༄༄། །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན། – Questions and answers about the Christian Faith (Extras)

༄༄།  །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན།

Questions and answers about the Christian Faith

Originally published by “researchonwords”

སྨོན་ལམ་དང་བསྟོད་པ།

ཞོགས་པ་སྔ་པོའི་སྨོན་ལམ།

ངས་ཀུན་དབང་དཀོན་མཆོག་ཡབ་རིན་པོ་ཆེ་ཁྱེད་ལ་བསྟོད་པ་འབུལ་གྱི་ཡོད།    ངས་པུས་མོ་བཙུགས་ནས་ལག་པ་ཐལ་མོ་སྦྱར་ནས་ཁྱེད་ཀྱི་མཚན་རླབས་ཆེན་དེ་ལ་བསྟོད་བསྔགས་འབུལ་གྱི་ཡོད།     མདང་དགོང་ང་གཉིད་སྐྱིད་པོ་ཁུག་པ་དང་།     ངལ་དུབ་ཆ་ཚང་སེལ་ནས་བདེ་པོའི་སྒོ་ནས་ལང་ཐུབ་པ་དེ་ལ་ངས་ཁྱེད་ལ་གཏང་རག་འབུལ་གྱི་ཡོད།     གཙོ་བོ།     ང་ལ་ཉིན་གང་གཟིགས་སྐྱོང་གནང་རོགས།     ངས་དེ་རིང་ལུས་ངག་ཡིད་གསུམ་གྱིས་སྒོ་ནས་བྱ་བ་ག་འདྲ་ཞིག་བྱས་པ་ཡིན་ནས།     དེ་ཚོ་ཁྱེད་ཀྱི་ཐུགས་དགོངས་དང་མཐུན་པར་ཤོག

།སེམས་ཉིད་ངན་པ་(སེ་ཀྲེན་) ནས་འབྱུང་གི་ཡོད་པའི་བར་ཆད་ཚང་མ་ཟློག་ཐུབ་པའི་ང་ལ་ཕྱག་རོགས་གནང་རོགས།     དེ་ག་ནང་བཞིན་ང་སླུ་བྲིད་འོག་མ་འཚུད་པ་དང་།     ངས་ནམ་ཞག་རྒྱུན་དུ་དགེ་བའི་སྤྱོད་པ་སྤྱད་ཐུབ་པའི་ང་ལ་ཕྱག་རོགས་གནང་རོགས།     ང་ལ་ཁྱེད་ནས་ཕན་ཐོགས་འབྱུང་པ་མ་ཚད་མི་གཞན་དག་ཚོ་ལ་ཡང་ངའི་བྱ་བའི་འབྲས་བུ་ལ་བརྟེན་ནས་ཕན་ཐོགས་འབྱུང་བའི་ང་ལ་བྱིན་རླབས་གནང་བར་ཤོག     ངའི་ནང་མི་ཚོ་དང་།     ཁྱིམ་མཚེས་ཚོ་དང་།     མི་གཞན་དག་ཚང་མ་ལ་བྱིན་རླབས་འཇུག་པ་གནང་རོགས།     ངས་སྐྱབས་མགོན་ཡེ་ཤུ་མ་ཤི་ཀའི་མཚན་ཐོག་ནས་སྨོན་ལམ་ཞུ་གི་ཡོད་པའི་ངའི་སྨོན་ལམ་འདི་གསན་གནང་རོགས།     ངའི་སྨོན་ལམ་འདི་སྒྲུབ་པར་ཤོག     ཨ་མེན།    དེ་ག་རང་ཡོང་བར་ཤོག    །།

ཁ་ཟས་ཆེད་དུ་འབུལ་བའི་གཏང་རག་སྨོན་ལམ།

ཀྱེ།     སྙིང་རྗེ་ཆེན་པོ་གཙོ་བོ་དཀོན་མཆོག     ང་སྐྱེས་པ་ནས་བཟུང་ད་ལྟ་བར་དུ་ཁྱེད་ཀྱིས་ང་ལ་ཟས་གོས་གནང་བ་དེ་ལ་ངས་ཁྱེད་ལ་གཏང་རག་འབུལ་གྱི་ཡོད།     ཁྱེད་ཀྱིས་ང་ལ་དེ་རིང་གནང་པའི་ཁ་ཟས་དེ་ལ་བྱིན་གྱིས་བརླབ་གནང་རོགས།     ཁྱེད་ཀྱིས་ང་ལ་བཀའ་དྲིན་དང་བྱམས་སྙིང་རྗེ་གནང་པ་དེ་ལ་ངས་ཐུགས་རྗེ་ཆེ་ཞུ་གི་ཡོད།      ངས་ལོངས་སྤྱོད་གྲབས་ཡོད་པའི་ཁྱེད་ཀྱིས་ང་ལ་གནང་པའི་བཟའ་བ་དང་བཏུང་བ་དེ་ལ་ངས་གཏང་རག་འབུལ་གྱི་ཡོད།     ངས་ང་ཚོའི་སྐྱབས་མགོན་ཡེ་ཤུ་མ་ཤི་ཀའི་མཚན་རིན་པོ་ཆེ་དེ་ལ་བསྟོད་པ་འབུལ་གྱི་ཡོད།     ཨ་མེན།     དེ་ག་རང་ཡོང་བར་ཤོག    །།

དགོང་དྲོའི་སྨོན་ལམ།

ཀྱེ།    འགྲན་ཟླ་མེད་པའི་གཙོ་བོ་དཀོན་མཆོག     །ང་ཚོ་སྡིག་ཅན་ཚོའི་སྨོན་ལམ་དེ་ཚོ་ཡང་བསྐྱར་གསན་གནང་རོགས།     ང་ཚོ་[འགྲོ་བ་མིའི་རིགས་ཚང་མ་] སྡུག་བསྔལ་དྲག་པོ་ནང་ལྷུངས་ནས་སོ་སོ་རང་ཉིད་སྒྲལ་མི་ཐུབ་པ་ཆགས་པའི་དུས་ཚོད་དེ་ག་རང་ལ་ཁྱེད་ཀྱིས་འཛམ་བུ་གླིང་ཡོངས་རྫོགས་ཀྱི་སྐྱབས་མགོན་གྱི་ཚུལ་དུ་ཁོང་གི་སྲས་གཅིག་པུ་ (ཡེ་ཤུ་མ་ཤི་ཀ་) ཁོང་དམ་པའི་ཞིང་ནས་བཏང་གནང་པ་རེད།     མི་ཚང་མ་རང་གི་སྡིག་པའི་ཉེས་པ་ནས་བསྒྲལ་བ་དང་།     ཁོང་ཚོ་ལ་ཐར་པ་གནང་བའི་ཆེད་དུ་ཡེ་ཤུ་མ་ཤི་ཀ་ཁོང་རྒྱང་ཤིང་ཐོག་སྐུ་གཤེགས་དུས། ཁོང་གིས་སོ་སོ་རང་ཉིད་ཀྱི་སྐུ་ལུས་དམར་མཆོད་ཀྱི་ཚུལ་དུ་ཕུལ་པ་རེད།    དཀོན་མཆོག་གི་མཚན་རིན་པོ་ཆེ་ལ་བསྟོད་པ་འཐོབ་པར་ཤོག     །གཙོ་བོ།     ཁྱེད་ཀྱིས་དེ་རིང་ཉམ་ཐག་ང་ཚོ་ལ་དགོས་མཁོ་གང་ཡོད་པ་ཚང་མ་གནང་པ་རེད།     དེ་མ་ཚད་ཁྱེད་ཀྱིས་ང་ཚོ་གདུག་པ་ཅན་(སེ་ཀྲེན་) ནས་སྲུང་སྐྱོབ་གནང་པ་དང་།     ང་ཚོ་ལ་ཉམས་སད་པའི་སྐབས་སུ་ཁྱེད་ཀྱིས་ང་ཚོ་ལ་ཕྱག་རོགས་གནང་པ་རེད།     ང་ཚོ་སྡུག་བསྔལ་མྱོང་བའི་སྐབས་སུ་ཁྱེད་ཀྱིས་ང་ཚོ་ལ་རྒྱལ་ཁ་ཆ་ཚང་གནང་པ་རེད།     ང་ཚོས་ཁྱེད་ཀྱི་མཚན་རིན་པོ་ཆེ་ལ་བསྟོད་པ་འབུལ་གྱི་ཡོད།     ཁྱེད་ཐུགས་རྗེ་ཆེན་པོ་རེད།     དེ་ག་ནང་བཞིན་ཁྱེད་ཀྱིས་ང་ཚོ་ལ་དོ་དགོང་བྱིན་གྱིས་བརླབ་གནང་བ་དང་།     ང་ཚོ་ལ་ཐུགས་རྗེས་གཟིགས་གནང་རོགས་ཞུ་གི་ཡོད།     ང་ཚོ་སེ་ཀྲེན་གྱི་སླུ་བྲིད་དང་།     རྨི་ལམ་ཚུན་ཆད་ལ་ཡང་ང་ཚོ་གནོད་འཚེ་གི་རིགས་ཚང་མ་ནས་སྲུང་སྐྱོབ་གནང་རོགས།     དེ་མ་ཚད་ངའི་ནང་མི་ཚོ་དང་གྲོང་པ་ཁྱིམ་མཚེས་ཚོ་སེམས་ཉིད་ངན་པའི་དཔོན་པོ་[སེ་ཀྲེན་] དང་།     སྡིག་པའི་སླུ་བྲིད་ཚང་མ་དང་།     ཉོན་མོངས་པའི་བར་ཆད་ནས་སྲུང་སྐྱོབ་གནང་རོགས།     གལ་སྲིད་དེ་ཁྱེད་ཀྱི་ཐུགས་དགོངས་དང་མཐུན་ཡོད་ན།     ང་ཚོ་སང་ཞོགས་ངལ་དུབ་སེལ་ནས་གཉིད་སད་པ་དང་།    ང་རང་ཚོའི་སེམས་གཏིང་ནས་ཁྱེད་ལ་དགའ་པོའི་ཐོག་ནས་བསྟོད་པ་འབུལ་ཐུབ་པའི་ཕྱག་རོགས་གནང་རོགས།     དེ་མ་ཚད་ང་ཚོས་རང་གི་ནུས་པ་གང་ཐུབ་ཀྱིས་ང་རང་ཚོའི་ཉིན་རེའི་ལས་འཁུར་སྒྲུབ་ཐུབ་པའི་བྱིན་རླབས་གནང་རོགས།     ང་ཚོས་སྨོན་ལམ་འདི་ང་རང་ཚོའི་སྐྱབས་མགོན་ཡེ་ཤུའི་མཚན་ཐོག་ནས་ཞུ་གི་ཡོད།     ང་ཚོའི་འབོད་སྐུལ་དེ་ཚོ་ཁྱེད་ཀྱི་ཐུགས་དགོངས་བཞིན་སྒྲུབ་པར་ཤོག     ཨ་མེན།    དེ་ག་རང་ཡོང་བར་ཤོག།     །།

འགྲེལ་བཤད་མདོར་བསྡུས།

གོང་དུ་བཀོད་པའི་སྨོན་ལམ་གསུམ་པོ་དེ་ཚོ་ཡེ་ཤུ་པ་ཚོས་སྨོན་ལམ་ག་འདྲ་ཞུ་གི་ཡོད་པའི་དཔེ་མཚོན་ཞིག་རེད།     ཡིན་ན་ཡང་གཙོ་བོ་ཡེ་ཤུ་ལ་དད་པ་དང་ཡིད་ཆེས་བརྟན་པོ་བྱེད་མཁན་ཚོས་སོ་སོ་རང་ཉིད་ཀྱི་དགོས་མཁོ་གཅིག་པུ་མ་ཡིན་པར་གཞན་དག་ཚོའི་དགོས་མཁོ་ཆེད་དུ་ཉིན་ལྟར་སྨོན་ལམ་ཞུ་རྒྱུའི་ལུགས་སྲོལ་ཡོད་རེད།

ཡེ་ཤུ་པ་ཚོས་ག་རེ་ལ་ཡིད་ཆེས་བྱེད་ཀྱི་ཡོད་རེད།

(ཡེ་ཤུའི་སྐུ་ཚབ་ཚོའི་གྲུབ་མཐའ།)

(1)    ང་ནམ་མཁའ་དང་ས་གཞི་འདིའི་བཀོད་པ་པོ་ཀུན་དབང་ཡབ་དཀོན་མཆོག་ལ་ཡིད་ཆེས་བྱེད་ཀྱི་ཡོད།

(2)    དམ་པའི་ཐུགས་ཉིད་ཀྱིས་སྒོ་ནས་མངལ་དུ་ཆགས་པ་དང་།     ཁྱོ་ག་མ་ཕོག་པའི་བུད་མེད་ན་ཆུང་མེ་རི་ལ་སྐུ་འཁྲུངས་པའི་[དཀོན་མཆོག་གི་] སྲས་གཅིག་པུ་གཙོ་བོ་ཡེ་ཤུ་མ་ཤི་ཀ་ལ་ང་ཡིད་ཆེས་བྱེད་ཀྱི་ཡོད།

(3)    [ཡེ་ཤུ་]ཁོང་[རོམ་པའི་སྤྱི་ཁྱབ་] པོན་ཊི་ཡྶ་པྱི་ལེཏྲ་གི་འོག་ལ་སྡུག་པོ་མྱངས་གནང་པ་རེད།    ཁོང་རྒྱང་ཤིང་ཐོག་བརྐྱངས་ནས་ཁོང་གི་སྐུ་ཕུང་སྦས་པ་རེད།

(4)    ཁོང་གཤིན་ཁམས་ནང་ཕེབས་པ་རེད།

(5)    ཉི་མ་གསུམ་པའི་ཐོག་ཁོང་འཆི་བ་ནས་སྐུ་གསོན་པོ་བཞེངས་པ་རེད།

(6)    ཁོང་དམ་པའི་ཞིང་ལ་འཕགས་ནས་ཀུན་དབང་ཡབ་དཀོན་མཆོག་གི་གཞོགས་གཡས་སུ་བཞུགས་ཡོད་རེད།

(7)    ཁོང་གིས་དེ་ནས་མི་གསོན་པོ་དང་གཤིན་པོ་ཚོ་གཉིས་ཀར་ལ་ཞལ་ཆེ་གཅོད་ག་ཕེབས་ཀྱི་རེད།

(8)    ང་དམ་པའི་ཐུགས་ཉིད་དང་།

ཀེ་ཐོ་ལིཀ་[ཡོངས་ཁྱབ་ཀྱི་] དམ་པའི་ཆོས་ཚོགས་དང་།

སྐྱེས་བུ་དམ་པ་ཚོའི་འདུས་ཚོགས་དང་།

སྡིག་པ་ལ་སྡིག་སེལ་འཐོབ་ཀྱི་ཡོད་པ་དང་།

[མ་འོངས་པར་] ཡང་བསྐྱར་ལུས་གསོན་གྱི་ཡིན་པ་དང་།

མཐའ་མེད་པའི་[མི་འཇིག་པའི་] སྲོག་ལ་ཡིད་ཆེས་བྱེད་ཀྱི་ཡོད།

ཨ་མེན།     དེ་ག་རང་ཡོང་བར་ཤོག།     །།

གཙོ་བོའི་སྨོན་ལམ།

གཙོ་བོའི་སྨོན་ལམ་མདོར་བསྡུས།

ཡེ་ཤུའི་ཉེ་གནས་གཅིག་གིས་ཡེ་ཤུ་ལ་ཞུས་པ།:   “གཙོ་བོ།     སྐུ་མཁྱེན།     ང་ཚོ་ལ་སྨོན་ལམ་ཞུ་སྟངས་སློབ་གནང་རོགས།”    ཡེ་ཤུ་ཡིས་ལན་བསྐྱོན་ནས་གསུངས་པ།:

ཀྱེ།     མཐའ་ཡས་པའི་དམ་པའི་ཞིང་ནང་ཡོད་པའི་ང་ཚོའི་ཡབ།

(1) ཕྱོགས་མཐའ་གང་སར་སྙན་གྲགས་ཡོད་པའི་ཁྱེད་ཀྱི་མཚན་ལ་ཆེ་མཐོང་དང་བསྟོད་པ་འཐོབ་པར་ཤོག

(2) ཁྱེད་ཀྱི་རྒྱལ་ཁམས་དེ་ང་ཚོ་ལ་གསལ་སྟོན་གནང་བར་ཤོག

(3) དམ་པའི་ཞིང་ནང་ཁྱེད་ཀྱི་ཐུགས་འདོད་སྒྲུབ་ཀྱི་ཡོད་པ་ནང་བཞིན་ས་གཞི་ཐོག་ལ་ཡང་སྒྲུབ་པར་ཤོག

(4) ང་ཚོ་ལ་དུས་རྒྱུན་འཆར་ཅན་ནང་བཞིན་ང་ཚོའི་ཉིན་རེའི་ཁ་ཟས་གནང་རོགས།

(5) ང་ཚོས་ང་རང་ཚོ་ལ་གནོད་པ་བྱེད་མཁན་ཚོ་ལ་ (དགྲ་ལན་མ་བསློགས་པར་) དགོངས་ཡངས་བཏང་པ་ནང་

      བཞིན།     ང་ཚོའི་ཉེས་སྤྱོད་ (སྡིག་པ་) ལ་སྡིག་སེལ་གནང་ནས་དེ་ཚོ་དག་པ་བཟོ་གནང་རོགས།

(6) ང་ཚོ་སླུ་བྲིད་ནས་བསྐྱབ་པ་དང་།     ངན་པ་ནས་བསྒྲལ་གནང་རོགས།

(7) རྒྱལ་ཁམས་དང་།     ནུས་པ་དང་།     གཟི་བརྗིད་ག་དུས་ཡིན་ནས་ཁྱེད་ལ་བདག་གི་ཡོད་རེད།

      ཨ་མེན།     དེ་ག་རང་ཡོང་བར་ཤོག།     །།

 

དཀོན་མཆོག་གི་བཀའ་ཁྲིམས་ཆེན་པོ།

ཡེ་ཤུ་ཡིས་གསུངས་པ།:

རང་གི་དཀོན་མཆོག་གཙོ་བོ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གཅེས་པོ་བྱིས།

ཁྱེད་རང་ཚོ་སོ་སོ་རང་ཉིད་ལ་གཅེས་པོ་ཡོད་པ་ནང་བཞིན་རང་གི་ཁྱིམ་མཚེས་ལ་ཡང་གཅེས་པོ་བྱིས།

                                                                                   [མེ་ཐིའུ་22:37]

‘བདེན་པའི་ཆོས་’ཞེས་པའི་ཆོས་ཀྱི་དྲི་བ་དྲིས་ལན་དེ་ཚོ་ད་ལྟ་མཇུག་སྒྲིལ་བ་རེད།

ནང་པའི་གསུང་རབ་ནས།:

སྡིག་པ་ཅི་ཡང་མི་བྱ་སྟེ།

དགེ་བ་ཕུན་སུམ་ཚོགས་པར་བྱ།

རང་གི་སེམས་ནི་ཡོངས་སུ་འདུལ།

འདི་ནི་སངས་རྒྱས་བསྟན་པ་ཡིན།

བོད་རིགས་ཡེ་ཤུ་པ་ཞིག་གིས་བྲིས་པ།:

གལ་སྲིད་ཁྱེད་རང་སྡིག་ཅན་ཡིན་པ་དེ་ཤེས་ཀྱི་ཡོད་པ་དང་།

གལ་སྲིད་ཁྱེད་རང་ཚོས་སྐྱབས་མགོན་ཡེ་ཤུ་མ་ཤི་ཀ་ལ་དད་པ་དང་ཡིད་ཆེས་བྱས་པ་ཡིན་ན།

ཁྱེད་རང་སྡིག་པ་ནས་བསྒྲལ་གྱི་རེད།

འདི་ཡེ་ཤུའི་སློབ་སྟོན་རེད།

****

ཁ་སྐོང་དྲན་ཐོ།

དཀོན་མཆོག་གིས་ང་ཚོ་ལ་བྱམས་བརྩེ་གནང་གི་ཡོད་རེད་པས།

ལྗཱོན་3:16  དཀོན་མཆོག་གིས་འཛམ་བུ་གླིང་འདི་ལ་བྱམས་བརྩེ་ཞེ་དྲག་གནང་ཙང༌།      ཁོང་ལ་ཡིད་ཆེས་བྱེད་མཁན་ཚང་མ་ལ་མཐའ་མེད་[མི་འཇིག་] པའི་སྲོག་འཐོབ་པའི་ཆེད་དུ།     ཁོང་གིས་རང་གི་སྲས་གཅིག་པུ་ཁོང་གནང་པ་རེད། (NLT)

1ལྗཱོན་4:9,10   དཀོན་མཆོག་གིས་ཁོང་གི་སྲས་གཅིག་པུ་ཁོང་འཛམ་བུ་གླིང་འདི་ནང་བཏང་གནང་པའི་སྒོ་ནས་ཁོང་གིས་ང་ཚོ་ལ་བྱམས་བརྩེ་ག་འདྲ་གནང་གི་ཡོད་ཡོད་པ་དེ་བསྟན་གནང་པ་རེད།     ང་ཚོ་ལ་[ཡེ་ཤུ་མ་ཤི་ཀ་] ཁོང་གི་བརྒྱུད་ནས་མཐའ་མེད་པའི་སྲོག་འཐོབ་པའི་ཆེད་དུ་དཀོན་མཆོག་གིས་འདི་གནང་པ་རེད།      འདི་བྱམས་བརྩེ་དངོས་གནས་རེད།     བྱམས་པ་ནི་ང་ཚོས་དཀོན་མཆོག་ལ་བྱམས་པ་དེ་མིན།     དཀོན་མཆོག་གིས་ང་ཚོའི་སྡིག་པ་སེལ་གནང་བའི་ཆེད་དུ་ཁོང་གི་སྲས་དམར་མཆོད་ཀྱི་ཚུལ་དུ་བཏང་གནང་བ་དེ་བྱམས་པ་དངོས་གནས་རེད། (NLT)

****