མངོན་པ། 3:14-22 – Revelation 3:14-22

མངོན་པ།

THE BOOK OF REVELATION

སྒྱུར་འདི་ཀློག་པ་པོ་གསར་པ་ཚོའི་ཆེད་དུ་ཚིག་དོན་གྱི་འགྲེལ་པ་བརྒྱབ་ཡོད།

This translation is paraphrased for new readers (It includes A2A Part-12: Paradise Regained)

3

ལེའུ་གསུམ་པ།

འཆི་བ་ནས་སྐུ་གསོན་པོ་བཞེངས་པའི་ཡེ་ཤུ་གིས་ལེའོ་ཌི་སི་ཡཱ་ནང་ཡོད་པའི་ཁོང་ལ་དད་པ་བྱེད་མཁན་ཚོ་ལ་གང་གསུངས་པ།

(7) What the Risen Jesus said to the believers in him at Laodicea

14 (ལྗཱོན་ལ་ལེའོ་ཌི་སི་ཡཱ་ནང་ཡོད་པའི་ཆོས་ཚོགས་ཀྱི་ཕོ་ཉ་ཁོང་ལ་ཡི་གེ་ཞིག་འབྲི་དགོས་པའི་བཀའ་བཀོད་གནང་པ་རེད།)  ཨ་མེན་ཞུ་གི་ཡོད་པ་ཁོང་ལ་ཉན་རོགས། ཁོང་[དཀོན་མཆོག་སྐོར་གྱི་བདེན་པ་དེའི་] སྤང་པོ་བློས་འཁེལ་པོ་དང་དྲང་པོ་ཞིག་ཡིན་པ་དང་། དཀོན་མཆོག་གིས་ཚང་མ་ཁོང་གི་བརྒྱུད་ནས་བཟོས་གནང་པ་རེད།

14 (John was instructed to write to the angel of the church in Laodicea). ‘These are the words of him who is called the ‘Amen.’ He is a reliable and honest witness [concerning the truth about God] and God created everything through him.

15 ཁྱེད་རང་ཚོས་ག་རེ་བྱེད་ཀྱི་ཡོད་པ་ཚང་མ་ངས་ཤེས་ཀྱི་ཡོད། [ཁྱེད་རང་ཚོས་ང་ལ་སྙིང་ཐག་པ་ནས་དད་པ་བྱེད་ཀྱི་མེད་པ་མ་ཚད་ཁྱེད་རང་ཚོས་ངས་ག་རེ་ལབ་ཀྱི་ཡོད་པ་དེ་ལ་བརྩི་མེད་བཏང་པ་རེད།] ཁྱེད་རང་ཚོ་ཆུ་ཚ་པོ་ཡང་མེད་པ་དང་གྲང་མོ་ཡང་མེད་པ་(ཆུ་དྲོན་འཇམ་) འདྲ་པོ་རེད་འདུག །གལ་སྲིད་ཁྱེད་རང་ཚོ་ཡང་ན་ཚ་པོ་དང་ཡང་ན་གྲང་མོ་ཡིན་ན་དེ་ཡག་གི་རེད། [སྐད་ཆ་གཞན་ཞིག་ནས་བཤད་པ་ཡིན་ན། ཡང་ན་དད་པ་སྙིང་ཐག་པ་ནས་ཡོད་པ་དང་། ཡང་ན་དད་པ་རྩ་བ་ནས་མེད་ན་དེ་ཡག་གི་རེད།] 

15 I know everything that you are doing. [Not only is your faith in me half-hearted, you fail to respond to what I say]. You are like water that is neither hot nor cold (but lukewarm). It would be better if you were either hot or cold. [In other words, it would be better to have a faith that is whole-hearted, or to have no faith at all].

16 ཁྱེད་རང་ཚོས་(ང་ལ་) སྙིང་ཐག་པ་ནས་དད་པ་བྱེད་ཀྱི་མེད་ཙང་། ང་ཁྱེད་རང་ཚོ་མཉམ་དུ་འབྲེལ་བ་གཅད་དགོས་པ་བྱེད་ཀྱི་རེད།

16 Because your faith (in me) is not whole-hearted, I will have to sever my relationship with you.

17 ཁྱེད་རང་ཚོས་ང་ཕྱུག་པོ་ཡིན། ངས་རྒྱུ་ནོར་མང་པོ་བསགས་ཡོད་པ་དང་། ང་ལ་གང་ཡང་དགོས་ཡག་མི་འདུག་ཟེར་གྱི་ཡོད་རེད། ཡིན་ན་ཡང་ཁྱེད་རང་ཚོ་(དངོས་གནས་) ཐབས་སྐྱོ་པོ་དང༌། ཉམ་ཐག་པོ། ལོང་བ་དང་། གཅེར་བུ་ཡིན་པ་དེ་ཁྱེད་རང་ཚོས་ཧ་གོ་གི་ཡོད་མ་རེད།

17 You say, “I am rich. I have acquired much wealth and do not need anything.” But you do not realize how wretched and miserable; and poor, blind, and naked you (really) are.

18 དེ་འདྲ་སོང་ཙང་ངས་ཁྱེད་རང་ཚོ་ལ་ངའི་སར་ནས་མེ་ནང་དྭངས་སྙིང་ཕྱེས་པའི་གསེར་ཉོ་དགོས་པའི་བསླབ་བྱ་རྒྱབ་ཀྱི་ཡོད། དེ་འདྲ་བྱས་པ་ཡིན་ན་ཁྱེད་རང་ཚོ་[དངོས་གནས་] ཕྱུག་པོ་ཆགས་ཀྱི་རེད། དེ་ག་ནང་བཞིན་ཁྱེད་རང་ཚོ་གཅེར་བུ་ཡིན་པ་དེ་ལ་ངོ་ཚ་མ་ཡོང་བའི་ཆེད་དུ་ངའི་སར་ནས་དུག་ལོག་དཀར་པོ་ཉོ་རོགས། དེ་ག་ནང་བཞིན་ཁྱེད་རང་ཚོ་མིག་མཐོང་ཐུབ་པའི་ཆེད་དུ་མིག་ལ་འབྱུག་རྒྱུའི་བྱུག་སྨན་ཉོ་རོགས།

18 Therefore I advise you to buy gold from me – gold that has been purified by fire. Then you will [be truly] rich. Also buy white clothes from me so that you will not be shamed by your nakedness. And buy ointment for your eyes so you will be able to see.

19 ངས་བྱམས་སྙིང་རྗེ་ཡོད་པའི་མི་ཚང་མ་ལ་སྐྱོན་སེལ་བྱེད་པ་དང་སྒྲིག་ཁྲིམས་སློབ་ཀྱི་ཡོད། བྱས་ཙང་ཁྱེད་རང་ཚོ་ལྷག་བསམ་ཟོལ་མེད་དགོས་པ་དང་། འགྱོད་པ་བྱིས།

19 I correct and discipline all those whom I love. So be whole-hearted and repent.

20 ཉོན་དང༌། ང་སྒོའི་འགྲམ་ལ་ལང་ནས་སྒོ་རྡུང་གི་ཡོད། གལ་སྲིད་ཁྱེད་རང་ངའི་སྐད་གོ་ནས་སྒོ་ཕྱེ་པ་ཡིན་ན། ང་སྦུག་ལ་ཡོང་ནས་ང་ཚོ་གྲོགས་པོ་ནང་བཞིན་ཁ་ལག་མཉམ་དུ་བཟའ་གི་ཡིན། 

20 Listen! I stand at the door and knock. If you hear my voice and open the door, I will come in and then we will eat a meal together as friends.

21 ང་ལ་རྒྱལ་ཁ་ཐོབ་ནས་ང་རང་གི་ཡབ་ཀྱི་བཞུགས་ཁྲི་ཐོག་ལ་ཁོང་མཉམ་དུ་བསྡད་པ་ནང་བཞིན། རྒྱལ་ཁ་ཐོབ་པའི་མི་དེ་ལ་ངས་ང་རང་མཉམ་དུ་ངའི་ཁྲི་ཐོག་ལ་སྡོད་རྒྱུའི་དམིགས་བསལ་གྱི་ཐོབ་ཐང་སྤྲད་ཀྱི་ཡིན།

21 Just as I was victorious and sat on my Heavenly Father’s throne with him, I too will grant the person who is victorious the privilege to sit with me on my throne.

22 ཐོས་མཁན་ཚོ་(དང་གོ་རྟོགས་འཚོལ་མཁན་) ཚོ་ཚང་མས་[དམ་པའི་] ཐུགས་ཉིད་ལ་ཉན་ནས་ཁོང་གིས་ཆོས་ཚོགས་ཚོ་ལ་ག་རེ་གསུང་གི་ཡོད་པའི་དོན་དག་རྟོགས་པ་བྱེད་དགོས། 

22 All those who hear (and seek to understand), should listen to the [Holy] Spirit and grasp the meaning of what He is saying to the Churches.’