༄༄། །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན། – Questions and answers about the Christian Faith (07)

༄༄།  །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན།

Questions and answers about the Christian Faith

Originally published by “researchonwords”

དམ་པའི་གསུང་རབ་ཀྱི་སྐོར་དྲི་བ་དྲིས་ལན།

ལེའུ་བདུན་པ།

95  དྲི་བ།    དམ་པའི་གསུང་རབ་ཟེར་བའི་ཐ་སྙད་དེའི་དོན་དག་ག་རེ་རེད།

ལན།     དེ་(མི་ཚོའི་ཆེད་དུ་) ཕྱོགས་བསྡུས་བྱས་པའི་དཀོན་མཆོག་གི་སློབ་ཁྲིད་ཡོད་པའི་ཆེས་དམིགས་

བསལ་གྱི་འབྲི་ཡིག་ཅིག་རེད།     ང་ཚོས་གསུང་རབ་འདི་ཚོ་ཀློག་པའི་སྒོ་ནས་ང་ཚོས་དཀོན་མཆོག་

སུ་ཡིན་པ་དེ་ཤེས་ཀྱི་ཡོད་རེད།

96   དྲི་བ།    དམ་པའི་གསུང་རབ་ལ་དབྱེ་ན་ག་ཚོད་ཡོད་རེད།

ལན།     དེ་ལ་དབྱེ་ན་གཉིས་ཡོད་རེད།     ཞལ་ཆད་རྙིང་པ་དང་ཞལ་ཆད་གསར་པ།     འདི་ཚོ་གཉིས་

ཀར་ནང་བསྟན་བཅོས་དང་ལེའུ་མང་པོ་ཡོད་རེད།

97   དྲི་བ།    ཞལ་ཆད་རྙིང་པའི་མདོ་དེ་ཚོ་ག་ནས་བྱུང་རེད།

ལན།     དེ་ཚོ་དཀོན་མཆོག་ནས་བྱུང་པ་རེད།    ཡེ་ཤུ་མ་ཤི་ཀ་ཁོང་འཛམ་བུ་གླིང་འདི་ནང་སྐུ་མ་འཁྲུངས་

པའི་ལོ་མང་པོ་གོང་ལ་དཀོན་མཆོག་གིས་དམ་པའི་ཐུགས་ཉིད་ཀྱི་བརྒྱུད་ནས་རྗིའུའི་ལུང་སྟོན་པ་

ཚོ་ལ་ཁོང་ཚོས་ག་རེ་བྲིས་དགོས་ཀྱི་ཡོད་པའི་བཀའ་གནང་པ་རེད།

98    དྲི་བ།    ཞལ་ཆད་གསར་པའི་བསྟན་བཅོས་དེ་ཚོ་ག་ནས་བྱུང་རེད།

ལན།     དེ་ཚོ་དཀོན་མཆོག་ནས་བྱུང་པ་རེད།      དཀོན་མཆོག་གིས་དམ་པའི་ཐུགས་ཉིད་ཀྱི་བརྒྱུད་ནས་

ཁོང་གི་ཉེ་གནས་འགའ་ཤས་ལ་ཁོང་ཚོས་ག་རེ་འབྲི་དགོས་ཀྱི་ཡོད་པའི་བཀའ་གནང་པ་རེད།

99   དྲི་བ།    དཀོན་མཆོག་གི་དམ་པའི་གསུང་རབ་དང་འཛམ་བུ་གླིང་གི་དཔེ་ཆ་གཞན་དག་ཚོའི་དབར་ཁྱད་

པར་ཡོད་རེད་པས།

ལན།    འཇིག་རྟེན་འདི་ནང་ཡོད་པའི་དཔེ་ཆ་གཞན་དག་ཚང་མ་མིའི་རིག་པ་དང་བསམ་བློའི་ཐོག་ནས་

བྲིས་པ་རེད།     ཡིན་ན་ཡང་དམ་པའི་གསུང་རབ་དེ་འདི་འདྲ་མ་རེད།    དེ་ཚོ་མི་ཚོས་དམ་པའི་

ཐུགས་ཉིད་ཀྱིས་སྐུལ་མ་གནང་པའི་ཐོག་ནས་བྲིས་པ་རེད།      འདིའི་དོན་དག་གང་ཡིན་ཟེར་ན།

དཀོན་མཆོག་གི་མི་དམ་པ་ཚོས་དམ་པའི་ཐུགས་ཉིད་ཀྱིས་ཁོང་རང་ཚོ་ལ་ག་རེ་གསུངས་པ་དེ་བྲིས་

གནང་པ་རེད།

100  དྲི་བ།    ང་ཚོས་དམ་པའི་གསུང་རབ་ཀྱི་དོན་དག་རྟོགས་ཐུབ་ཀྱི་རེད་པས།

ལན།    (གསུང་རབ་ནང་གི་འབྲི་ཡིག་དེ་ཚོ་དཀོན་མཆོག་ནས་ཕེབས་ཙང་།     དེ་ཚོ་དམིགས་བསལ་ཞེ་

དྲག་རེད།     གསུང་རབ་རྙིང་པ་ནང་ལ་ཡང་རྗིའུ་མི་ཚོའི་སྐོར་ལོ་རྒྱུས་མང་པོ་ཡོད་རེད།    གལ་

སྲིད་ང་ཚོས་དཀོན་མཆོག་ལ་སྨོན་ལམ་ཞུ་ནས་ང་ཚོ་ལ་ཕྱག་རོགས་གནང་རོགས་ཞུས་པ་ཡིན་ན།

ཁོང་གིས་དམ་པའི་ཐུགས་ཉིད་ཀྱི་ནུས་པ་ཐོག་ནས་ང་ཚོས་དམ་པའི་གསུང་རབ་ཀྱི་དོན་དག་

རྟོགས་ཐུབ་པའི་ཕྱག་རོགས་གནང་གི་རེད།

                

101   དྲི་བ།    ཡིན་ན་ཡང་གལ་སྲིད་ང་ཚོ་ཡི་གེ་ཀློག་ཐུབ་ཀྱི་མེད་ན་ག་རེ་བྱེད་དགོས་རེད།

ལན།    གསུང་རབ་སྐད་ཤུགས་ཆེན་པོ་རྒྱབ་ནས་ཀློག་པའི་སྐབས་ང་ཚོ་དོ་སྣང་ཆེན་པོ་ཞེ་དྲག་བྱས་ནས་

ཉན་པ་དང་།     དེ་ཚོ་བློ་འཛིན་བྱེད་རྒྱུའི་འབད་རྩོལ་བྱེད་དགོས།     ཁྱེད་རང་ཚོས་དེ་ཚོའི་དོན་

དག་ཀྱང་བསམ་བློ་གཏིང་རིང་པོ་གཏོང་དགོས།     གལ་སྲིད་ཁྱེད་རང་ཚོས་མགོ་ཚོད་ཀྱི་མེད་ན།

གཞན་དག་ཀློག་ཤེས་མཁན་ཚོ་ལ་ཁྱེད་རང་ཚོར་འགྲེལ་བཤད་རྒྱབ་རོགས་ཟེར་ནས་ལོབ།

102    དྲི་བ།    དམ་པའི་གསུང་རབ་ཀྱིས་བཀའ་གནང་པ་གཞིར་བཟུང་ང་ཚོས་ག་རེ་བྱེད་དགོས་ཀྱི་ཡོད་རེད།

        

ལན།    ང་ཚོས་རང་གི་སེམས་བཅོས་སྒྱུར་གཏོང་དགོས་པ་དང་།     སྐྱབས་མགོན་ཡེ་ཤུ་མ་ཤི་ཀ་ལ་དད་

པ་དང་ཡིད་ཆེས་བྱེད་པ་དང་།     དཀོན་མཆོག་ལ་བསྟོད་པ་དང་གཏང་རག་འབུལ་དགོས་ཟེར་

ནས་གསུང་རབ་གསར་པ་ནང་ང་ཚོར་སྐུལ་མ་གནང་གི་ཡོད་རེད།     ཁོང་ལ་དད་པ་བྱེད་ཀྱི་ཡོད་

པའི་རྗེས་འབྲས་ལ་ང་ཚོ་ལ་མི་འཇིག་པའི་མཐའ་མེད་པའི་སྲོག་གསར་པ་འཐོབ་ཀྱི་ཡོད་རེད།

103  དྲི་བ།   ‘སེམས་བཅོས་སྒྱུར་གཏོང་བ་’ཟེར་བའི་དོན་དག་ག་རེ་རེད།

ལན།    དེའི་དོན་དག་ནི་ང་ཚོས་སྡིག་པ་དང་ཉེས་སྤྱོད་བྱས་པ་དེ་ལ་ཧ་ཅང་གིས་སེམས་སྐྱོ་སྣང་བྱེད་པ་

ཟེར་གྱི་ཡོད་རེད།     ང་ཚོས་འགྱོད་བཤགས་བྱེད་པའི་སྒོ་ནས་བསམ་བློ་དང་བྱ་བ་ངན་པ་དེ་ཚོ་

སྤོང་བ་དང་།     ང་ཚོའི་སྐྱབས་མགོན་ཡེ་ཤུ་མ་ཤི་ཀ་ལ་སྐྱབས་སུ་འགྲོ་གི་ཡོད་རེད།    ང་ཚོས་ང་

རང་ཚོ་ལ་སྡིག་སེལ་གནང་རོགས་ཟེར་ནས་ཁོང་ལ་འབོད་སྐུལ་ཞུ་གི་ཡོད་རེད།

104    དྲི་བ།    ཡེ་ཤུ་ལ་དད་པ་བྱེད་དགོས་ཟེར་བའི་དོན་དག་ག་རེ་རེད།

ལན།     ཡེ་ཤུ་ཁོང་འཛམ་བུ་གླིང་གི་སྐྱབས་མགོན་ཡིན་ན་ཡང་།     གང་ཟག་མི་རེ་ངོ་རེས་ཁོང་ལ་ཁོང་

རང་ཚོ་རང་ཉིད་ཀྱི་སྐྱབས་མགོན་གནང་རོགས་ཟེར་ནས་ཞུ་ཆོག་གི་ཡོད་རེད།     ཁྱེད་རང་ཚོས་

དེ་ཁོང་རྒྱང་ཤིང་ཐོག་སྐུ་གཤེགས་དུས་ཁྱེད་རང་ཚོའི་སྡིག་པའི་དོན་ལ་རང་གི་སྐུ་སྲོག་ཕུལ་པ་

དེ་ལ་གཏང་རག་འབུལ་བའི་སྒོ་ནས་འདི་བྱེད་ཀྱི་ཡོད་རེད།     འདི་བྱས་པའི་སྒོ་ནས་ཁྱེད་རང་

ཚོས་ཁོང་གི་བླ་ན་མེད་པའི་དགེ་བ་ལ་བློ་གཏད་བཅོལ་གྱི་ཡོད་རེད།

105   དྲི་བ།    དཀོན་མཆོག་ལ་བསྙེན་བཀུར་ཞུ་བ་ཟེར་བའི་དོན་དག་ག་རེ་རེད།

ལན།     དེའི་དོན་དག་དཀོན་མཆོག་ལ་སྤྲོ་བ་ཆེན་པོའི་ཐོག་ནས་རང་གི་སྙིང་ཁོང་ནས་བསྟོད་པ་དང་

གཏང་རག་འབུལ་བ་ལ་ཟེར་གྱི་ཡོད་རེད།

106    དྲི་བ།    མཐའ་མེད་པའི་སྲོག་ཟེར་བའི་དོན་དག་ག་རེ་རེད།

ལན།    འཆི་བའི་དུས་སུ་ང་ཚོའི་སེམས་དང་ལུས་འབྲལ་དུས།    ཤེས་པ་(སེམས་ཉིད་) དེ་རྟག་ཏུ་དཀོན་

མཆོག་གི་སྐུ་མདུན་ལ་གནས་ཀྱི་ཡོད་རེད།     མཐའ་མེད་པའི་སྲོག་གི་དོན་དག་འདི་རེད།

(གསུང་རབ་གསར་པ་ནང་ཡེ་ཤུ་ཡིས་མཐའ་མེད་པའི་མི་འཇིག་པའི་སྲོག་གི་སྐོར་ལ་སློབ་གནང་

གི་ཡོད་རེད།     མི་ཚང་མ་ཨེ་ཌམ་དང་ཨིལྦ་གི་མི་རྒྱུད་ཡིན་པ་ལ་བརྟེན་ནས་ཁོང་ཚོ་ལ་སྐྱེ་དུས་

ནས་འཇིག་པའི་རང་བཞིན་གྱི་སྲོག་ཡོད་རེད།     ང་ཚོས་ཡེ་ཤུ་ལ་ང་རང་ཚོའི་སྡིག་པ་ལ་སྡིག་

སེལ་གནང་རོགས་ཞུ་བ་དང་ང་ཚོ་བསྐྱབ་གནང་རོགས་ཞུ་དུས།     ང་ཚོའི་རྒྱུད་ལ་མི་འཇིག་པའི་

མཐའ་མེད་པའི་སྲོག་གི་སོན་བཏབས་པ་འདྲ་པོ་རེད།     ང་ཚོ་ཤི་བའི་རྗེས་ལ་ང་ཚོས་དམ་པའི་

ཞིང་ནང་སྲོག་གསར་པ་འདི་ཡོངས་སུ་རྫོགས་པ་མྱོང་ཚོར་འབྱུང་གི་རེད།)