༄༄། །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན། – Questions and answers about the Christian Faith (09)

༄༄།  །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན།

Questions and answers about the Christian Faith

Originally published by “researchonwords”

ཡེ་ཤུ་པ་ཚོ་ལ་ཡོད་པའི་རེ་བ་ཆེན་པོ་དེའི་སྐོར་དྲི་བ་དྲིས་ལན།

ལེའུ་དགུ་པ།

 

122   དྲི་བ།   ཡེ་ཤུ་ལ་དད་པ་དང་ཡིད་ཆེས་ཡོད་པའི་མི་ཚོས་རེ་བ་ཆེན་པོ་ག་རེ་བྱེད་ཀྱི་ཡོད་རེད།

ལན།    དད་པ་དང་ཡིད་ཆེས་ཡོད་པའི་མི་ཚོ་ལ་ཁོང་རང་ཚོ་ཤི་བའི་རྗེས་ལ་ཁོང་རང་ཚོའི་སེམས་ཉིད་

[conscious awareness] དེ་དམ་པའི་ཞིང་ལ་འགྲོ་གི་ཡོད་པའི་གདེང་ཚོད་ཡོད་རེད།     ཁོང་

ཚོས་ཉི་མ་མཐའ་མའི་ཉིན་མོ་ཁོང་རང་ཚོའི་ལུས་འཆི་བ་ནས་ལང་ནས་ཡང་བསྐྱར་སེམས་ཉིད་

དང་འདུ་གི་ཡོད་པའི་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད་རེད།

123   དྲི་བ།    ང་ཚོ་ཤི་དུས་ག་རེ་འབྱུང་གི་ཡོད་རེད།

ལན།     མི་ཞིག་ཤི་དུས་ལུས་དང་སེམས་ཉིད་འབྲལ་གྱི་ཡོད་རེད།

124    དྲི་བ།    སེམས་ཉིད་དེ་ལུས་ནས་འབྲལ་དུས་དེ་ཚོ་ག་པར་འགྲོ་གི་ཡོད་རེད།

ལན།     སེམས་ཉིད་འགྲོ་ས་གཉིས་མ་གཏོགས་ཡོད་མ་རེད།    དེ་དམ་པའི་ཞིང་དང་ཡང་ན་དམྱལ་

ཁམས་ལ་འགྲོ་གི་རེད།

125    དྲི་བ།    ལུས་དེ་སེམས་ཉིད་ནས་འབྲལ་དུས་ལུས་སྟོང་པ་དེ་ལ་ག་རེ་འབྱུང་གི་ཡོད་རེད།

ལན།     ལུས་དེ་ཐལ་བ་ནས་བཟོས་ཡིན་ཙང་།     དེ་རང་འཇགས་ཐལ་བ་ནང་འགྲོ་གི་རེད།

126    དྲི་བ།    དམ་པའི་ཞིང་ག་འདྲ་ཞིག་ཡོད་རེད།

ལན།    དམ་པའི་ཞིང་དེ་སྡུག་བསྔལ་གྱི་སྐད་ཅོར་མེད་པའི་གནས་ཤིག་རེད།    དམ་པའི་ཞིང་དེ་ཧ་ཅང་

གི་འོད་བཀྲག་མདངས་ཆེན་པོ་ཡོད་རེད།     དེ་ཡང་དག་པའི་བདེ་སྐྱིད་དང་སྤྲོ་སྣང་ལྡན་པའི་

གནས་ཤིག་རེད།

127   དྲི་བ།     དམ་པའི་ཞིང་ནང་སུ་ཡོད་རེད།

ལན།     དམ་པའི་ཞིང་ཟེར་བའི་གནས་དེ་ནང་ཡབ་དཀོན་མཆོག་དང་།     སྲས་དང་།     དམ་པའི་

ཐུགས་ཉིད་ཡོད་རེད།     ཁོང་ཚོའི་སྐུ་མདུན་ལ་ནམ་མཁའི་ཕོ་ཉ་ཚོ་དང་།     སྡིག་པ་ནས་བསྒྲལ་

བའི་མི་ཚོ་ཡོད་རེད།

128  དྲི་བ།     དམྱལ་ཁམས་ཟེར་བའི་གནས་དེ་ག་འདྲ་ཞིག་ཡོད་རེད།  

ལན།    དམྱལ་ཁམས་དེ་ཧ་ཅང་ནག་ཁུང་དང་སྡུག་བསྔལ་གིས་གང་བའི་གནས་ཤིག་རེད།       དེར་

ཧ་ཅང་གི་མི་སྡུག་པ་དང་འཇིགས་སུ་རུང་བའི་སེམས་ཉིད་ངན་པ་ཚོ་གནས་ཡོད་རེད།

129  དྲི་བ།    དམྱལ་བ་ནང་གཞན་དག་སུ་ཡོད་རེད།

ལན།    སེ་ཀྲེན་ཟེར་བའི་སེམས་ཉིད་ངན་པའི་དཔོན་པོ་དེ་དེར་ཡོད་རེད།     ཁོ་མཉམ་དུ་ཁོ་རང་གི་

སེམས་ཉིད་ངན་པའི་རོགས་པ་དེ་ཚོ་ཡོད་རེད།

130   དྲི་བ།    མི་སྡིག་ཅན་ཚོ་དམྱལ་བ་ནང་འགྲོ་བ་དང་།     མི་ཡང་དག་པ་ཚོ་དམ་པའི་ཞིང་ནང་འགྲོ་

བའི་དུས་ཚོད་ག་དུས་བསླེབ་ཀྱི་རེད།

ལན།     འདི་ཉི་མ་མཐའ་མའི་ཉིན་མོ་གཤིན་པོ་ཚོ་ཚང་མ་གསོན་པོ་ལང་བའི་དུས་ཚོད་ལ་འབྱུང་གི་རེད།

131    དྲི་བ།    གཤིན་པོ་ཚོ་ཡང་བསྐྱར་གསོན་པོ་ག་འདྲ་ལང་གི་ཡོད་པའི་གསལ་བཤད་བྱེད་རོགས།

ལན།     འཇིག་རྟེན་གྱི་ཉི་མ་མཐའ་མའི་ཉིན་མོ་ལུས་དང་སེམས་ཉིད་གཉིས་ཡང་བསྐྱར་གཅིག་ཏུ་འདུ་

བ་དང་།     གཤིན་པོ་ཚོ་ཡང་བསྐྱར་གསོན་པོ་ལང་གི་རེད།

132   དྲི་བ།     མི་ཤི་ནས་ལུས་པོ་རུལ་ཚར་བའི་རྗེས་ལ་ཡང་བསྐྱར་གསོན་པོ་ག་འདྲ་ཆགས་སྲིད་ཀྱི་རེད།

ལན།      དང་པོ་ཐོག་མ་དཀོན་མཆོག་གིས་ཐལ་བ་ནས་མི་དང་པོ་དེ་བཟོས་གནང་པ་རེད།    བྱས་ཙང་ཉི་

མ་མཐའ་མའི་ཉིན་མོ་ཁོང་གིས་གཤིན་པོ་ཚོ་གསོན་པོ་སློང་གནང་རྒྱུ་དེ་ལས་སླ་པོ་རེད།

133   དྲི་བ།    གཤིན་པོ་ཚོ་གསོན་པོ་ལང་ཐུབ་ཀྱི་ཡོད་པའི་རྟགས་མཚན་དང་ཁུངས་སྐྱེལ་ཡོད་རེད་པས།

ལན།    ལགས།    ཡོད་རེད།     ཡེ་ཤུ་སྐུ་གཤེགས་པའི་རྗེས་ལ་ཉི་མ་གསུམ་པའི་ཐོག་སྐུ་གསོན་པོ་བཞེངས་

པ་དེ་རྟགས་མཚན་གལ་ཆེ་ཤོས་དེ་རེད།    གསུང་རབ་ནང་རྟགས་མཚན་གཞན་ཡང་མང་པོ་

གསུངས་ཡོད་རེད།

134  དྲི་བ།    གཤིན་པོ་ནས་ཡང་བསྐྱར་གསོན་པོ་ལངས་པའི་ལུས་དེ་ག་འདྲ་ཞིག་ཡོད་རེད།

ལན།     ང་ཚོའི་ལུས་དེ་ཤ་དང་ཁྲག་གིས་གྲུབ་ཡོད་ཙང་དེ་འཇིག་པའི་རང་བཞིན་རེད།    ཡིན་ན་

ཡང་ཉི་མ་མཐའ་མའི་ཉིན་མོ་གསོན་པོར་བསླང་གི་ཡིན་པའི་ལུས་དེ་སེམས་ཉིད་ཀྱི་གཟུགས་

རེད།    དེ་རྟག་པ་ཡིན་ཙང་འཇིག་པའི་རང་བཞིན་མ་རེད།

135    དྲི་བ།    གཤིན་པོ་ཚོ་གསོན་པོ་བསླངས་པའི་རྗེས་ལ་ག་རེ་འབྱུང་གི་རེད།

ལན།     འཇིག་རྟེན་གྱི་ཉི་མ་མཐའ་མའི་ཉིན་མོ་གཙོ་བོ་ཡེ་ཤུ་ཡང་བསྐྱར་ཚུར་ཕེབས་དུས།     ཁོང་

ཁྲིམས་དཔོན་གནང་ནས་ཕེབས་ཀྱི་རེད།     ཁོང་གིས་དུས་ཚོད་དེ་སྐབས་གསོན་པོ་ཡིན་པའི་མི་

ཚོ་དང་གཤིན་པོ་ཚོ་ལ་ཡང་ཞལ་ཆེ་གཅད་གནང་གི་རེད།     མི་ཚང་མ་ལ་ཞལ་ཆེ་གཅད་པའི་

ཆེད་དུ་ཁོང་ཚོ་ཁོང་གི་སྐུ་མདུན་ལ་འདུ་འཛོམས་བྱེད་དགོས་ཀྱི་རེད།

136   དྲི་བ།     ཡེ་ཤུ་ལ་དད་པ་དང་ཡིད་ཆེས་ཡོད་པའི་མི་ཚོ་ཁོང་གི་སྐུ་མདུན་ལ་འཛོམས་རྒྱུའི་དུས་ཚོད་སླེབ་

དུས་ཁོང་ཚོ་འཇིགས་སྣང་སྐྱེ་དགོས་ཀྱི་ཡོད་རེད་པས།

ལན།      དགོས་ཀྱི་མ་རེད།      ཁོང་ཚོ་འཇིགས་སྣང་སྐྱེ་དགོས་ཀྱི་མ་རེད།    ཕ་མའི་བཀའ་ལ་ཉན་པོ་ཡོད་

པའི་ཕྲུ་གུ་ཡག་པོ་ཞིག་གིས་འཇིགས་སྣང་མེད་པ་དང་།     དགའ་ཚོར་ཆེན་པོའི་ཐོག་ནས་རང་

གི་ཕ་མའི་མདུན་ལ་ཡོང་གི་ཡོད་རེད།  (བྱས་ཙང་ཡེ་ཤུ་ལ་དད་པ་ཡོད་པའི་མི་ཚོས་ཀྱང་

འཇིགས་སྣང་མེད་པར་དགའ་ཚོར་གྱིས་ངང་ནས་ཁོང་གི་སྐུ་མདུན་ལ་ཡོང་གི་རེད།)

137   དྲི་བ།     མི་སྡིག་ཅན་ཚོ་ལ་གཙོ་བོ་ཡེ་ཤུ་ཡིས་ཞལ་ཆེ་གཅོད་གནང་བའི་ཆེད་དུ་ཁོ་ཚོ་ཁོང་གི་སྐུ་མདུན་ལ་

འཛོམ་དུས་ག་རེ་འབྱུང་གི་རེད།

ལན།       ཁོང་ཚོ་ཁྲིམས་ཁང་ནང་ལ་འགྲོ་གི་ཡོད་པའི་ནག་ཅན་ཚོ་འདྲ་པོ་ཞེད་སྣང་སྐྱེ་གི་རེད།