་ར་ཨེལ་ལ༎ གཟི་བརྗིད་དང་ནི་ཕྱི་པར་འཕྲོ་བའི་འོད༎

ཕྲུ་གུའི་ཡབ་དང་ཡུམ་ཁོང་གི་སྐོར་ལ་བཤད་པའི་གཏམ་དེ་ལ་ཡ་མཚན་སྐྱེས། སི༷་མེ་ཡོན་དེ་ཚོར་བྱིན་གྱིས་རླབས་ནས་ཁོང་གི་ཡུམ་མི༷ར་ཡམ་ལ་“གཟིགས་དང༌། ཕྲུ་གུ་འདི་ནི་ཡི༷་སི་ར་ཨེལ་པ་མང་པོ་འགྱེལ་བའི་རྒྱུ་རྐྱེན་དང༌། ལང་བའི་རྒྱུ་རྐྱེན་དང༌། རྒོལ་རྒྱུ་ཡིན་པའི་རྟགས་སུ་བསྐོས་པ་མ་ཟད། རལ་གྲི་ཞིག་གིས་ཁྱེད་ཀྱི་སེམས་ལ་ཡང་འཛུགས་པར་འགྱུར། དེ་ནི་མི་མང་པོའི་གསང་བའི་བསམ་པ་མངོན་སུམ་དུ་འགྱུར་བའི་ཆེད་དུ་ཡིན་”ཞེས་གསུངས། ཡང་ཡི༷་སི་ར་ཨེལ་གྱི་རིགས་རྒྱུད་ཨ༷་ཤེར་ནས་ཕཱ༷་ནུ་ཨེལ་གྱི་བུ་མོ་ཨ༷ན་ནཱ་ལོ་ན་ཤིན་ཏུ་རྒས་པའི་ལུང་སྟོན་མ་དེར་ཡོད་དེ། ཁོ་མོ་གཉེན་སྒྲིག་བྱས་ནས་ལོ་བདུན་ཁྱོ་བོ་དང་མཉམ་དུ་བསྡད་པ་དང༌། དེ་ནས་ཡུགས་མོའི་འཚོ་བ་བསྐྱལ་ནས་ལོ་བརྒྱད་ཅུ་གྱ་བཞི་བར་གསོན། ཁོ་མོས་མཆོད་ཁང་དང་མི་འབྲལ་བར་ཉིན་མཚན་མེད་པར་སྨྱུང་གནས་སྲུང་བ་དང་སྨོན་ལམ་བཏབ་སྟེ་དཀོན་མཆོག་ལ་བསྙེན་བཀུར་ཞུས། དུས་དེ་རང་ལ་ཁོ་མོ་ཡོང་ནས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་པ་དང༌། ཡེ༷་རུ་ཤ་ལེམ་གྱི་ཐར་བའི་ཉིན་མོ་སྒུག་མཁན་ཐམས་ཅད་ལ་ཕྲུ་གུ་དེའི་སྐོར་ལ་གཏམ་བྱས། གཙོ་བོའི་ཆོས་ཁྲིམས་ལྟར་དོན་ཐམས་ཅད་བསྒྲུབས་ཚར་ནས་དེ་ཚོ་ག༷་ལིལ་ཡུལ་དུ་རང་གི་གྲོང་ཁྱེར་ན༷་ཙ་རེལ་ལ་ཕྱིར་ལོག

t-script-7-x-600px

And when the time came for their purification according to the Law of Moses, they brought him up to Jerusalem to present him to the Lord (as it is written in the Law of the Lord, “Every male who first opens the womb shall be called holy to the Lord”) and to offer a sacrifice according to what is said in the Law of the Lord, “a pair of turtledoves, or two young pigeons.”

Now there was a man in Jerusalem, whose name was Simeon, and this man was righteous and devout, waiting for the consolation of Israel, and the Holy Spirit was upon him. And it had been revealed to him by the Holy Spirit that he would not see death before he had seen the Lord’s Christ. And he came in the Spirit into the temple, and when the parents brought in the child Jesus, to do for him according to the custom of the Law, he took him up in his arms and blessed God and said,

“Lord, now you are letting your servant depart in peace, according to your word; for my eyes have seen your salvation that you have prepared in the presence of all peoples, a light for revelation to the Gentiles, and for glory to your people Israel.”

And his father and his mother marveled at what was said about him. And Simeon blessed them and said to Mary his mother, “Behold, this child is appointed for the fall and rising of many in Israel, and for a sign that is opposed (and a sword will pierce through your own soul also), so that thoughts from many hearts may be revealed.”

And there was a prophetess, Anna, the daughter of Phanuel, of the tribe of Asher. She was advanced in years, having lived with her husband seven years from when she was a virgin, and then as a widow until she was eighty-four. She did not depart from the temple, worshiping with fasting and prayer night and day. And coming up at that very hour she began to give thanks to God and to speak of him to all who were waiting for the redemption of Jerusalem.

And when they had performed everything according to the Law of the Lord, they returned into Galilee, to their own town of Nazareth. And the child grew and became strong, filled with wisdom. And the favor of God was upon him.

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s