༄༄། །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན། – Questions and answers about the Christian Faith (08)

༄༄།  །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན།

Questions and answers about the Christian Faith

Originally published by “researchonwords”

སྨོན་ལམ་གྱི་སྐོར་དྲི་བ་དྲིས་ལན།

ལེའུ་བརྒྱད་པ།

 

107   དྲི་བ།    ‘སྨོན་ལམ་ཞུ་བ་’ཟེར་བའི་དོན་དག་ག་རེ་རེད།

ལན།     དེའི་དོན་དག་དཀོན་མཆོག་ལ་བསྟོད་པ་དང་གཏང་རག་འབུལ་བ་ལ་ཟེར་གྱི་ཡོད་རེད།

ང་ཚོས་ང་རང་ཚོའི་སྡིག་པ་དེ་ཚོ་ངེས་པར་དུ་ངོས་ལེན་བྱེད་དགོས་ཀྱི་ཡོད་རེད།     ང་ཚོས་

ང་རང་ཚོ་རང་ཉིད་དང་མི་གཞན་དག་ཚོའི་ཆེད་དུ་སྨོན་ལམ་ཞུ་དགོས་པ་དང་།     ང་ཚོས་

དཀོན་མཆོག་གིས་ང་ཚོ་ལ་གནང་རྒྱུའི་ཞལ་བཞེས་གནང་པའི་གནང་སྦྱིན་(བྱིན་རླབས་) དེ་

ཚོ་ང་ཚོ་ལ་གནང་རོགས་ཞུ་ཆོག་གི་ཡོད་རེད།

 

108    དྲི་བ།    ང་ཚོས་སྨོན་ལམ་ཞུ་སྐབས་རེ་འདུན་ག་རེ་ཞུ་ཆོག་གི་ཡོད་རེད།

ལན།     ང་ཚོས་སྨོན་ལམ་ཞུ་དུས་ང་ཚོས་ང་རང་ཚོའི་སྡིག་པ་ངོས་ལེན་བྱས་ནས་ང་ཚོ་ལ་སྲུང་སྐྱོབ་

གནང་རོགས་ཟེར་ནས་དཀོན་མཆོག་ལ་ཞུ་དགོས།     ང་ཚོས་དམ་པའི་ཆོས་ཚོགས་དང་།     ང་

ཚོའི་ནང་མི་ཚོ་དང་།     ས་གཞི་འདིའི་མི་ཚང་མའི་ཆེད་དུ་སྨོན་ལམ་ཞུ་དགོས།    འདི་ཚོ་བྱེད་

པ་མ་ཚད་ང་ཚོས་དོན་དག་གཞན་དག་མང་པོའི་ཐོག་ལ་སྨོན་ལམ་ཞུ་ཆོག་གི་རེད།

 

109   དྲི་བ།     སྨོན་ལམ་རིགས་མི་འདྲ་བ་ག་ཚོད་ཡོད་རེད།

ལན།     སྨོན་ལམ་རིགས་མི་འདྲ་བ་མང་པོ་ཡོད་རེད།    དཔེར་ན།       སེམས་ནས་སྨོན་ལམ་ཞུ་བ་དང་།

གསང་བའི་སྨོན་ལམ་དང་།     རང་གི་ནང་མི་མཉམ་དུ་སྨོན་ལམ་ཞུ་བ་དང་།     ཐུན་མོང་གི་

སྨོན་ལམ་ཟེར་ནས་བཞི་ཡོད།

 

110   དྲི་བ།    སེམས་གཅིག་པུའི་ཐོག་ནས་སྨོན་ལམ་ཞུ་བ་ཟེར་བའི་དོན་དག་ག་རེ་རེད།

ལན།     དེའི་དོན་དག་ནི་རང་གི་ཁ་ནས་གང་ཡང་མ་ལབ་པར་རང་གི་སྙིང་ཁོང་ནས་སྨོན་ལམ་ཞུ་བ་ལ་

ཟེར་གྱི་ཡོད་རེད།

 

111   དྲི་བ།     གསང་བའི་སྨོན་ལམ་ཟེར་བའི་དོན་དག་ག་རེ་རེད།

ལན།     དེའི་དོན་དག་ཉེ་འཁོར་དུ་མི་སུ་ཞིག་མེད་པར་གཅིག་པུར་སྨོན་ལམ་ཞུ་བ་ལ་ཟེར་གྱི་ཡོད་རེད།

 

112   དྲི་བ།    ནང་མིའི་སྨོན་ལམ་ཟེར་བའི་དོན་དག་ག་རེ་རེད།

ལན།    དེ་ང་ཚོའི་ཕ་མ་དང་།     བཟའ་ཟླ་དང་།     ཕྲུ་གུ་ཚོི་དང་།     ཁྱིམ་ཚང་གི་མི་གཞན་དག་ཚོ་

ཞོགས་པ་དང་དགོང་དྲོ་མཉམ་དུ་འཛོམས་ནས་གསུང་རབ་ཀློག་པ་དང་།     དཀོན་མཆོག་ལ་སྨོན་

ལམ་ཞུ་བ་ལ་ཟེར་གྱི་ཡོད་རེད།

 

113  དྲི་བ།     ཐུན་མོང་གི་སྨོན་ལམ་ཟེར་བའི་དོན་དག་ག་རེ་རེད།

ལན།     དེ་ཡེ་ཤུ་པ་ཚང་མ་དུས་གཅིག་ཏུ་མཉམ་དུ་འཛོམས་ནས་དཀོན་མཆོག་ལ་བསྙེན་བཀུར་དང་སྨོན་

ལམ་ཞུ་བ་ལ་ཟེར་གྱི་ཡོད་རེད།

 

114   དྲི་བ།    ང་ཚོས་དཀོན་མཆོག་ལ་སྨོན་ལམ་ཞུ་སའི་གནས་ངེས་ཅན་ཞིག་ཡོད་རེད་པས།

ལན།     དཀོན་མཆོག་ཁོང་ཀུན་ཁྱབ་ཡིན་ཙང་།     ང་ཚོས་སྨོན་ལམ་ག་པར་ཞུ་གི་ཡོད་པ་དེ་ལ་ཁྱད་པར་

ཡོད་མ་རེད།     ང་ཚོས་མཆོད་ཁང་ནང་དང་།     ཡང་ན་ང་རང་ཚོའི་ཁྱིམ་ཁང་ནང་དང་།

ཡང་ན་མི་སུ་ཞིག་མེད་ས་དང་།     ཡང་ན་མི་མང་པོ་ཡོད་སར་སྨོན་ལམ་ཞུ་ཆོག་གི་རེད།     ང་

ཚོས་རང་གི་འདོད་པ་ག་པར་ཡོད་ནས་དེར་སྨོན་ལམ་ཞུ་ཆོག་གི་རེད།

 

115    དྲི་བ།    ང་ཚོས་སྨོན་ལམ་ཞུ་དུས་ལུགས་སྲོལ་དང་མཐུན་པའི་སྒོ་ནས་ལུས་ཀྱི་འཁྱེར་སོ་ག་འདྲ་དགོས་

ཀྱི་ཡོད་རེད།

ལན།    ང་ཚོས་པུས་མོ་ས་ལ་བཙུགས་པ་དང་།     ཕྱག་འཚལ་བ།       ཡར་ལང་བ།     མར་བསྡད་པ་དང་།

ཐ་ན་ཉལ་ཁྲི་དང་ས་གདན་ཐོག་ལ་མར་ཉལ་ནས་སྨོན་ལམ་ཞུ་ཆོག་གི་རེད།     ང་ཚོའི་ལུས་ཀྱི་

འཁྱེར་སོ་གལ་ཆེན་པོ་མ་རེད།    དཀོན་མཆོག་ཐུགས་ཉིད་ཡིན་ཙང་།     ཁོང་ལ་དད་པ་དང་

ཡིད་ཆེས་ཡོད་པའི་མི་ཚོས་ཐུགས་ཉིད་དང་བདེན་པའི་སྒོ་ནས་ཁོང་ལ་བསྙེན་བཀུར་ཞུ་རྒྱུ་དེ་

གལ་ཆེན་པོ་རེད།

 

116  དྲི་བ།     ཁྱེད་རང་ཚོ་དཀོན་མཆོག་ལ་སྨོན་ལམ་ཞུ་དུས་གསེར་དང་དངུལ་གྱི་རྫས་རིན་པོ་ཆེའི་རིགས་

དང་།     ཡང་ན་མཆོད་མེ་དང་ཁ་བཏགས་འབུལ་དགོས་ཀྱི་རེད་པས།

ལན།     དགོས་ཀྱི་མ་རེད།     ཁྱེད་རང་ཚོ་འཇིག་རྟེན་གྱི་རྫས་གང་ཡང་འབུལ་དགོས་ཡག་ཡོད་མ་རེད།

དེ་འདྲ་གང་ཡང་དགོས་ཀྱི་མ་རེད།    ཡིན་ན་ཡང་དཀོན་མཆོག་ལ་སེམས་རྩེ་གཅིག་ཏུ་མོས་གུས་

བྱིས།        སེམས་གཙང་མ་དང་ལྷག་བསམ་རྣམ་དག་བྱེད་རྒྱུ་དེ་(དཀོན་མཆོག་ཐུགས་མཉེས་པོ་ཞེ་

དྲག་འབྱུང་གི་ཡོད་པའི་མཆོད་པ་བཞེས་འོས་པ་ཞིག་རེད།)

 

117   དྲི་བ།     ཁྱེད་རང་ཚོས་དཀོན་མཆོག་ལ་སྨོན་ལམ་ཞུ་དུས་སུའི་མཚན་འབོད་དགོས་ཀྱི་ཡོད་རེད།

ལན།      ང་ཚོས་དཀོན་མཆོག་ལ་སྨོན་ལམ་ཞུ་དུས་ང་ཚོ་ཡེ་ཤུའི་མཚན་(གྱི་སྒོ་ནས་) སྨོན་ལམ་ཞུ་

དགོས།

 

118   དྲི་བ།    ང་ཚོས་སྨོན་ལམ་ཞུ་དུས་ཡེ་ཤུའི་མཚན་ནས་འབོད་ཀྱི་ཡོད་པའི་དོན་དག་ག་རེ་རེད།

ལན།     དཀོན་མཆོག་ཁོང་རང་བཞིན་གྱིས་གྲུབ་པའི་ཡང་དག་པའི་གཟུགས་མེད་དང་མཐའ་ཡས་

པའི་ཐུགས་ཉིད་ཡིན་པ་དང་།     དེ་དང་མི་འདྲ་བའི་ང་ཚོ་སྡིག་ཅན་ཡིན་ཙང་།     ང་ཚོས་

དཀོན་མཆོག་ལ་ཐེ་ཀར་སྨོན་ལམ་ཞུ་ཐུབ་རྒྱུ་དེ་མི་སྲིད་པ་རེད།    ཡིན་ན་ཡང་གལ་སྲིད་ང་ཚོ་ལ་

བར་མི་ཞིག་ཡོད་ན།     ང་ཚོས་དཀོན་མཆོག་ལ་སྨོན་ལམ་ཞུ་ཐུབ་སྲིད་པ་རེད།     སྐྱབས་མགོན་

ཡེ་ཤུ་མ་ཤི་ཀ་ཁོང་ང་ཚོའི་བར་མི་ཡིན་ཙང་།    ང་ཚོས་དཀོན་མཆོག་ལ་སྨོམ་ལམ་ཞུ་དུས་ང་ཚོས་

ཡེ་ཤུའི་མཚན་གྱི་སྒོ་ནས་སྨོན་ལམ་ཞུ་གི་ཡོད་རེད།

 

119   དྲི་བ།     གལ་སྲིད་ང་ཚོ་དཀོན་མཆོག་ལ་སྨོན་ལམ་ཞུ་འདོད་ཡོད་ན།     ང་ཚོ་བློའི་འཁྱེར་སོ་ག་འདྲ་ཞིག་

དགོས་ཀྱི་ཡོད་རེད།

ལན།      ང་ཚོ་ལ་དད་པ་དང་བདེན་པའི་བློ་དགོས་ཀྱི་ཡོད་པ་དང་།     ང་ཚོ་གུས་ཞབས་ལྡན་པའི་སྒོ་

ནས་སྨོན་ལམ་ཞུ་དགོས།

 

120  དྲི་བ།    གལ་སྲིད་ང་ཚོས་སེམས་འདི་འདྲ་པོ་འཁྱེར་ནས་སྨོན་ལམ་ཞུས་པ་ཡིན་ན།    ང་ཚོས་ག་རེ་ཞུས་པ་

ཡིན་ནས་འཐོབ་ཀྱི་རེད་པས།

ལན།    ལགས།    འཐོབ་ཀྱི་རེད།     གལ་སྲིད་ང་ཚོས་ག་རེ་ཞུ་གི་ཡོད་པ་དེ་ལ་དཀོན་མཆོག་ཐུགས་མཉེས་

པོ་འབྱུང་གི་ཡོད་པ་དང་།     ཁོང་གི་ཐུགས་འདོད་དང་མཐུན་གྱི་ཡོད་ན།     དེ་འཐོབ་ཀྱི་ཡིན་པ་

དང་།     དེ་ལ་ཐེ་ཚོམ་ཡོད་མ་རེད།

 

121   དྲི་བ།    གཟའ་ཉི་མ་ལ་ཆོས་ཚོགས་འཛོམས་ཀྱི་ཡོད་པའི་གནད་དོན་ག་རེ་རེད།

ལན།     ཡེ་ཤུ་འཆི་བ་ནས་སྐུ་གསོན་པོ་བཞེངས་པའི་ཉིན་མོ་དེ་གཟའ་ཉི་མ་ཡིན་ཙང་།      འཛམ་བུ་གླིང་

ཡོངས་རྫོགས་ཀྱི་ཡེ་ཤུ་པ་ཚོ་སྨོན་ལམ་ཞུ་རྒྱུའི་ཆེད་དུ་རང་རང་སོ་སོའི་ལུང་པ་ནང་མཉམ་དུ་

འཛོམས་ཀྱི་ཡོད་རེད།     ཁོང་ཚོས་སློབ་སྟོན་ཉན་པ་དང་མཉམ་རུབ་ཐོག་ནས་དཀོན་མཆོག་ལ་

བསྙེན་བཀུར་ཡང་ཞུ་གི་ཡོད་རེད།