ལེའུ་དང་པོ། 3:7-14 (Gospel of Luke)

ཡང་ཡོ༷་ཧ་ནན་ནས་ཁྲུས་གསོལ་ལེན་པའི་ཆེད་དུ་ཡོང་བའི་མི་ཚོགས་མང་པོར་ཁོང་གིས་“དུག་སྦྲུལ་གྱི་རིགས་ཚོ། སྡིག་པའི་ཉེས་ཆད་ཡིན་ཏེ་མ་འོངས་པའི་ཐུགས་ཁྲོ་ལས་འབྲོས་པ་ཁྱོད་ཚོར་སུས་བསྟན།

སྤྱོད་པ་ངན་པ་སྤངས་ནས་སེམས་སྒྱུར་བའི་འབྲས་བུ་སྨིན་ཞིག ཡང་ཨ༷བ་ར་ཧམ་ང་ཚོའི་མེས་པོ་ཡིན་ཞེས་མ་སོམས།

ངས་ཁྱོད་ཚོར་ཟེར་རྒྱུར། དཀོན་མཆོག་གིས་རྡོ་འདི་ཚོ་ལས་ཨ༷བ་ར་ཧམ་ལ་བུ་རྒྱུད་འབྱུང་བར་མཛད་ཐུབ་པའི་ཕྱིར་རོ།

ད་ལྟ་སྟ་རེ་ཞིག་ཤིང་སྡོང་གི་རྩ་ལ་བཞག་ཡོད་པས་འབྲས་བུ་བཟང་པོ་མ་སྨིན་པའི་ཤིང་སྡོང་རེ་རེ་བཞིན་བཅད་ནས་མེ་ལ་གཡུག་པར་འགྱུར་”

ཞེས་གསུངས། མི་ཚོགས་ཀྱིས་ཁོང་ལ་“བྱས་ན་ང་ཚོས་ཅི་བྱེད་དགོས་”ཞེས་དྲིས། ལན་དུ་ཁོང་གིས་དེ་ཚོར་“གོས་གཉིས་ཡོད་པ་གོས་མེད་པ་ལ་བགོད་པ་དང༌། ཁ་ཟས་ཡོད་མཁན་གྱིས་ཀྱང་དེ་ལྟར་བྱེད་དགོས་”

ཞེས་གསུངས་ནས། ཁྲལ་སྡུད་མཁན་ཁྲུས་གསོལ་ལེན་ཕྱིར་ཡོང་ནས་ཁོང་ལ་“སློབ་དཔོན་ལགས། ང་ཚོས་ཅི་བྱེད་དགོས་”

ཅེས་དྲིས་པ་དང༌། ཁོང་གིས་དེ་ཚོར་“ཁ་མངག་པ་ལས་ལྷག་པར་མ་ལེན་”

ཞེས་གསུངས། དམག་མི་ཁ་ཤས་ཀྱིས་ཁོང་ལ་“ང་ཚོས་ཅི་བྱེད་དགོས་”

ཅེས་དྲིས་པ་ན་ཁོང་གིས་“བཙན་ཐབས་ཀྱིས་དངུལ་མ་ལེན། མི་སུ་ཡང་ལ་སྙད་མ་འདོགས། ཁྱོད་ཀྱི་གླ་ཆ་ཡིས་ཚིམ་པར་འགྱུར་ཞིག་”ཅེས་གསུངས།

t-script-7-x-600px

He said therefore to the crowds that came out to be baptized by him, “You brood of vipers! Who warned you to flee from the wrath to come? Bear fruits in keeping with repentance. And do not begin to say to yourselves, ‘We have Abraham as our father.’ For I tell you, God is able from these stones to raise up children for Abraham. Even now the axe is laid to the root of the trees. Every tree therefore that does not bear good fruit is cut down and thrown into the fire.”

And the crowds asked him, “What then shall we do?” And he answered them, “Whoever has two tunics is to share with him who has none, and whoever has food is to do likewise.” Tax collectors also came to be baptized and said to him, “Teacher, what shall we do?” And he said to them, “Collect no more than you are authorized to do.” Soldiers also asked him, “And we, what shall we do?” And he said to them, “Do not extort money from anyone by threats or by false accusation, and be content with your wages.”

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s