༄༄། །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན། – Questions and answers about the Christian Faith (06)

༄༄།  །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན།

Questions and answers about the Christian Faith

Originally published by “researchonwords”

ཡེ་ཤུ་མ་ཤི་ཀའི་དམ་པའི་ཆོས་ཚོགས་སྐོར་ལ་དྲི་བ་དྲིས་ལན།

ལེའུ་དྲུག་པ།

 

82  དྲི་བ།    མ་ཤི་ཀའི་དམ་པའི་ཆོས་ཚོགས་ཟེར་བའི་དོན་དག་ག་རེ་རེད།

ལན།    ཡེ་ཤུ་ཁོང་རང་ཉིད་ཀྱིས་དམ་པའི་ཆོས་ཚོགས་འདི་སྲོལ་གཏོད་གནང་ཙང་།    དེ་ལ་མ་ཤི་ཀའི་ 

དམ་པའི་ཆོས་ཚོགས་ཟེར་ནས་འབོད་ཀྱི་ཡོད་རེད།

 

83   དྲི་བ།     ཡེ་ཤུ་པའི་ཆོས་ཚོགས་ཀྱི་ཚོགས་མི་ཞིག་གི་ཁྱད་ཆོས་གང་སྟོན་དགོས་ཀྱི་ཡོད་རེད།

      

ལན།     ཁོང་ཚོའི་སྤྱོད་པ་ཡེ་ཤུ་ནང་བཞིན་དགོས་ཀྱི་ཡོད་རེད།     མི་དེ་ཚོའི་རིགས་ཀྱིས་སྡིག་པའི་སྤྱོད་པ་

དང་།     བསམ་བློ་དང་བྱ་བ་ངན་པ་སྤངས་ནས་ཡེ་ཤུའི་ཉེ་གནས་ངོ་མ་ཆགས་ཡོད་རེད།     ཁོང་

ཚོ་ཉིན་རེ་བཞིན་འགྱུར་བ་ཕྱིན་ནས་དཀོན་མཆོག་གི་སྲས་[ཡེ་ཤུ་མ་ཤི་ཀ་] འདྲ་པོ་ཆགས་

ཀྱི་ཡོད་རེད། 

 

84   དྲི་བ།    མ་ཤི་ཀའི་དམ་པའི་ཆོས་ཚོགས་ནང་སུ་ཞུགས་ཆོག་གི་ཡོད་རེད།

ལན།    མི་ལོ་གཞོན་པ་ཡིན་ན་ཡང་འདྲ་འདུག     །ཡང་ན་རྒས་པོ་རྒས་མོ་ཡིན་ན་ཡང་འདྲ་འདུག

།ཡང་ན་སྐྱེས་པ་དང་བུད་མེད་སུ་ཡིན་ན་ཡང་འདྲ་འདུག    །ཡང་ན་མི་ཕྱུག་པོའམ་སྐྱོ་པོ་ཡིན་ན་

ཡང་འདྲ་འདུག      །མི་གོ་གནས་མཐོ་པོ་ཡིན་ན་ཡང་འདྲ་འདུག     །ཡང་ན་མི་དཀྱུས་མ་ཞིག་

ཡིན་ན་ཡང་འདྲ་འདུག     །དེ་ལ་ཁྱད་པར་ཡོད་མ་རེད།     སོ་སོ་སྡིག་ཅན་ཡིན་པར་ངོས་འཛིན་པ་

དང་།     གཙོ་བོ་ཡེ་ཤུ་ལ་སྐྱབས་སུ་འགྲོ་མཁན་སུ་ཡོད་ནས་དེ་མ་ཤི་ཀའི་དམ་པའི་ཆོས་ཚོགས་ནང་

ཞུགས་ཆོག་གི་ཡོད་རེད།

 

85   དྲི་བ།    ཡེ་ཤུའི་ཉེ་གནས་ཆགས་པའི་མི་ཚོས་ཁས་ལེན་དམ་བཅའ་ག་རེ་བཞག་གི་ཡོད་རེད།

ལན།     དམ་བཅའ་གལ་ཆེ་ཤོས་གཉིས་ཡོད་རེད།      དང་པོ་དེ་ཁྲུས་གསོལ་ཞུ་རྒྱུ་དེ་རེད།     དམ་བཅའ་

གཉིས་པ་དེ་གཙོ་བོའི་དགོང་ཟས་ཟ་རྒྱུ་དེ་རེད།

 

86   དྲི་བ།    ཁྲུས་གསོལ་ཟེར་བའི་དོན་དག་ག་རེ་རེད།

ལན།     ཆོས་ཚོགས་ནང་ཞུགས་པའི་མི་ཚོས་ཁྲུས་གསོལ་གྱི་ཆོ་ག་ནང་མཉམ་ཞུགས་བྱེད་ཀྱི་ཡོད་རེད།       དེ་

ཡབ་དཀོན་མཆོག་དང་དམ་པའི་ཐུགས་ཉིད་ཀྱི་མཚན་ཐོག་ནས་གནང་གི་ཡོད་རེད།  (དེ་མི་སོ་

སོས་རང་གི་འདོད་པ་དང་མཐུན་པའི་སྒོ་ནས་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མ་ཤི་ཀ་ལ་དད་པ་

དང་ཡིད་ཆེས་བྱེད་རྒྱུའི་ཐག་གཅོད་བྱས་པའི་མི་ཚོའི་ཆེད་དུ་རེད།)

 

87   དྲི་བ།     ཁྲུས་གསོལ་ཞུ་རྒྱུའི་གནད་དོན་ག་རེ་རེད།

ལན།     ཁྲུས་གསོལ་དེ་རྟགས་མཚན་ཞིག་རེད།     དེ་སྡིག་པའི་སྒྲིབ་པ་དག་པ་དང་།     དམ་པའི་ཐུགས་

ཉིད་ཀྱི་དབང་ཐོབ་པ་དེ་མཚོན་གྱི་ཡོད་རེད།     ཕྱིན་ཆད་མི་དེ་ཡེ་ཤུ་མ་ཤི་ཀའི་ཉེ་གནས་ཆགས་

པ་དང་།     ཁོང་གི་སློབ་སྟོན་ཉམས་སུ་བླང་བ་དང་གཞན་དག་ལ་ཡང་ཁོང་གི་སྐོར་ལ་བཤད་ཀྱི་

ཡིན་པའི་དྲིལ་བསྒྲགས་ཤིག་ཀྱང་རེད།

 

88   དྲི་བ།    གཙོ་བོའི་དགོང་ཟས་དེ་ག་རེ་རེད།

ལན།     ཆོས་ཚོགས་ཀྱི་ལུགས་སྲོལ་གཞིར་བཟུང་ཆོས་ཚོགས་ཀྱི་ཚོགས་མི་ཚོ་ཉིན་ལྟར་རེ་བཞིན་མཉམ་

འཛོམས་བྱས་ནས་བག་ལེབ་དུམ་བུ་ཆུང་ཆུང་ཞིག་ཟ་བ་དང་།     ཤིང་ཏོག་གི་ཁུ་བ་དང་།     ཡང་

ན་རྒུན་ཆང་ཏོག་ཙམ་འཐུང་གི་ཡོད་རེད།     དེ་ལ་‘གཙོ་བོའི་དགོང་ཟས་’ཟེར་ནས་འབོད་ཀྱི་ཡོད་

རེད།

 

89   དྲི་བ།     གཙོ་བོའི་དགོང་ཟས་ཟ་བའི་གནད་དོན་ག་རེ་རེད།

ལན།      གཙོ་བོའི་དགོང་ཟས་ཟ་བའི་ལུགས་སྲོལ་ནི་ཡེ་ཤུ་མ་ཤི་ཀ་ཁོང་འདས་ད་ལྟ་མ་འོངས་ཀྱི་མི་ཚང་

མའི་སྡིག་པ་ཁོང་རང་ཉིད་ཀྱི་ཐོག་བཞེས་རྒྱུའི་ཆེད་དུ་རྒྱང་ཤིང་ཐོག་སྐུ་གཤེགས་པ་དེ་དྲན་གསོ་

བྱེད་རྒྱུའི་ཆེད་དུ་རེད།

 

90   དྲི་བ།     བག་ལེབ་ཟ་བའི་གནད་དོན་ག་རེ་རེད།

ལན།     ང་ཚོས་བག་ལེབ་ཟ་དུས་ཡེ་ཤུ་མ་ཤི་ཀ་ཁོང་རྒྱང་ཤིང་ཐོག་སྐུ་གཤེགས་དུས།     ཁོང་གིས་རང་ཉིད་

ཀྱི་སྐུ་ལུས་དམར་མཆོད་ལ་ཕུལ་པ་དེ་ང་ཚོས་དྲན་གསོ་བྱེད་ཀྱི་ཡོད་རེད།

91   དྲི་བ།    རྒུན་ཆང་འཐུང་པའི་གནད་དོན་ག་རེ་རེད།

ལན།    ཡེ་ཤུ་ཡིས་ང་ཚོ་སྡིག་པའི་ནུས་པ་དང་སྒྲིབ་པ་ནས་བསྒྲལ་བའི་ཆེད་དུ་ཁོང་རྒྱང་ཤིང་ཐོག་སྐུ་

གཤེགས་དུས།     ཁོང་གི་སྐུ་ལུས་ནས་སྐུ་ཁྲག་ཟགས་པ་དེ་ང་ཚོས་དྲན་གསོ་བྱེད་རྒྱུའི་ཆེད་དུ་རེད།

(འདི་འདྲ་སོང་ཙང་ཡེ་ཤུ་པ་ཚོས་ཡེ་ཤུའི་སྐུ་ཁྲག་གིས་ཁོང་ཚོའི་སྡིག་པ་སྦྱངས་པ་རེད་ཟེར་གྱི་ཡོད་

རེད།)

              

92    དྲི་བ།    ཡེ་ཤུ་པ་ཚོས་གཙོ་བོའི་དགོང་ཟས་མ་ཟ་གོང་ལ་ག་རེ་བྱེད་དགོས་ཀྱི་ཡོད་རེད།

ལན།     མི་མི་རེ་ངོ་རེས་སོ་སོ་རང་ཉིད་ཀྱི་སེམས་ལ་བརྟག་དཔྱད་བྱེད་དགོས།     བརྟག་དཔྱད་བྱས་པའི་

རྗེས་ལ་མི་དེས་ཁོང་རང་གིས་བག་ལེབ་དེ་ཟ་བ་དང་རྒུན་ཆང་དེ་འཐུང་འོས་པ་ཡོད་མེད་ཐག་

གཅོད་བྱེད་དགོས།   (དེ་འདྲ་བྱེད་འོས་པའི་ཆེད་དུ་ང་ཚོ་ཉེས་སྤྱོད་ལ་འགྱོད་པ་བྱེད་དགོས།)

ཡིན་ན་ཡང་མི་ཞིག་གིས་འགྱོད་པ་མ་བྱེད་པ་དང་།     འོས་པ་མེད་བཞིན་དུ་བག་ལེབ་དེ་བཟས་

པ་དང་རྒུན་ཆང་དེ་འཐུངས་པ་ཡིན་ན།     ཡེ་ཤུའི་སྐུ་ལུས་དེ་ག་རེ་མཚོན་གྱི་ཡོད་པའི་དོན་དག་

གསལ་པོ་རྟོགས་ཡོད་མ་རེད།    དེ་མ་ཚད་མི་དེས་སོ་སོ་རང་ཉིད་ལ་ཞལ་ཆེ་གཅད་དགོས་པ་བཟོ་

གི་ཡོད་རེད།

 

93   དྲི་བ།    ཡེ་ཤུ་པ་ཚོས་བསྙེན་བཀུར་ཞུ་དུས་ཁོང་ཚོས་འཇིག་རྟེན་གྱི་ནོར་རྫས་མཆོད་པར་འབུལ་རྒྱུའི་ལུགས་

སྲོལ་ཡོད་རེད་པས།

ལན།    ཡོད་མ་རེད།    འཇིག་རྟེན་གྱི་ནོར་རྫས་འབུལ་དགོས་དོན་ཡོད་མ་རེད།     གང་ཡིན་ཟེར་ན།

མཆོད་པ་ཆེ་ཤོས་དང་ཡག་ཤོས་དེ་ཡེ་ཤུ་ཡིས་ཁོང་རྒྱང་ཤིང་ཐོག་སྐུ་གཤེགས་དུས།     ཁོང་གིས་

དཀོན་མཆོག་ལ་ཕུལ་པ་རེད།     དུས་ཚོད་དེ་སྐབས་ཡེ་ཤུ་ཡིས་རང་མོས་ཐོག་ནས་སོ་སོ་རང་ཉིད་

དམར་མཆོད་ཆ་ཚང་བ་དང་དམར་མཆོད་མཐའ་མ་དེ་ཕུལ་པ་རེད།     ད་ལྟ་མཆོད་པ་གཞན་དག་

གང་ཡང་འབུལ་དགོས་ཡག་ཡོད་མ་རེད།  (ཡེ་ཤུ་ཁོང་ཐེངས་གཅིག་སྐུ་གཤེགས་པ་དང་།     ཁོང་

ཡང་བསྐྱར་སྐུ་གཤེགས་ཀྱི་མ་རེད།     ཁོང་ཕྱོགས་མཐའ་གང་སར་ཡོད་པའི་མི་ཚང་མ་ལ་ཕན་

ཐོགས་གནང་རྒྱུའི་ཆེད་དུ་སྐུ་གཤེགས་པ་རེད།     ཁོང་ལ་ཕྱག་རོགས་གནང་རོགས་ཞུ་མཁན་མི་

ཚང་མ་ཁོང་གིས་ཐུགས་མཉེས་པོའི་ཐོག་ནས་བསྐྱབ་གནང་གི་རེད།     ཁོང་དངོས་གནས་འཛམ་

བུ་གླིང་གི་སྐྱབས་མགོན་རེད།

              

94   དྲི་བ།     ཡེ་ཤུ་པ་ཚོས་ཉིན་རེ་བཞིན་ག་རེ་བྱེད་དགོས་ཀྱི་ཡོད་རེད།

ལན།     ཡེ་ཤུ་པ་ཚོས་ཉིན་ལྟར་དཀོན་མཆོག་ལ་སྨོན་ལམ་ཞུ་བ་དང་།     ཁོང་ལ་བསྟོད་པ་དང་གཏང་རག་

འབུལ་བ་དང་།     གསུང་རབ་ཀློག་རྒྱུར་དགའ་པོ་བྱེད་ཀྱི་ཡོད་རེད།    ཡེ་ཤུ་པ་ཚོས་ལུས་ངག་ཡིད་

གསུམ་གྱི་ཉེས་སྤྱོད་སྤོང་དགོས་པ་མ་ཚད།    གཞན་དག་ཚོ་ལ་(རོགས་བྱེད་པ་དང་།)  ཡེ་ཤུ་ལ་དད་

པ་དང་ཡིད་ཆེས་བྱེད་རྒྱུར་སྐུལ་མ་གཏོང་རྒྱུའི་གྲ་སྒྲིག་ཡོད་པ་དགོས་ཀྱི་རེད།