༄༄། །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན། – Questions and answers about the Christian Faith (05)

༄༄།  །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན།

Questions and answers about the Christian Faith

Originally published by “researchonwords”

དམ་པའི་ཐུགས་ཉིད་ཀྱི་སྐོར་ལ་དྲི་བ་དྲིས་ལན།

ལེའུ་ལྔ་པ།

 

77   དྲི་བ།    (འགྲན་ཟླ་མེད་པའི་ཁྱད་དུ་འཕགས་པའི་) དམ་པའི་ཐུགས་ཉིད་ཁོང་སུ་རེད།

ལན།     ཡབ་དཀོན་མཆོག་དང་།     སྲས་དཀོན་མཆོག་དང་།     དམ་པའི་ཐུགས་ཉིད་ཁོང་(གསུམ་ཡོད་

 

ན་ཡང་) ཡ་མཚན་གྱིས་སྒོ་ནས་ཁོང་ཚོ་ངོ་བོ་གཅིག་ལ་བཞག་གི་ཡོད་རེད།

 

78   དྲི་བ།    དམ་པའི་ཐུགས་ཉིད་ཀྱིས་ང་ཚོ་ལ་རོགས་པ་ག་འདྲ་གནང་གི་ཡོད་རེད།

ལན།     དམ་པའི་ཐུགས་ཉིད་ཀྱིས་འཇིག་རྟེན་འདིའི་མི་ཚོ་སྡིག་པའི་མུན་པ་ནས་འོད་ནང་འཁྲིད་གནང་

གི་ཡོད་རེད།     ཁོང་གིས་(མི་ཚོའི་སེམས་ནང་) སྡིག་པ་སྤོང་བ་དང་སེམས་བཅོས་སྒྱུར་གཏོང་

བའི་འདོད་པ་ཡོད་པ་བཟོ་གནང་གི་ཡོད་རེད།    དམ་པའི་ཐུགས་ཉིད་ཀྱིས་ཁོང་ཚོ་ལ་གཙོ་བོ་ཡེ་

ཤུ་ལ་དད་པ་དང་ཡིད་ཆེས་བྱེད་རྒྱུའི་འདོད་པ་ཡོད་པ་བཟོ་རྒྱུའི་རོགས་གནང་གི་ཡོད་རེད།

 

79  དྲི་བ།    མི་ཞིག་གིས་རང་གི་འབད་བརྩོན་ཐོག་ནས་སེམས་བཅོས་སྒྱུར་གཏོང་བ་དང་ཉེས་སྤྱོད་སྡོམ་ཐུབ་ཀྱི་

རེད་པས།

ལན།     ལགས།     ཐུབ་ཀྱི་མ་རེད།     དམ་པའི་ཐུགས་ཉིད་ཀྱི་ཐུགས་རྗེ་དང་རོགས་པ་མེད་པར་མི་ཞིག་

གིས་རང་གི་སེམས་བཅོས་སྒྱུར་གཏོང་བ་དང་།      བསམ་བློ་དང་བྱ་བ་ངན་པ་སྤོང་ཐུབ་ཀྱི་མ་རེད།

མི་ཞིག་ཡང་བསྐྱར་མ་སྐྱེས་བར་དུ་ཁོང་ལ་སེམས་གསར་པ་དེ་འཐོབ་སྲིད་ཀྱི་མ་རེད།

 

80  དྲི་བ།    ‘ཡང་བསྐྱར་སྐྱེ་བ་’ཟེར་བའི་དོན་དག་ག་རེ་རེད།

ལན།     དམ་པའི་ཐུགས་ཉིད་ཀྱི་ནུས་པའི་སྒོ་ནས་སྡིག་ལས་སྤངས་བ་དང་།    སེམས་བཅོས་སྒྱུར་བཏང་

ནས་སེམས་གསར་པ་ཐོབ་པའི་མི་ཞིག་ལ་‘ཡང་བསྐྱར་སྐྱེས་པ་’ཟེར་ནས་འབོད་ཀྱི་ཡོད་རེད།     ཡེ་

ཤུ་ཡིས་གསུངས་པ།    “ཡང་བསྐྱར་སྐྱེས་ན་མ་གཏོགས་མི་སུ་ཞིག་གིས་དཀོན་མཆོག་གི་རྒྱལ་ཁམས་

མཇལ་ཐུབ་ཀྱི་མ་རེད་ཟེར་ནས་ངས་ངེས་གཏན་ཐོག་ནས་ལབ་ཀྱི་ཡོད།” (ལྗཱོན་ 3:3)

 

81   དྲི་བ།    མི་ཞིག་ལ་དམ་པའི་ཐུགས་ཉིད་ག་འདྲ་འཐོབ་ཀྱི་རེད།

ལན།     ང་ཚོས་ཡེ་ཤུའི་མཚན་ཐོག་ནས་སྨོན་ལམ་ཞུ་ནས་ང་ཚོ་ལ་དམ་པའི་ཐུགས་ཉིད་གནང་རོགས་ཟེར་

ནས་དཀོན་མཆོག་ལ་ཞུ་ཆོག་གི་རེད།

 

 

༄༄། །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན། – Questions and answers about the Christian Faith (04)

༄༄།  །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན།

Questions and answers about the Christian Faith

Originally published by “researchonwords”

ཡེ་ཤུ་མ་ཤི་ཀའི་སྐོར་དྲི་བ་དྲིས་ལན།

ལེའུ་བཞི་པ།

 

56  དྲི་བ།    ཡེ་ཤུ་སུ་རེད།

ལན།    ཡེ་ཤུ་དཀོན་མཆོག་གི་སྲས་རེད།

 

57    དྲི་བ།    ‘ཡེ་ཤུ་’ ཟེར་བའི་མཚན་གྱི་དོན་དག་ག་རེ་རེད།

ལན།     ‘ཡེ་ཤུ་’ ཟེར་བའི་མཚན་གྱི་དོན་དག་སྐྱབས་མགོན་ཟེར་གྱི་ཡོད་རེད།

 

58   དྲི་བ།    ཡེ་ཤུ་མི་རེད་པས།     གལ་སྲིད་ཁོང་མི་ཡིན་ན་ཁོང་ག་པར་འཁྲུངས་རེད།

ལན།     ལགས།    རེད།     ཁོང་སྐུ་ལུས་ཡོད་པའི་མི་མངོན་སུམ་རེད། (ཁོང་སྤྲུལ་པ་ཙམ་མ་རེད།)

ཁོང་ལྗུ་ཌའི་མངའ་སྡེ་ནང་གི་ཨིཛ་རེལ་ནང་སྐུ་འཁྲུངས་པ་རེད།

 

59   དྲི་བ།    གལ་སྲིད་ཁོང་མི་ཡིན་ན།     ཁོང་དཀོན་མཆོག་ཀྱང་རེད་པས།

ལན།    ལགས།   རེད།     ཁོང་དཀོན་མཆོག་རེད།    ཡིན་ན་ཡང་ཁོང་ས་གཞི་ཐོག་ཕེབས་དུས།     ཁོང་

གིས་མིའི་ལུས་བཞེས་པ་རེད།

60   དྲི་བ།    ཡེ་ཤུ་ཁོང་མིའི་ལུས་ལ་དཀོན་མཆོག་ཡིན་པ་དེ་ང་ཚོས་ག་འདྲ་ཧ་གོ་གི་ཡོད་རེད།

ལན།     ཁོང་གིས་ག་རེ་གསུངས་པ་དང་།    སློབ་སྟོན་ག་རེ་གནང་པ་དང་།      ཁོང་གི་མཛད་པ་ངོ་

མཚར་ཆེན་པོ་དེ་ཚོ་ལ་བལྟས་ནས་ང་ཚོས་ཁོང་མིའི་ལུས་ལ་དཀོན་མཆོག་ཡིན་པ་དེ་ཧ་གོ་གི་ཡོད་

རེད།

 

61    དྲི་བ།    ཡེ་ཤུ་དཀོན་མཆོག་གི་སྐུ་སྐྱེ་ཡིན་པའི་རྟགས་མཚན་གཞན་དག་ཡོད་རེད་པས།

ལན།    ལགས།     ཡོད་རེད།     རྟགས་མཚན་གཞན་དག་མང་པོ་ཡོད་རེད།     ཁོང་གི་སྐུ་ཕུང་འཇོག་ས་

དུར་ཁུང་ནས་ཁོང་སྐུ་གསོན་པོ་བཞེངས་པ་དེ་རྟགས་མཚན་མངོན་གསལ་དོད་ཤོས་རེད།

 

62   དྲི་བ།    ཡེ་ཤུ་སྐུ་འཁྲུངས་ས་གྲོང་རྡལ་ག་པར་རེད།

ལན།     ཡེ་ཤུ་ཁོང་སྦེཐ་ལེ་ཧེམ་ཟེར་བའི་རྗིའུའི་གྲོང་རྡལ་ནང་སྐུ་འཁྲུངས་པ་རེད།

 

63  དྲི་བ།    ཡེ་ཤུའི་ཡུམ་སུ་རེད།

ལན།    ཁོང་དམ་པའི་ཐུགས་ཉིད་ཀྱིས་ཁྱབས་པའི་མེ་རི་ཞུ་བའི་ཁྱོ་ག་མ་ཕོག་པའི་ན་ཆུང་མ་ཞིག་ཡིན་པ་

རེད།

64   དྲི་བ།    ང་ཚོ་མེ་རི་ལ་དཀོན་མཆོག་ནང་བཞིན་བསྙེན་བཀུར་ཞུ་དགོས་ཀྱི་རེད་པས།

ལན།     མེ་རི་ཡེ་ཤུའི་ཡུམ་ཡིན་ན་ཡང་།      ཁོང་མི་ཞིག་རེད།     བྱས་ཙང་ཁོང་ལ་བསྙེན་བཀུར་

ཞུ་རྒྱུ་དེ་མི་འོས་པ་རེད།

 

65   དྲི་བ།     ཡེ་ཤུ་འཛམ་བུ་གླིང་ནང་ཕེབས་ནས་ལོ་ག་ཚོད་ཕྱིན་རེད།

ལན།     ཁོང་འཇིག་རྟེན་འདི་ནང་ཕེབས་ནས་ལོ་ཉིས་སྟོང་ལྷག་འགྲོ་གི་ཡོད་རེད།

 

66   དྲི་བ།    ཡེ་ཤུ་ཁོང་འཇིག་རྟེན་འདི་ནང་ལོ་ག་ཚོད་བཞུགས་རེད།

ལན།     ཁོང་འདེའི་ལོ་སུམ་ཅུ་སོ་གསུམ་བཞུགས་པ་རེད།

67    དྲི་བ།    ཡེ་ཤུ་ཡིས་ལོ་ག་ཚོད་རིང་ཆོས་བསྟན་གནང་པ་དང་།     ཡ་མཚན་གྱི་ལྟས་དང་ངོ་མཚར་ཆེ་བའི་

མཛད་པ་བསྟན་གནང་པ་རེད།

ལན།     ཁོང་གིས་ལོ་གསུམ་རིང་ཆོས་གསུངས་པ་དང་།     ངོ་མཚར་ཆེ་བའི་ལྟས་བསྟན་གནང་པ་རེད།

 

68   དྲི་བ།    ཡེ་ཤུ་དང་འཇིག་རྟེན་གྱི་མི་ཚོའི་དབར་ཁྱད་པར་ག་རེ་ཡོད་རེད།

ལན།    འཇིག་རྟེན་གྱི་མི་ཚོ་(སྡིག་པས་འགོས་པའི་རྐྱེན་གྱིས་) སྡིག་ཅན་རེད།    ཡིན་ན་ཡང་ཡེ་ཤུ་ཁོང་

ཡོངས་སུ་དག་པ་དང་།       སྡིག་པའི་དྲི་མ་རྩ་བ་ནས་འགོས་ཡོད་མ་རེད།

 

69    དྲི་བ།    ཡེ་ཤུ་ཁོང་རྗིའུ་ཚོ་གཅིག་པུའི་སྐྱབས་མགོན་རེད་པས།

ལན།     ལགས།    མ་རེད།     ཁོང་རྒྱལ་ཁབ་ཡོངས་རྫོགས་ཀྱི་སྐྱབས་མགོན་རེད།

 

70    དྲི་བ།    ཡེ་ཤུ་ཡིས་འཇིག་རྟེན་གྱི་མི་ཚོ་སྡིག་པ་ནས་ག་འདྲ་བསྐྱབ་གནང་ཐུབ་ཀྱི་རེད།

ལན།     ཡེ་ཤུ་ཁོང་འཛམ་བུ་གླིང་འདིའི་མི་སྡིག་ཅན་ཚོ་སྡིག་པའི་ནུས་པ་དང་སྡིག་པའི་འབྲས་བུ་ནས་

ཐར་བའི་ཆེད་དུ་ཁོང་རྒྱང་ཤིང་ཐོག་བརྐྱངས་ནས་བཀྲོངས་པ་རེད།

 

71   དྲི་བ།     ཡེ་ཤུ་རྒྱང་ཤིང་ཐོག་སྐུ་གཤེགས་དགོས་པའི་གནད་དོན་ག་རེ་རེད།

ལན།     སྡིག་ཅན་ཚོ་ལ་འོས་པའི་ཉེས་པ་དེ་འཆི་བ་རེད།     ཡེ་ཤུ་ཁོང་ཡང་དག་པ་ཡིན་པ་དང་།

ཁོང་ལ་སྡིག་པ་རྩ་བ་ནས་ཡོད་མ་རེད།     ཁོང་རྒྱང་ཤིང་ཐོག་སྐུ་གཤེགས་དུས།     ཁོང་གིས་མི་

ཚོའི་སྡིག་པའི་ཉེས་པ་དེ་རང་གི་ཐོག་ལ་བཞེས་པ་རེད།     ཁོང་གིས་འདི་གནང་པའི་སྒོ་ནས་ང་

ཚོ་ང་རང་ཚོའི་སྡིག་པ་ནས་བསྐྱབས་གནང་པ་རེད།

 

72  དྲི་བ།    ཡེ་ཤུ་རྒྱང་ཤིང་ཐོག་སུས་གཟེར་བརྒྱབ་ནས་བཀྲོངས་པ་རེད།

ལན།     རྗིའུའི་དབང་འཛིན་པ་དང་མི་མང་པོས་རོམ་པའི་སྤྱི་ཁྱབ་པཡི་ལེཏྲ་ལ་ཡེ་ཤུ་རྒྱང་ཤིང་ཐོག་

གཟེར་རྒྱབ་རོགས་ལབ་པ་རེད།     ཁོང་གིས་དེ་ལ་མོས་མཐུན་བྱས་ནས་ཡེ་ཤུ་བཀྲོངས་པ་རེད།

དུས་ཚོད་དེ་སྐབས་ནག་ཅན་ཚོ་རྒྱང་ཤིང་ལ་བརྐྱང་ནས་གསོད་རྒྱུའི་ལུགས་སྲོལ་ཡོད་པ་རེད།

 

73   དྲི་བ།    མི་འདི་ཚོས་ཡེ་ཤུ་རྒྱང་ཤིང་ལ་གཟེར་རྒྱབ་རྒྱུའི་འདོད་པ་བྱེད་དགོས་པའི་རྒྱུ་མཚན་ག་རེ་རེད།

ལན།     ཁོ་ཚོས་ཡེ་ཤུའི་སློབ་སྟོན་ངོས་ལེན་མ་བྱས་པ་དང་།     ཡེ་ཤུ་ཡིས་ཁོང་དཀོན་མཆོག་གི་སྲས་ཡིན་

གསུངས་ཙང་ཁོ་ཚོ་ཁོང་ཁྲོ་དྲག་པོ་ལངས་པ་རེད།     རྒྱུ་མཚན་དེའི་རྐྱེན་གྱིས་ཁོ་ཚོས་ཁོང་རྒྱང་

ཤིང་ལ་རྒྱབ་འདོད་བྱས་པ་རེད།

 

74   དྲི་བ།    ཡེ་ཤུ་སྐུ་གཤེགས་པའི་རྗེས་ལ་ག་རེ་བྱུང་པ་རེད།

ལན།     ཡེ་ཤུ་སྐུ་གཤེགས་པའི་རྗེས་ལ་ཁོང་གི་སྐུ་ཕུང་བང་སོ་ཞིག་གི་ནང་བཞག་པ་རེད།     ཡིན་ན་ཡང་

ཉི་མ་གསུམ་པའི་ཐོག་ཁོང་འཆི་བ་ནས་སྐུ་གསོན་པོ་བཞེངས་པ་དང་།     ཉི་མ་བཞི་བཅུ་རིང་

ཁོང་གིས་རང་གི་ཉེ་གནས་མང་པོ་ལ་ཞལ་མཇལ་གནང་པ་རེད།    འདིའི་རྗེས་ལ་ཁོང་དམ་པའི་

ཞིང་ལ་དྲངས་པ་རེད།

 

75    དྲི་བ།    ཡེ་ཤུ་ཁོང་ད་ལྟ་དམ་པའི་ཞིང་ནང་མཛད་འཕྲིན་ག་རེ་སྐྱོང་གནང་གི་ཡོད་རེད།

ལན།     ཁོང་དཀོན་མཆོག་གི་གཞོགས་གཡས་སུ་བཞུགས་ནས་ང་ཚོ་མི་སྡིག་ཅན་ཚོའི་དོན་ལ་སྨོན་ལམ་

ཞུ་གི་ཡོད་རེད།

76    དྲི་བ།    ཡེ་ཤུ་འཇིག་རྟེན་འདེའི་ཕེབས་ཀྱི་རེད་པས།

ལན།     ཕེབས་ཀྱི་རེད།      ཁོང་འཇིག་རྟེན་གྱི་ཉི་མ་མཐའ་མའི་ཉིན་མོ་ཚུར་ཕེབས་ཀྱི་རེད།    དེའི་ཉིན་མོ་

ཁོང་གིས་མི་གསོན་པོ་ཚོ་དང་གཤིན་པོ་ཚོ་ཚང་མ་ལ་ཞལ་ཆེ་གཅད་གནང་གི་རེད།

 

༄༄། །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན། – Questions and answers about the Christian Faith (03)

༄༄།  །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན།

Questions and answers about the Christian Faith

Originally published by “researchonwords”

སྡིག་པའི་འབྱུང་ཁུངས་ཀྱི་དྲི་བ་དྲིས་ལན།

ལེའུ་གསུམ་པ།

 

38  དྲི་བ།    འགྲོ་བ་མིའི་རིགས་རྒྱུད་ཀྱི་པ་ཕ་དང་ཨ་མ་དང་པོ་དེའི་སྡོད་གནས་ཀྱི་མིང་ག་རེ་རེད།

ལན།     ཁོང་ཚོ་སྡིག་པ་དང་སྡུག་བསྔལ་རྩ་བ་ནས་མེད་པའི་ཨི་ཌེ་ཟེར་བའི་ལྡུམ་ར་ཧ་ཅང་གི་ཞི་བ་

 

དང་སྤྲོ་སྣང་ལྡན་པ་ཞིག་གི་ནང་སྡོད་ཀྱི་ཡོད་པ་རེད།

 

39   དྲི་བ།     ཨེ་ཌ་དང་ཨིལྦ་གཉིས་ཀྱི་སེམས་པ་ག་འདྲ་ཡོད་པ་དང་།     ཁོང་ཚོས་བསམ་བློ་ག་རེ་གཏོང་གི་

ཡོད་པ་རེད།

ལན།     ཐོག་མ་ཁོང་གཉིས་སེམས་བཟང་པོ་ཡོད་པ་རེད།     ཡིན་ན་ཡང་རྗེས་ལ་ཁོང་ཚོས་དཀོན་མཆོག་

གི་བཀའ་ལ་བརྩི་མེད་བཏང་པ་དང་།     སྡིག་པའི་རྩ་བ་འགོ་ཚུགས་པ་རེད།    འདི་བྱུང་དུས་

                  ཁོང་ཚོའི་སེམས་པ་བཟང་པོ་དེ་ངན་པ་ཆགས་ནས་བསམ་བློ་ངན་པས་ཁེངས་པ་རེད།

 

40  དྲི་བ།     ཨེ་ཌམ་དང་ཨིལྦ་གཉིས་ཀྱིས་དཀོན་མཆོག་གི་བཀའ་ག་འདྲ་འགལ་པ་རེད།

ལན།     ཁོང་གཉིས་ཀྱིས་དཀོན་མཆོག་གིས་མ་ཟོ་གསུངས་པའི་ཤིང་སྡོང་བྱེ་བྲག་ཅིག་ནས་ཤིང་འབྲས་

བཟས་ནས་ཁོང་གི་བཀའ་འགལ་པ་རེད།

 

41   དྲི་བ།    ཟ་མི་ཆོག་པའི་འབྲས་བུ་དེ་བཟས་པའི་ཉེས་པ་ག་རེ་རེད།

ལན།    རྩ་བའི་འབྲས་བུ་དེ་བཟས་པའི་ཉེས་པ་ཚབས་ཆེན་པོ་མིན་ན་ཡང་།    དཀོན་མཆོག་གི་བཀའ་ལ་

བརྩི་མེད་གཏོང་རྒྱུ་དེ་སྡིག་པ་ཚབས་ཆེན་པོ་ཞེ་དྲག་ཡིན་པ་རེད།

 

42   དྲི་བ།    དཀོན་མཆོག་གིས་ཨེ་དང་ཨིལྦ་གཉིས་ལ་སྡིག་པའི་ཉེས་པ་ག་འདྲ་བཏང་གནང་པ་རེད།

ལན།    དཀོན་མཆོག་གིས་ཁོང་གཉིས་‘ཨི་ཌེན་གྱི་ལྡུམ་ར་’  ཟེར་བའི་ས་ཆ་སྙིང་རྗེ་པོ་དེ་ནས་རྒྱང་འབུད་

བཏང་གནང་པ་རེད།     ཁོང་ཚོའི་སྡིག་པའི་རྐྱེན་གྱིས་རྒ་བ་དང་།     ན་བ་དང་།     འཆི་བའི་སྡུག་

བསྔལ་འགོ་ཚུགས་པ་རེད།

 

43  དྲི་བ།     ཨེ་་དང་ཨིལྦ་གཉིས་ཀྱི་རྗེས་ལ་བྱུང་པའི་མི་རྒྱུད་ཚོ་ག་འདྲ་ཡོད་རེད།

ལན།     ཨེ་་དང་ཨིལྦ་གཉིས་ཀྱིས་དཀོན་མཆོག་གི་བཀའ་ལ་བརྩི་མེད་བཏང་ཙང་།     ཁོང་ཚོའི་སེམས་

བཟང་པོ་དེ་འགྱུར་བ་ཕྱིན་ནས་ངན་པ་ཆགས་པ་རེད།    འདིའི་རྐྱེན་གྱིས་ཨེ་ཌམ་དང་ཨིལྦ་གཉིས་

ཀྱི་མི་རྒྱུད་ཚོ་ལ་ཤུགས་རྐྱེན་ངན་པ་ཐེབས་ནས་ཁོང་ཚོའི་སེམས་ཀྱང་ངན་པ་ཡོད་པ་རེད།

 

44   དྲི་བ།    དེ་འདྲ་ཡིན་ན་འགྲོ་བ་མི་ཡོངས་རྫོགས་སྡིག་ཅན་རེད་པས།

ལན།    ལགས།    རེད།    གང་ཟག་མི་རེ་ངོ་རེ་ཚང་མའི་ལུས་ངག་ཡིད་གསུམ་སྡིག་པས་ཁེངས་ཡོད་རེད།

 

45   དྲི་བ།     སྡིག་པ་རིགས་མི་འདྲ་བ་ག་ཚོད་ཡོད་རེད།

ལན།    སྡིག་པ་མི་འདྲ་བ་གཉིས་ཡོད་རེད།    (1) རང་གི་རྒྱུད་ལ་ཡོད་པའི་སྡིག་པ(འམ་སྡིག་པའི་འབྱུང་

ཁུངས་) དང་།     (2) མི་ཚང་མས་(འདུན་པ་དོན་གཉེར་གྱིས་ཐོག་ནས་) བྱེད་ཀྱི་ཡོད་པའི་སྡིག་པ།

 

46  དྲི་བ།     རང་གི་རྒྱུད་ལ་ཡོད་པའི་སྡིག་པའམ་སྡིག་པའི་འབྱུང་ཁུངས་ཞེས་པའི་དོན་དག་ག་རེ་རེད།

ལན།    ཨེ་དང་ཨིལྦ་གཉིས་ཀྱིས་བྱས་པའི་སྡིག་པའི་རྐྱེན་གྱིས་ང་ཚོ་མི་མི་རེ་ངོ་རེ་ཚང་མ་སྐྱེས་དུས་

ནས་སྡིག་ཅན་རེད།

 

47  དྲི་བ།    མི་ཞིག་གིས་ ‘རང་གི་འདུན་པ་དོན་གཉེར་གྱིས་ཐོག་ནས་བྱེད་ཀྱི་ཡོད་པའི་སྡིག་པ་’ ཟེར་བའི་དོན་

དག་ག་རེ་རེད།

ལན།    དེ་མི་ཞིག་སེམས་ངན་པ་ཡོད་པའི་རྐྱེན་གྱིས་ཁོས་དགའ་པོའི་ཐོག་ནས་བྱེད་འདོད་ཡོད་པའི་

སྡིག་པ་དེ་རེད།

 

48   དྲི་བ།    ང་ཚོ་ལ་སྡིག་པ་བྱེད་རྒྱུའི་གོམས་པ་ཡོད་མེད་ག་འདྲ་ཤེས་ཐུབ་ཀྱི་རེད།

ལན།    ང་ཚོས་རང་གི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ལ་བརྟག་དཔྱད་བྱེད་པ་དང་།       ང་ཚོས་དཀོན་

མཆོག་གི་བཀའ་ཁྲིམས་བཅུ་པོ་དེ་ཚོ་སྲུང་གི་ཡོད་མེད་ལ་བལྟས་པ་ཡིན་ན་ཧ་གོ་གི་རེད།

 

49  དྲི་བ།     དཀོན་མཆོག་གི་བཀའ་ཁྲིམས་བཅུ་པོ་དེ་ཚོ་ག་པར་བྲིས་ཡོད་རེད།

ལན།     དཀོན་མཆོག་གི་བཀའ་ཁྲིམས་བཅུ་པོ་དེ་ཚོ་དམ་པའི་གསུང་རབ་ནང་ལ་བྲིས་ཡོད་རེད།

 

50  དྲི་བ།     དཀོན་མཆོག་གི་བཀའ་ཁྲིམས་བཅུ་པོ་དེ་ཚོའི་ནང་ག་རེ་གསུངས་ཡོད་རེད།

ལན།    མདོར་ཙམ་བཤད་ན།:

དང་པོ་།     ང་ཁྱེད་རང་ཚོའི་དཀོན་མཆོག་ཡིན།     ཁྱེད་རང་ཚོ་འདྲ་གཟུགས་ཉར་རྒྱུ་ཡོད་མ་རེད།

གཉིས་པ།     སྟེང་ནམ་མཁའ་དང་།     འོག་ས་གཞི་དང་།     ཆུ་ནང་ཡོད་པའི་སྲོག་ཆགས་ག་འདྲ་

ཞིག་གི་འདྲ་གཟུགས་མ་བཟོས།     ཐ་ན་འདྲ་གཟུགས་རིགས་ག་འདྲ་ཞིག་ལའང་ཕྱག་

མཆོད་པ་མ་བྱིས།

གསུམ་པ།     ཁྱེད་རང་ཚོ་རང་གི་དཀོན་མཆོག་གི་མཚན་དོན་མེད་དུ་མ་བོས།

བཞི་པ།      གཟའ་ཉི་མ་དེ་དམིགས་བསལ་གྱི་ངལ་གསོའི་ཉིན་མོར་བརྩི་དགོས་ཀྱི་ཡོད་པ་དེ་མ་

བརྗེད་པ་བྱིས།

ལྔ་པ།      རང་གི་ཕ་མ་གཉིས་ལ་གུས་ཞབས་ཞུས།

དྲུག་པ།     མི་མ་སོད།

བདུན་པ།     ལོག་གཡེམ་མ་བྱིས།

བརྒྱད་པ།     རྐུ་མ་མ་རྐུས།

དགུ་པ།      རྫུན་གྱི་དཔང་པོ་མ་བྱིས།

བཅུ་པ།   (མི་གཞན་དག་ལ་བདག་གི་ཡོད་པའི་) རྒྱུ་དངོས་ལ་རྣབ་སེམས་མ་སྐྱེས།

   

51  དྲི་བ།    དཀོན་མཆོག་གི་བཀའ་ཁྲིམས་བཅུ་པོ་དེ་ཚོ་སྲུང་རྒྱུའི་ཆེད་དུ་ངས་ག་རེ་བྱེད་དགོས་ཀྱི་ཡོད་རེད།

ལན།    དཀོན་མཆོག་ལ་སྙིང་ཐག་པ་དང་།     སེམས་རྩེ་གཅིག་དང་།    ཡིད་ཀྱིས་སྒོ་ནས་གཅེས་པོ་བྱེད་

དགོས། (འདེའི་‘ཡིད་’ཟེར་བའི་དོན་དག་རང་ལ་ཚོར་བ་ག་འདྲ་ཞིག་སྐྱེས་པ་དང་།     དེ་ལ་བརྟེན་

ནས་ཐག་གཅོད་ག་རེ་བྱས་པ་དེ་ལ་ཟེར་གྱི་ཡོད་རེད།)

 

52  དྲི་བ།    ང་ཚོ་རང་གི་ཕ་མ་ལ་བསམ་བློ་དང་སྤྱོད་པ་ག་འདྲ་འཁྱེར་དགོས་ཀྱི་ཡོད་རེད།

ལན།     ང་ཚོ་རང་གི་ཕ་མ་ལ་གུས་ཞབས་ཞུ་བ་(དང་ཁོང་ཚོ་ལ་རོགས་པ་བྱེད་དགོས་ཀྱི་ཡོད་རེད།)

 

53   དྲི་བ།     ང་ཚོ་རང་གི་ཁྱིམ་མཚེས་དང་མི་གཞན་དག་ཚོ་ལ་འབྲེལ་ལམ་ག་འདྲ་བཞག་དགོས་ཀྱི་ཡོད་རེད།

ལན།    ང་ཚོ་སོ་སོ་རང་ལ་གཅེས་པོ་ཡོད་པ་ནང་བཞིན་རང་གི་ཁྱིམ་མཚེས་དང་མི་གཞན་དག་ཚོ་ལ་ཡང་

འདི་ནང་བཞིན་བྱམས་བརྩེ་བྱེད་དགོས།

54   དྲི་བ།    དཀོན་མཆོག་གི་བཀའ་ཁྲིམས་བཅུ་པོ་དེ་ཚོ་མ་བསྲུངས་པའི་ཉེས་ཆད་ག་རེ་རེད།

ལན།    མི་ཚེ་འདི་ནང་ང་ཚོ་སྡུག་པོ་འདྲ་མི་འདྲ་མང་པོ་མྱང་བ་དང་།     ཤི་བའི་རྗེས་ལ་ང་ཚོ་དམྱལ་

བ་ནང་ལྷུང་གི་རེད།

 

55   དྲི་བ།    གལ་སྲིད་འདི་འདྲ་ཡིན་ན།     སྡིག་ཅན་ཞིག་སྡིག་པ་ནས་ག་འདྲ་ཐར་ཐུབ་ཀྱི་རེད།

ལན།    ང་ཚོ་སེམས་ཡོངས་སུ་བཅོས་འགྱུར་གཏོང་དགོས་པ་དང་།     གལ་སྲིད་ང་ཚོས་སྐྱབས་མགོན་ཡེ་ཤུ་

མ་ཤི་ཀ་ལ་དད་པ་དང་ཡིད་ཆེས་བྱས་པ་ཡིན་ན།     ཁོང་གིས་ང་ཚོའི་སྡིག་པ་སེལ་གནང་གི་རེད།

                (གལ་སྲིད་ང་ཚོས་སེམས་པ་རྣམ་པར་དག་པའི་སྒོ་ནས་བཤགས་པ་དང་འགྱོད་པ་བྱས་པ་དང་།

ཡེ་ཤུ་མ་ཤི་ཀ་ལ་སྐྱབས་སུ་འགྲོ་བ་ཡིན་ན།     ཁོང་གིས་ང་ཚོ་ལ་སྡིག་སེལ་གནང་པ་དང་།     སྡིག་

པའི་དབང་ནས་ཐར་བ་གནང་གི་རེད།     དེ་མ་ཚད་ཁོང་གིས་ང་ཚོ་དགེ་བའི་ཐོག་ནས་འཚོ་བ་

དང་།     གཞན་དག་ལ་སེམས་པ་བཟང་པོ་བྱེད་རྒྱུའི་འདོད་པ་ཡོད་པ་བཟོ་གནང་གི་རེད།)