གསུང་མགུར 22:27-28

27མི་རིགས་ཀུན་གྱིས་གཙོ་བོ་དཀོན་མཆོག་དྲན་གསོ་བྱེད། འཇིག་རྟེན་ས་ཕྱོགས་ཀུན་གྱི་མི་རྣམས་ནི།

བློ་ཁ་བསྒྱུར་ནས་ཁོང་གི་དྲུང་དུ་བཅར། མི་རིགས་ཀུན་གྱིས་ཁོང་ལ་མཆོད་པར་འགྱུར།

28གཙོ་བོ་དཀོན་མཆོག་མངའ་བདག་ཡིན་པས་ན། མི་རིགས་ཚང་མར་ཁོང་གིས་རྒྱལ་སྲིད་སྐྱོང་།