Bible Study – Peter #15

Bible Study – Peter #15

1 Peter 5:6-11

པེ་ཏྲོ། ༡ 5:6-11

6 དེའི་ཕྱིར་དཀོན་མཆོག་གི་དབང་ལྡན་པའི་ཕྱག་འོག་ཏུ་རང་ཉིད་ཀྱིས་དམའ་ས་བཟུང་ཞིང༌། དུས་ལ་བབས་པའི་ཚེ་ཁོང་གིས་ཁྱེད་ཚོ་མཐོ་བར་མཛད།

7 ཁོང་གིས་ཁྱེད་རྣམས་ལ་གཟིགས་སྐྱོང་མཛད་པས། ཁྱེད་ཀྱི་སེམས་ཁྲལ་ཐམས་ཅད་ཁོང་ལ་གཏོད།

8 རང་ཚོད་ཟིན་ནས་དོགས་ཟོན་བྱེད་ཅིག བདུད་རྒྱལ་ཏེ་ཁྱེད་ཚོའི་དགྲ་བོ་ནི་ངར་སྐད་འདོན་པའི་སེང་གེ་ལྟར་གང་སར་མྱུལ་ནས་ཟ་རྒྱུའི་མི་ཞིག་འཚོལ།

9 ཁོ་བཀག་སྟེ་ཁྱེད་ཚོའི་དད་པ་ལ་བརྟན་པོར་གནས། གང་ལགས་ཤེ་ན། འཇིག་རྟེན་ཡོངས་སུ་ཁྱེད་ཀྱི་སྤུན་ཟླ་རྣམས་དེ་ལྟར་གྱི་སྡུག་བསྔལ་མྱོང་བར་ཤེས་པའི་ཕྱིར་རོ།

10 ཡང་ཁྱེད་ཚོ་དུས་ཐུང་ངུ་སྡུག་བསྔལ་མྱོང་བའི་རྗེས་སུ། མཱ་ཤི་ཀའི་སྒོ་ནས་རང་གི་རྟག་ཏུ་གནས་པའི་གཟི་བརྗིད་དུ་བོས་མཁན་ཐུགས་རྗེ་ཐམས་ཅད་དང་ལྡན་པའི་དཀོན་མཆོག་ཉིད་ཀྱིས་ཁྱེད་རྣམས་ལ་སླར་གསོ་བ་དང༌། རྒྱབ་སྐྱོར། ནུས་ཤུགས། རྨང་གཞི་སྲ་བརྟན་བཅས་དང་ལྡན་པར་མཛད་ངེས་ཡིན།

11 ཁོང་དུས་གཏན་དུ་མངའ་ཐང་དང་ལྡན་པར་གྱུར་ཅིག ཨ་མེན། མཐའ་མཇུག་གི་འཚམས་འདྲི།

Study Points

. Peter speaks of God’s attribute as caring and watching out for the welfare of His people

. Peter warns of the adversary’s activities to do damage to our faith

. Whatever forms the adversary will attack we must be aware of such real danger and be on the constant readiness to defend our faith

. Our trust and obedience to God is foundational to our faith in Christ and this would be the very core value which the adversary seek to attack

1 Peter 5:6-11

6 Humble yourselves, therefore, under the mighty hand of God so that at the proper time he may exalt you, 7 casting all your anxieties on him, because he cares for you. 8 Be sober-minded; be watchful. Your adversary the devil prowls around like a roaring lion, seeking someone to devour. 9 Resist him, firm in your faith, knowing that the same kinds of suffering are being experienced by your brotherhood throughout the world. 10 And after you have suffered a little while, the God of all grace, who has called you to his eternal glory in Christ, will himself restore, confirm, strengthen, and establish you. 11 To him be the dominion forever and ever. Amen.

Breaking Bread – 2021.06.20

Breaking Bread – 2021.06.20

ཀོ་རིན་ཐུ་པ། ༡ 11:23-26

གང་ལགས་ཟེར་ན།  ང་ལ་གཙོ་བོ་ནས་གང་ཐོབ་ཅིང་ཁྱེད་རྣམས་ལ་གཏད་པ་དེ་འདི་ལྟར་ཡིན།  རྒྱབ་གཏོད་མྱོང་བའི་མཚན་མོར་གཙོ་བོ་ཡེ་ཤུས་བག་ལེབ་ཕྱག་ཏུ་བསྣམས་ཤིང༌།  དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་ཏེ་དུམ་བུར་བགོས་ནས་ “འདི་ནི་ངའི་ལུས་ཡིན་ཏེ་ཁྱེད་རྣམས་ཀྱི་དོན་དུ་སྦྱིན་པ་ཡིན། ང་དྲན་པའི་ཕྱིར་འདི་ལྟར་བྱོས་ཤིག་” ཅེས་གསུངས།  དེ་བཞིན་དུ་ཞལ་ཟས་བཞེས་པའི་རྗེས་སུ་ཁོང་གིས་ཕོར་པ་ཕྱག་ཏུ་བསྣམས་ཏེ་ “ཕོར་པ་འདི་ནི་ངའི་ཁྲག་གིས་བཀོད་པའི་ཞལ་ཆད་གསར་པ་ཡིན།  དེ་ག་དུས་འཐུང་ནའང་ང་དྲན་པའི་ཕྱིར་འདི་ལྟར་བྱོས་ཤིག་” ཅེས་གསུངས།  གང་ཡིན་ཞེ་ན། ཁྱེད་ཚོས་ག་དུས་བག་ལེབ་དེ་ཟ་ཞིང་ཕོར་པ་དེ་ལས་འཐུང་སྐབས་ཁོང་སླར་མ་ཕེབས་པའི་བར་དུ་གཙོ་བོ་གྲོངས་པ་སྒྲོག་གོ །

 

1 Corinthians 11:23-26

For I received from the Lord what I also delivered to you, that the Lord Jesus on the night when he was betrayed took bread, and when he had given thanks, he broke it, and said, “This is my body, which is for you. Do this in remembrance of me.” In the same way also he took the cup, after supper, saying, “This cup is the new covenant in my blood. Do this, as often as you drink it, in remembrance of me.” For as often as you eat this bread and drink the cup, you proclaim the Lord’s death until he comes.

Today’s scripture reading, prayer and reflection

. Jesus will return

. How are we to prepare for the return of Jesus the Christ?

. How should we be witness for Jesus to the end of the Earth?

. Why would Jesus return to Israel and not any other location?

His kingdom come His will be done

མཛད་པ། 1:6-11

ཡང་ལྷན་དུ་འཛོམས་ནས་ཁོ་ཚོས་ཡེ་ཤུ་ལ་ “གཙོ་བོ། ད་ཁྱེད་ཀྱིས་ཡ་ཧུ་དཱ་པའི་རྒྱལ་སྲིད་སླར་གསོ་མཛད་དམ་” ཞེས་དྲིས་པས།   ལན་དུ་ཁོང་གིས་ “ཡབ་ཀྱིས་རང་གི་དབང་ཆ་ལ་བརྟེན་ནས་བཀོད་པའི་དུས་དང་ནམ་དུས་ནི་ཁྱེད་ཀྱིས་ཤེས་པར་མི་རུང༌།   ཡང་དམ་པའི་ཐུགས་ཉིད་ཁྱེད་རྣམས་ལ་འབབ་པའི་ཚེ་ཁྱེད་ཚོར་ནུས་མཐུ་འཐོབ་པས། ཡེ་རུ་ཤ་ལེམ་དང༌། ཡ་ཧུ་དཱ་ཡུལ་ཡོངས། ས་མར་ཡཱ་ཡུལ།  ས་གཞི་མཐའ་མའི་བར་དུ་ངའི་དཔང་པོ་ཡིན་པར་འགྱུར་” ཞེས་གསུངས་པའི་རྗེས་སུ།   ཁོ་ཚོའི་མཐོང་སར་ཁོང་ཡར་འཕགས་ནས་སྤྲིན་པ་ཞིག་གིས་ཁོང་བསུས་ཏེ་མི་མཐོང་བར་གྱུར།  ཁོ་ཚོས་ནམ་མཁའི་ཕྱོགས་སུ་ནན་གྱིས་བལྟས་ཏེ་ཁོང་ཡར་ཕེབས་དུས་གློ་བུར་དུ་གོས་དཀར་པོ་གྱོན་པའི་མི་གཉིས་དེ་ཚོའི་འགྲམ་དུ་ཐོན།   ཁོང་ཚོས་ “ཀྱེ་ག་ལིལ་པ་རྣམས། ཅིའི་ཕྱིར་བསྡད་དེ་ནམ་མཁའི་ཕྱོགས་སུ་ལྟ། ཁྱེད་ཚོའི་མདུན་ནས་དཀོན་མཆོག་གི་ཞིང་ཁམས་སུ་ཡར་འཕགས་པ་གཙོ་བོ་ཡེ་ཤུ་ཉིད། ཇི་ལྟར་ཞིང་ཁམས་སུ་འཕགས་པ་མཐོང་བ་བཞིན། དེ་ལྟར་ཕྱིར་ལོག་ཕེབས་ངེས་ཡིན་” ཞེས་གསུངས།

 

Acts 1:6-11

So when they had come together, they asked him, “Lord, will you at this time restore the kingdom to Israel?” He said to them, “It is not for you to know times or seasons that the Father has fixed by his own authority. But you will receive power when the Holy Spirit has come upon you, and you will be my witnesses in Jerusalem and in all Judea and Samaria, and to the end of the earth.” And when he had said these things, as they were looking on, he was lifted up, and a cloud took him out of their sight. And while they were gazing into heaven as he went, behold, two men stood by them in white robes, and said, “Men of Galilee, why do you stand looking into heaven? This Jesus, who was taken up from you into heaven, will come in the same way as you saw him go into heaven.”

Bible Study – Peter #14

Bible Study – Peter #14

1 Peter 5:1-5

པེ་ཏྲོ། ༡ 5:1-5

1 ང་རང་ཆོས་ཚོགས་ཀྱི་འགན་ཁུར་བ་དང༌། མཱ་ཤི་ཀའི་སྡུག་བསྔལ་གྱི་དཔང་པོ་དང༌། མངོན་པར་འགྱུར་བའི་གཟི་བརྗིད་ཀྱི་སྐལ་བ་འཐོབ་མཁན་ཡིན་པས། ཁྱེད་ཚོའི་ནང་ནས་ཆོས་ཚོགས་ཀྱི་འགན་ཁུར་བ་རྣམས་ལ་འདི་ལྟར་སྐུལ།

2 དཀོན་མཆོག་གིས་ཁྱེད་རྣམས་ལ་གཏོད་གནང་བའི་མི་རྣམས་རྫི་བོས་ལུག་ཁྱུ་ལྟར་སྐྱོངས། མི་འདོད་པར་མིན་གྱིས། དགའ་བའི་ངང་ནས་འགན་དེ་འཁུར། རྒྱུ་ནོར་ལ་ཆགས་པའི་སྒོ་ནས་མིན་པར། དཀོན་མཆོག་ལ་ཞབས་ཏོག་སྒྲུབ་པའི་བརྩོན་སེམས་ཀྱིས་སྐྱོངས་ཤིག

3 ཁྱེད་ལ་གཏད་པའི་ལུག་ཁྱུ་སྟེ་མི་རྣམས་ལ་བཙན་ཤེད་མི་བྱེད་པར་མིག་དཔེ་སྟོན་ཞིག

4 རྫི་བོ་མཆོག་དེ་མངོན་པར་འགྱུར་བའི་ཚེ། ཁྱེད་རྣམས་ལ་གཟི་བརྗིད་དང་ལྡན་པའི་མི་འཇིག་པའི་ཅོད་པན་འཐོབ་པར་འགྱུར་ངེས་ཡིན།

5 དེ་བཞིན་དུ་ཁྱེད་གཞོན་ནུ་རྣམས་ཀྱིས་ཆོས་ཚོགས་ཀྱི་འགན་ཁུར་བའི་བཀའ་ལ་ཉན་དགོས། ཁྱེད་ཚོ་ཐམས་ཅད་ཉམས་ཆུང་གི་ཐོག་ནས་གཅིག་གིས་གཅིག་ལ་རོགས་བྱེད་དགོས། གང་ཡིན་ཞེ་ན།  དཀོན་མཆོག་གིས་ནི་ང་རྒྱལ་ཅན་ལ་རྒོལ།།

Study Points

. Peter gave instruction for leadership role and function

. To follow in the example of Christ suffering in guiding the sheep to walk in truth and obedience to God’s will

. Peter encourage the younger generation to be in agreement with elder leadership who serve in the same example of Christ

1 Peter 5:1-5

1 So I exhort the elders among you, as a fellow elder and a witness of the sufferings of Christ, as well as a partaker in the glory that is going to be revealed: 2 shepherd the flock of God that is among you, exercising oversight, not under compulsion, but willingly, as God would have you; not for shameful gain, but eagerly; 3 not domineering over those in your charge, but being examples to the flock. 4 And when the chief Shepherd appears, you will receive the unfading crown of glory. 5 Likewise, you who are younger, be subject to the elders. Clothe yourselves, all of you, with humility toward one another, for “God opposes the proud but gives grace to the humble.”