མངོན་པ། 9 – Revelation 9

མངོན་པ།

ལེའུ་དགུ་པ། (9)

 

རྒྱ་གླིང་ལྔ་པ་དེ་འབུད་པ།

The Fifth Trumpet is blown

 

1 དེ་ནས་ཕོ་ཉ་ལྔ་པ་དེས་རང་གི་རྒྱ་གླིང་བུས་གནང་བ་དང༌།   ངས་ནམ་མཁའ་ནས་ས་ལ་ཟགས་པའི་སྐར་མ་
ཞིག་མཐོང་བྱུང་།   སྐར་མ་དེ་ལ་གཏིང་མཐའ་མེད་པའི་ས་དོང་གི་ལྡེ་མིག་དེ་སྤྲད་འདུག

1 Then the fifth angel blew his trumpet, and I saw a star that had fallen to the earth from the sky. The star was given the key to the shaft of the bottomless pit.

 

2 ཁོང་གིས་ (སྐར་མ་དེས་) གཏིང་མཐའ་མེད་པའི་ས་
དོང་དེ་ཁ་ཕྱེས་པ་དང་།   དེའི་ནང་ནས་དུ་བ་ཐོན་སོང་།   དེ་མེ་ཐབ་ཆེན་པོ་ཞིག་ནས་ཐོན་གྱི་ཡོད་པའི་དུ་
བ་འདྲ་པོ་འདུག   །དུ་བ་དེས་ཉི་མའི་འོད་ཟེར་བཀག་པ་དང་བར་སྣང་ནག་པོ་ཆགས་སོང་།

2 He (the star) opened the shaft of the bottomless pit and smoke poured out of it – it was similar to smoke coming out of a huge furnace. The smoke blocked out the rays of the sun and the air became dark.

 

3 དུ་བ་དེའི་ནང་ནས་འབུ་ཆ་ག་པ་ཐོན་ནས་ས་གཞི་ཐོག་ལ་བབས་སོང་།   དེ་ཚོ་ལ་སྡིག་པ་ར་ཉག་འདྲ་པོ་
མི་ཚོ་ལ་མཆུ་མདུང་འཛུགས་རྒྱུའི་ནུས་པ་སྤྲད་འདུག

3 Locusts emerged from the smoke and descended upon the earth. They were given the ability to sting people, like that of scorpions.

 

4 དེ་ཚོ་ལ་རྩྭ་དང་།   ཡང་ན་རྩི་ཤིང་དང་།   ཡང་ན་ཤིང་སྡོང་ལ་གནོད་པ་བྱེད་རྒྱུ་ཡོད་མ་རེད་ཟེར་ནས་ལབ་
འདུག   །དེ་ཚོ་ལ་རང་གི་ཐོད་པ་ལ་དཀོན་མཆོག་གི་ཐེལ་ཙེ་མེད་པའི་མི་དེ་ཚོ་གཅིག་པུ་ལ་གནོད་འཚེ་བྱེད་
རྒྱུའི་ཆོག་མཆན་སྤྲད་འདུག

4 They were told not to harm the grass or the plants or the trees. They were only permitted to attack the people who did not have the seal of God on their foreheads.

 

5 (མཆུ་མདུང་བཙུགས་མཁན་འབུ་ཆ་ག་པ་) དེ་ཚོ་ལ་མི་ཚོར་ཟླ་བ་ལྔ་རིང་ནད་ཟུག་དྲག་པོ་སྤྲོད་རྒྱུའི་དབང་
ཆ་སྤྲད་འདུག   །ཡིན་ན་ཡང་དེ་ཚོ་ལ་མི་དེ་ཚོ་གསོད་རྒྱུའི་ཆོག་མཆན་སྤྲད་མི་འདུག   །དེ་ཚོས་སྤྲད་པའི་
ནད་ཟུག་དེ་མི་ཞིག་ལ་སྡིག་པ་ར་ཉག་གིས་དུག་ཡོད་པའི་མཇུག་མས་རྨུགས་པ་འདྲ་པོ་ནད་ཟུག་ཚབས་ཆེན་པོ་
ཞེ་དྲག་གཏོང་གི་འདུག

5 The (stinging locusts) were authorized to inflict severe pain on people for five months. But they were not allowed to kill them. The terrible pain they inflicted was similar to that which a scorpion causes when it stings someone with its poisonous tail.

 

6 དུས་
ཚོད་དེའི་རིང་མི་ཚོ་ཤི་འདོད་ཆེན་པོ་བྱེད་པ་དང་།   ཁོང་ཚོས་རང་སྲོག་གཅོད་རྒྱུའི་ཐབས་ལམ་བཙལ་
གྱི་རེད།   ཡིན་ན་ཡང་ཁོང་ཚོ་ཤི་འདོད་ག་ཚོད་འབྱུང་ན་ཡང་ཁོང་ཚོ་ཤི་ཐུབ་ཀྱི་མ་རེད།

6 During those days people will long to die and they will seek for ways to take their own lives. However no matter how much they want to die they will be unable to. Death will elude them.

 

འབུ་ཆ་ག་པ་དེ་ཚོ་ལྟ་སྣང་ལ་ག་འདྲ་ཡོད་པའི་འགྲེལ་བཤད།

A Description of the Locusts’ Appearance

 

7 འབུ་ཆ་ག་པ་དེ་ཚོ་དམག་ལ་འགྲོ་རྒྱུའི་གྲ་སྒྲིག་ཡོད་པའི་རྟ་འདྲ་པོ་འདུག   །དེ་ཚོའི་མགོ་ལ་མགོ་ཁེབས་
ཡོད་པ་དང་།   དེ་ཚོ་གསེར་གྱི་མགོ་རྒྱན་འདྲ་པོ་འདུག   །དེ་ཚོའི་གདོང་པ་མིའི་གདོང་པ་འདྲ་པོ་
འདུག

7 The locusts looked like horses that had been prepared and were ready for battle. There was a head covering on their heads that looked like golden crowns. And their faces resembled human faces.

 

8 དེ་ཚོའི་སྐྲ་དེ་ཚོ་བུད་མེད་ཀྱི་སྐྲ་འདྲ་པོ་[རིང་པོ་] ཡོད་པ་དང༌།   དེ་ཚོའི་སོ་དེ་
ཚོ་འདམ་སེང་གི་སོ་འདྲ་པོ་འདུག

8 Their hair was [long] like women’s hair, and their teeth were like lions’ teeth.

 

9 དེ་ཚོས་ལྕགས་ཀྱིས་བཟོས་པའི་བྲང་ཁེབས་གོན་ཡོད་པ་དང༌།   དེ་ཚོའི་གཤོག་པ་དེ་ཚོ་
དམག་ལ་བྲེལ་འཚུབ་བྱས་ནས་འགྲོ་གི་ཡོད་པའི་ཤིང་རྟ་འཁོར་ལོའི་དམག་དཔུང་ཞིག་འདྲ་པོ་འུར་སྒྲ་སྒྲོག་གི་
ཡོད་པ་འདྲ་པོ་འདུག

9 They wore breastplates made of iron, and their wings roared like the sound of an army of horse-drawn chariots rushing into battle.

 

10 འབུ་ཆ་ག་པ་དེ་ཚོའི་མཇུག་མ་ལ་
སྡིག་པ་ར་ཉག་གི་རྔ་མ་ལ་ཡོད་པ་འདྲ་པོ་མཆུ་མདུང་འདུག   །འབུ་ཆ་ག་པ་དེ་ཚོའི་མཇུག་མ་ལ་མི་ཚོར་ཟླ་བ་
ལྔ་རིང་ནད་ཟུག་སྤྲོད་རྒྱུའི་ནུས་པ་འདུག

10 The tails of the locusts had a sting in them which were similar to the sting in a scorpion’s tail. The tails of the locusts had the ability to cause pain to the people for five months.

 

11 དེ་ཚོའི་ཐོག་དབང་སྒྱུར་བྱེད་མཁན་རྒྱལ་པོ་དེ་གཏིང་མཐའ་མེད་པའི་ས་དོང་གི་ཕོ་ཉ་དེ་རེད་འདུག   །ཁོང་
གི་མཚན་ལ་ཧིབ་རུའི་སྐད་ལ་“ཨེ་སྦེདྲ་ཌོན་” དང༌།   གྷིརིཀ་གི་སྐད་ལ་ཁོང་གི་མཚན་ལ་ “ཨེ་པོལ་ཡོན་” ཟེར་གྱི་འདུག (དེའི་དོན་དག་འཇིག་བྱེད་ཟེར་གྱི་ཡོད་རེད།)

11 The king who ruled over them was the angel from the bottomless pit. His name in Hebrew is “Abaddon”, and in Greek, “Apollyon” (which means the Destroyer).

 

རྒྱ་གླིང་དྲུག་པ་དེ་འབུད་པ།

The Sixth Trumpet is blown

 

12 ཆག་སྒོ་དང་པོ་དེ་ཡོལ་ཚར་བ་རེད།   ཡིན་ན་ཡང་ལྟོས་དང་།   ད་དུང་ཆག་སྒོ་གཉིས་འབྱུང་རྒྱུ་བསྡད་
ཡོད་རེད།

12 The first calamity is past, but look! Two more calamities are still to come!

 

13 དེ་ནས་ཕོ་ཉ་དྲུག་པ་དེས་རང་གི་རྒྱ་གླིང་བུས་པ་དང༌།   ངས་གསེར་གྱི་མཆོད་ཁྲི་དེའི་གྲུ་ཟུར་བཞི་ལ་
ཡོད་པའི་རྭ་ཅོའི་བཟོ་ལྟ་ཡིན་པའི་འབུར་ཐོན་དེ་ཚོ་ནས་སྐད་ཆ་ཤོད་ཀྱི་ཡོད་པའི་གསུང་གི་སྒྲ་ཞིག་ཐོས་བྱུང༌།   མཆོད་ཁྲི་འདི་དཀོན་མཆོག་གི་སྐུ་མདུན་ལ་འདུག

13 Then the sixth angel blew his trumpet, and I heard a voice coming from the horn-shaped projections which are on the four corners of the golden altar. This altar stands in the presence of God.

 

14 སྒྲ་དེས་རྒྱ་གླིང་འཁུར་ཡོད་པའི་ཕོ་ཉ་དྲུག་པ་དེ་ལ་གསུངས་སོང༌།   “གཙང་པོ་ཆེན་པོ་ཡུཕ་རེ་ཊིས་ལ་
བསྡམས་ཡོད་པའི་ཕོ་ཉ་བཞི་པོ་དེ་ཚོ་གློད་བཀྲོལ་ཐོང་།”

14 The voice said to the sixth angel who was holding the trumpet, “Release the four angels who are bound at the great Euphrates River.”

 

15 དེ་ནས་ད་ལྟ་དུས་ཚོད་འདི་ག་རང་དང་།   དེ་རིང་གི་ཉིན་མོ་དང་ཟླ་བ་དང་ལོ་དེ་ག་རང་གི་ཆེད་དུ་གྲ་
སྒྲིག་བྱས་ནས་བཞག་ཡོད་པའི་ཕོ་ཉ་བཞི་པོ་དེ་ཚོ་གློད་བཀྲོལ་བཏང་སོང་།   ས་གཞི་སྒང་གི་མི་གསུམ་ཆ་གཅིག་
གསོད་རྒྱུའི་ཆེད་དུ་ཁོང་ཚོ་གློད་བཀྲོལ་བཏང་སོང་།

15 Then the four angels who had been kept ready for this very hour, day, month, and year were released. They were turned loose to kill one third of the human race.

 

16 རྟ་བཞོན་ཡོད་པའི་དམག་མི་ཚོའི་གྲངས་ས་ཡ་ཉི་བརྒྱ་འདུག   །དེར་དམག་མི་ག་
ཚོད་ཡོད་པ་དེ་[ལྗཱོན་] ངས་ཐོས་བྱུང་།

16 The soldiers on horses numbered 20,000 times 10,000 [Two hundred million]. I [John] heard how many there were.

 

17 ངས་ང་རང་གི་ཞལ་གཟིགས་ནང་མཐོང་པའི་རྟ་དེ་ཚོ་དང་རྟ་པ་དེ་ཚོ་འདི་འདྲ་པོ་འདུག:   རྟ་པ་དེ་ཚོས་
གོ་ཁྲབ་མེ་འདྲ་པོ་དམར་པོ་དང་སྔོན་ནག་དང་སེར་པོ་གོན་འདུག   །རྟ་དེ་ཚོའི་མགོ་འདམ་སེང་གི་མགོ་འདྲ་
པོ་ཡོད་པ་དང༌།   དེ་ཚོིའི་ཁ་ནས་མེ་དང༌དུ་བ་དང་།   མེ་འབར་བཞིན་པའི་མུ་ཟེའི་རྦ་ཀློང་འཕྱུར་གྱི་འདུག

17 The horses and riders that I saw in my vision looked like this: The riders wore armour that was fiery red, dark blue and yellow. The heads of the horses were like heads of lions, and fire and smoke and burning sulphur billowed from their mouths.

 

18 ནད་རིམས་གསུམ་པོ་དེ་ཚོའི་རྐྱེན་གྱིས་
ས་གཞི་ཐོག་ཡོད་པའི་མི་གསུམ་ཆ་གཅིག་ཚང་མ་ཤི་སོང་།   རྟ་དེ་ཚོའི་ཁ་ནས་ཐོན་པའི་མེ་དང་།   དུ་བ་
དང་།   མུ་ཟེ་འབར་བཞིན་པ་དེ་ཚོའི་རྐྱེན་གྱིས་མི་དེ་ཚོ་ཤི་སོང་།

18 One-third of all the people on earth were killed by three plagues. The people died as a consequence of the fire, and the smoke, and the burning sulphur, which came out of the mouths of the horses.

 

19 རྟ་འདི་ཚོའི་ནུས་པ་དེ་དེ་ཚོའི་ཁ་དང་རྔ་མ་ལ་ཡོད་པ་དེ་ [ངས་ཤེས་སོང་།]   དེ་ཚོའི་རྔ་མ་དེ་ཚོ་ལ་སྦྲུལ་
འདྲ་པོ་མགོ་ཡོད་པ་དང་།   དེ་ཚོས་རང་གི་རྔ་མ་བེད་སྤྱོད་བྱས་ནས་མི་ཚོ་རྨས་སྐྱོན་གཏོང་གི་འདུག

19 [I saw that] the power of these horses was in their mouths and in their tails. (Their tails had heads like snakes and they use them to injure people.)

 

20 ཡིན་ན་ཡང་བཀའ་ཆད་འདི་ཚོའི་རྐྱེན་གྱིས་མ་ཤི་
བའི་མི་བྱིངས་དེ་ཚོས་ད་དུང་རང་གི་ཉེས་སྤྱོད་ལ་འགྱོད་པ་བྱས་ [ནས་དཀོན་མཆོག་སྐུ་གསོན་པོ་ཁོང་ལ་བསྟེན་
རྒྱུའི་འདོད་པ་བྱས་] མ་སོང་།   ཁོ་ཚོས་མུ་མཐུད་ནས་མིག་མཐོང་མི་ཐུབ་པ་དང་།   ཨམ་ཅོག་གོ་ཡག་མེད་
པ་དང་།   གོམ་པ་རྒྱབ་ཐུབ་ཀྱི་མེད་པའི་གསེར་དང༌།   དངུལ་དང་།   ལི་དང་།   རྡོ་དང་།   ཤིང་ནས་
བཟོས་པའི་འདྲེ་ལ་ཕྱག་མཆོད་པ་བྱས་པ་དང་།   འདྲ་བརྙན་གྱི་མདུན་ལ་ཕྱག་འཚལ་སོང་།  

20 But the rest of mankind who did not die in these plagues still refused to repent of their evil deeds [and turn to the living God]. They continued to worship demons and to prostrate before idols made of gold, silver, bronze, stone, and wood – idols which can neither see, nor hear, nor walk!

 

21 དེ་ག་
ནང་བཞིན་ཁོ་ཚོས་འགྱོད་པ་མ་བྱས་པ་དང་མི་གསོད་ཁྲག་སྦྱོར་བྱེད་རྒྱུ་སྤངས་མ་སོང་།   ཁོ་ཚོས་རང་གི་ངན་
བསྔགས་ཀྱི་ཉམས་ལེན་མཚམས་འཇོག་བྱེད་རྒྱུའི་འདོད་པ་མ་བྱས་པ་དང་།   ཚུལ་མིན་གྱི་འཁྲིག་སྤྱོད་དང་
ཡང་ན་རྐུ་མ་རྐུ་རྒྱུ་སྤངས་མ་སོང་།

21 Nor did they repent and turn away from committing murder. They refused to stop practising their sorceries (witchcraft) and did not abandon their sexual immorality or their thefts.

 

མངོན་པ། 8 – Revelation 8

མངོན་པ།

ལེའུ་བརྒྱད་པ། (8)

 

ལུ་གུ་ཁོང་གིས་ཐེལ་ཙེ་བདུན་པ་དེ་གཅོག་གནང་བ།

The Lamb opens the Last Seal

 

1 ལུ་གུ་ཁོང་གིས་ཤོག་དྲིལ་སྒང་གི་ཐེལ་ཙེ་བདུན་པ་དེ་གཅོག་གནང་དུས།   ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་དམ་
པའི་ཞིང་ཡོངས་རྫོགས་འཇམ་ཐིང་ཐིང་ཆགས་སོང༌།

1 When the Lamb broke the seventh seal, there was silence throughout Heaven for about half an hour.

 

2 དེ་ནས་[ལྗཱོན་] ངས་དཀོན་མཆོག་གི་སྐུ་
མདུན་ལ་བཞེངས་ཡོད་པའི་ཕོ་ཉ་བདུན་པོ་དེ་ཚོ་མཐོང་བ་དང་།   ཁོང་ཚོ་ལ་རྒྱ་གླིང་བདུན་གནང་འདུག

2 Then I [John] saw the seven angels who stand before God, and they were given seven trumpets.

 

3 དེ་ནས་གསེར་གྱི་བསངས་ཕོར་འཁུར་ཡོད་པའི་ཕོ་ཉ་གཞན་དག་ཅིག་ཕེབས་ནས་མཆོད་ཁྲི་དེའི་
འཁྲིས་ལ་བཞེངས་སོང་།   ཕོ་ཉ་འདི་ལ་བཞུགས་ཁྲི་དེའི་མདུན་ལ་ཡོད་པའི་གསེར་གྱི་མཆོད་ཁྲི་ཐོག་འབུལ་
རྒྱུའི་ཆེད་དུ་བསངས་ཕོན་ཆེན་པོ་ཞིག་གནང་འདུག   །ཁོང་གིས་བསངས་དེ་དཀོན་མཆོག་གི་མི་ཚོ་ཚང་མའི་
སྨོན་ལམ་མཉམ་དུ་ཕུལ་སོང་།

3 Then another angel, who was holding a golden incense bowl, came and stood at the altar. This angel was given a large amount of incense to offer on the golden altar which was in front of the throne. He offered up the incense (along) with the prayers of all God’s people.

 

4 ཕོ་ཉ་ཁོང་གིས་བཟུང་ཡོད་པའི་བསངས་ཕོར་དེ་ནང་འབར་བཞིན་ཡོད་པའི་བསངས་
གི་དུ་བ་མཉམ་དུ་དཀོན་མཆོག་གི་མི་ཚོའི་སྨོན་ལམ་དེ་ཚོ་དཀོན་མཆོག་ག་པར་ཡོད་ས་དེར་ཡར་ཕྱུར་སོང་།

4 The smoke from the burning incense in the bowl that the angel was holding rose up to where God was along with the prayers of God’s people.

 

5 དེ་ནས་ཕོ་ཉ་དེས་མཆོད་ཁྲི་ནས་མེ་འབར་བཞིན་པའི་སོལ་བ་བླངས་གནང་ནས་དེ་བསངས་ཕོར་ནང་བཀང་
གནང་བ་དང་།   དེ་ནས་ཁོང་གིས་བསངས་ཕོར་དེ་ནང་གང་ཡོད་པ་ཚང་མ་ས་གཞི་ཐོག་མར་གཡུགས་གནང་
སོང་།   (ཐོག་རྒྱག་གོབ་རྒྱག་) འབྲུག་སྒྲ་གྲགས་པ་དང་།   ནམ་མཁའི་གློག་འཁྱུགས་པ་དང་།   ས་ཡོམ་ཆེན་
པོ་ཞིག་བརྒྱབ་སོང༌།

5 Then the angel filled the incense burner with live coals from the altar and then he threw the contents of the bowl down upon the earth. (Immediately) thunder roared, lightning flashed, and there was terrible earthquake.

 

ཕོ་ཉ་བདུན་པོ་དེ་ཚོས་རང་གི་རྒྱ་གླིང་འབུད་རྒྱུའི་གྲ་སྒྲིག་ཡོད་པ།

The Seven Angels are Ready to Blow their Trumpets

 

6 དེ་ནས་རྒྱ་གླིང་བདུན་ཡོད་པའི་ཕོ་ཉ་བདུན་པོ་དེ་ཚོས་རང་གི་རྒྱ་གླིང་དེ་ཚོ་འབུད་རྒྱུའི་གྲ་སྒྲིག་གནང་སོང་།

6 Then the seven angels who had the seven trumpets got ready to blow them.

 

7 ཕོ་ཉ་དང་པོ་དེས་
རང་གི་རྒྱ་གླིང་བུས་གནང་བ་དང༌།   ཁྲག་འདྲེས་པའི་སེར་བ་དང་མེ་ས་གཞི་ཐོག་མར་གཡུགས་སོང༌། ས་
གཞི་གསུམ་ཆ་གཅིག་མེ་འབར་བ་དང༌།   ཤིང་སྡོང་གསུམ་ཆ་གཅིག་མེས་ཚིག་པ་དང་།   རྩྭ་ལྗང་ཁུ་ཚང་མ་
ཚིག་སོང༌།

7 The first angel blew his trumpet, and hail and fire, mixed with blood, were thrown down upon the earth. One-third of the earth was set on fire, one-third of the trees were burned up, and all the green grass was burned up.

 

8 དེ་ནས་ཕོ་ཉ་གཉིས་པ་དེས་རང་གི་རྒྱ་གླིང་བུས་གནང་བ་
དང་།   མེ་འབར་བཞིན་པའི་རི་འདྲ་པོ་ཆེན་པོ་ཞིག་རྒྱ་མཚོ་ནང་གཡུགས་སོང་།   དེ་ནས་རྒྱ་མཚོ་གསུམ་ཆ་
གཅིག་ཁྲག་ལ་གྱུར་བ་དང་།   རྒྱ་མཚོའི་ནང་གི་སྲོག་ཆགས་གསུམ་ཆ་གཅིག་ཚང་མ་ཤི་བ་དང་།   རྒྱ་མཚོའི་
ཐོག་གི་གྲུ་གཟིངས་གསུམ་ཆ་གཅིག་ཚང་མ་གཏོར་སྐྱོན་ཕྱིན་སོང༌།

8-9 When the second angel blew his trumpet, something that was like a huge mountain burning with fire was thrown into the sea. Then one-third of the sea turned to blood, and one-third of all the living creatures in the sea died, and one-third of all the ships on the sea were destroyed.

 

10 དེ་ནས་ཕོ་ཉ་གསུམ་པ་དེས་རང་གི་རྒྱ་གླིང་བུས་པ་དང༌། སྐར་མ་ཆེན་པོ་ཞིག་ནམ་མཁའ་ནས་མར་
ཟགས་སོང༌།   དེ་དཔལ་འབར་ཆེན་པོ་ཞིག་འདྲ་པོ་འབར་གྱི་འདུག   །དེ་གཙང་པོ་དང་ཆུ་མིག་གསུམ་ཆ་
གཅིག་གི་ཐོག་ལ་ཟགས་སོང༌།

10 Then the third angel blew his trumpet, and a huge star fell down from the sky. It was burning like a torch. And it fell on one-third of the rivers and on the springs of water.

 

11 སྐར་མ་དེའི་མིང་ལ་ཁ་ཏིག་རེད་འདུག   །དེས་ཆུ་གསོས་པ་གསུམ་ཆ་གཅིག་ཁ་ཏིག་བཟོས་པ་
དང༌།   ཁ་ཏིག་ཆགས་པའི་ཆུ་དེ་བཏུངས་ནས་མི་མང་པོ་ཤི་སོང་།

11 The name of this star was Bitterness. It made one-third of the fresh water bitter, and many people died from drinking the water that had become bitter.

 

12 ཕོ་ཉ་བཞི་པ་དེས་རང་གི་རྒྱ་གླིང་འབུད་དུས།   ཉི་མ་གསུམ་ཆ་གཅིག་
དང་།   ཟླ་བ་གསུམ་ཆ་གཅིག་དང་།   སྐར་མ་གསུམ་ཆ་གཅིག་ལ་ཕོག་སོང་།   དེའི་རྐྱེན་གྱིས་དེ་ཚོ་གསུམ་ཆ་
གཅིག་ནག་ཁུང་ཆགས་ནས་ཉིན་མོ་གསུམ་ཆ་གཅིག་དང་མཚན་མོ་གསུམ་ཆ་གཅིག་ལ་དཀར་ཆ་མེད་པ་ཆགས་
སོང་།

12 When the fourth angel blew his trumpet, one-third of the sun; one-third of the moon; and one-third of the stars were struck. As a consequence one-third of them became dark and there was no light for one-third of the day and one third of the night.

 

13 དེ་ནས་ངས་ཡར་བལྟས་ནས་
གནམ་མཐོ་པོ་ལ་གླག་བྱ་ཞིག་འཕུར་གྱི་ཡོད་པ་མཐོང་བྱུང་།   གླག་བྱ་དེས་སྐད་ཆེན་པོ་བརྒྱབ་ནས་ལབ་སོང་།   “ས་གཞི་ཐོག་གནས་སྡོད་བྱེད་མཁན་མི་ཚོ་ལ་དཔེ་མི་སྲིད་པའི་ཆག་སྒོ་ཆེན་པོ་འབྱུང་གྲབས་འདུག   །ཨ་ཁ་ཁ།   ཨ་ཁ་ཁ།   ཨ་ཁ་ཁ།   ཕོ་ཉ་གཞན་དག་གསུམ་པོ་དེ་ཚོས་རང་གི་རྒྱ་གླིང་འབུད་དུས།   ཆག་སྒོ་ཆེན་པོ་ཁ་
ཤས་འབྱུང་གི་རེད།”

13 As I watched, I saw an eagle flying high up in the sky. I heard it cry out in a loud voice, “How terrible! How terrible! How terrible! Great trouble is about to come on all the people who live on earth. When the other three angels blow their trumpets then some terrible events will take place.”

 

མངོན་པ། 7 – Revelation 7

མངོན་པ།

ལེའུ་བདུན་པ། (7)

 

དཀོན་མཆོག་གི་མི་ཚོ་ལ་རང་གི་ཐོད་པའི་སྒང་ལ་དམིགས་བསལ་གྱི་རྟགས་གནང་བ།

God’s people Are Given a Special Mark on their Forehead

 

1 འདིའི་རྗེས་ལ་ [ལྗཱོན་] ངས་ [ང་རང་གི་ཞལ་གཟིགས་ནང་] ས་གཞི་མཐའ་ཟུར་བཞི་ལ་བཞེངས་ཡོད་པའི་ཕོ་
ཉ་བཞི་མཐོང་བྱུང་།   ཁོང་ཚོས་ས་གཞིའི་རླུང་པོ་བཞི་པོ་དེ་ཚོ་འགོག་གནང་གི་འདུག   །དེ་འདྲ་གནང་བ་   ལ་བརྟེན་ནས་ས་གཞི་ཐོག་དང་།   ཡང་ན་རྒྱ་མཚོའི་ཁ་དང་།   ཐ་ན་ཤིང་སྡོང་ག་འདྲ་ཞིག་གི་ཐོག་ལ་ཡང་
རླུང་པོ་བརྒྱབ་ཐུབ་མ་སོང་།

1 After this I [John] saw [in my vision] four angels who were standing at the four corners of the earth. They were stopping the four winds of the earth from blowing. And as a consequence, no wind could blow upon the earth, or on the sea, or even on any tree.

 

2 དེ་ནས་ངས་ཤར་ཕྱོགས་ནས་ཕོ་ཉ་གཞན་དག་ཅིག་ཕེབས་ཀྱི་ཡོད་པ་མཐོང་བྱུང་།   ཕོ་ཉ་དེས་དཀོན་མཆོག་
སྐུ་གསོན་པོ་ཁོང་གི་ཐེལ་ཙེ་བསྣམས་འདུག   །ཕོ་ཉ་འདིས་སྐམ་ས་དང་རྒྱ་མཚོ་ལ་གནོད་པ་བྱེད་རྒྱུའི་ནུས་པ་
གནང་པའི་ཕོ་ཉ་བཞི་པོ་དེ་ཚོ་བོས་གནང་སོང་།

2 Then I saw another angel coming up from the east. This angel was carrying the seal of the Living God. He called out to the four angels who had been given power to harm the land and the sea.

 

3 ཁོང་གིས་ཕོ་ཉ་བཞི་པོ་འདི་ཚོ་ལ་གསུངས་སོང་།   “སྒུགས་རོགས་གནང་།   ང་ཚོས་ང་རང་ཚོའི་དཀོན་མཆོག་གི་ཞབས་ཏོག་ཞུ་མཁན་མི་དེ་ཚོ་ཚང་མའི་ཐོད་པ་
ལ་ཐེལ་ཙེ་བརྒྱབ་མ་ཚར་བར་དུ་སྐམ་ས་དང་།   ཡང་ན་རྒྱ་མཚོ་དང་།   ཡང་ན་ཤིང་སྡོང་དེ་ཚོ་ལ་གནོད་པ་
མ་བྱེད་རོགས།”

3 He said to these four angels, “Wait! Do not harm the land, or the sea, or the trees until we have put a seal upon the foreheads of all those who serve our God.”

 

4 དེ་ནས་ངས་མི་ག་ཚོད་ལ་དཀོན་མཆོག་གི་ཐེལ་ཙེ་བརྒྱབ་ཡོད་པ་དེ་ཐོས་བྱུང༌།   ཁྱོན་བསྡོམས་མི་ཆིག་
འབུམ་བཞི་ཁྲི་བཞི་སྟོང་ [144,000] ལ་ཐེལ་ཙེ་དེ་བརྒྱབ་འདུག   །དེ་ཚོ་ཨིཛ་རེལ་པའི་སྡེ་ཚང་མ་ནས་རེད་
འདུག

4 Then I heard how many people had received God’s mark. The total number sealed was one hundred and forty four thousand (144,000). They were from the all the tribes of Israel.

 

5 རུས་སྡེ་རེ་རེ་ནས་མི་ཆིག་ཁྲི་ཉི་སྟོང་ [12,000] འདུག
ལྗུ་ཌའི་རུས་སྡེ་ནས་མི་ཆིག་ཁྲི་ཉི་སྟོང་ [12,000]
རུ་སྦེན་གྱི་རུས་སྡེ་ནས་མི་ཆིག་ཁྲིག་ཉི་སྟོང་[12,000]
སྒེདྲ་གི་རུས་སྡེ་ནས་མི་ཆིག་ཁྲི་ཉི་སྟོང་[12,000]

5 From each tribe there were 12,000 people.
12,000 were from Judah’s tribe
12,000 from the tribe of Reuben
12,000 from the tribe of Gad

 

6 ཨེ་ཤར་གྱི་རུས་སྡེ་ནས་མི་ཆིག་ཁྲི་ཉི་སྟོང་[12,000]
ནེཕ་ཏ་ལིའི་རུས་སྡེ་ནས་མི་ཆིག་ཁྲི་ཉི་སྟོང་[12,000]
མ་ན་སེའི་རུས་སྡེ་ནས་མི་ཆིག་ཁྲི་ཉི་སྟོང་[12,000]

6 12,000 were from the tribe of Asher
12,000 were from the tribe of Naphtali
12,000 were from the tribe of Manasseh

 

7 སིམ་ཨོན་གྱི་རུས་སྡེ་ནས་མི་ཆིག་ཁྲི་ཉི་སྟོང་[12,000]
ལི་ལྦཡི་རུས་སྡེ་ནས་མི་ཆིག་ཁྲི་ཉི་སྟོང་ [12,000]
ཨི་ས་ཆར་གྱི་རུས་སྡེ་ནས་མི་ཆིག་ཁྲི་ཉི་སྟོང་[12,000]

7 12,000 were from the tribe of Simeon
12,000 were from the tribe of Levi
12,000 were from the tribe of Issachar

 

8 ཛེ་སྦུ་ལུན་གྱི་རུས་སྡེ་ནས་མི་ཆིག་ཁྲི་ཉི་སྟོང་[12,000]
ལྗོ་སེཕ་གི་རུས་སྡེ་ནས་མི་ཆིག་ཁྲི་ཉི་སྟོང་[12,000]
སྦེན་ལྗ་མིན་གྱི་རུས་སྡེ་ནས་མི་ཆིག་ཁྲི་ཉི་སྟོང་[12,000]

8 12,000 were from the tribe of Zebulun
12,000 were from the tribe of Joseph
12,000 were from the tribe of Benjamin

 

ལྗཱོན་གྱིས་དུག་སློག་དཀར་པོ་གོན་པའི་མི་ཚོགས་ཆེན་པོ་ཞིག་གཟིགས་པ།

John sees a huge crowd dressed in white

 

9 འདིའི་རྗེས་ལ་ངས་(ཡང་བསྐྱར་) བལྟས་པ་དང་།   ངས་མི་ཚོགས་ཆེན་པོ་ཞིག་མཐོང་བྱུང་།   དེར་མི་དཔེ་
མི་སྲིད་པའི་མང་པོ་ཡོད་ཙང་ཁོང་ཚོ་ཚང་མ་གྲངས་ཀ་རྒྱབ་ཐུབ་རྒྱུ་མི་སྲིད་པ་རེད་འདུག   །དེར་རྒྱལ་ཁབ་
དང་རུས་སྡེ་དང་སྐད་རིགས་མི་འདྲ་བའི་མི་ཚང་མ་དུག   །ཁོང་ཚོ་བཞུགས་ཁྲི་དང་ལུ་གུ་ལ་ཁ་གཏད་ནས་
ལངས་སོང་།   ཁོང་ཚོ་དུག་སློག་དཀར་པོ་གོན་ཡོད་པ་དང་།   མི་དེ་ཚོ་ཚང་མས་རང་གི་ལག་པའི་ནང་ཁ་
ཟུར་སྡོང་པོའི་ཡལ་ག་ཁུར་འདུག

9 After this I looked (again) and I saw a huge crowd. There were so many people it was impossible to count them all. There were people from every nation, tribe, people and language (group). They stood facing the throne and the Lamb. They were wearing white clothes and they all carried palm branches in their hands.

 

10 ཁོང་ཚོ་ཚང་མས་སྐད་ཤུགས་ཆེན་པོ་བརྒྱབ་ནས་ “བཞུགས་ཁྲི་ཐོག་བཞུགས་ཡོད་པའི་ང་ཚོའི་དཀོན་མཆོག་
དང་ལུ་གུ་ཁོང་ནས་ཐར་པ་འཐོབ་ཀྱི་ཡོད་རེད།” ལབ་སོང་།   [གང་ཡིན་ཟེར་ན།   ཁྱེད་རང་གིས་ང་ཚོ་ལ་
དཀའ་ངལ་མང་པོའི་དུས་སུ་ཕྱག་རོགས་གནང་པ་རེད།]

10 They all called out in a loud voice, saying, “Salvation comes from our God who sits on the throne and from the Lamb.” [For you have brought us safely through many trials].

 

11 དེ་ནས་བཞུགས་ཁྲི་དེ་དང་།   དོ་དམ་པ་ཉི་ཤུ་རྩ་བཞི་དེ་ཚོ་དང་།   སྲོག་ཆགས་བཞི་པོ་དེ་ཚོའི་
མཐའ་སྐོར་ལ་བཞེངས་ཡོད་པའི་ཕོ་ཉ་དེ་ཚོ་ཚང་མས་ས་ལ་ཕྱག་འཚལ་སོང་།   ཁོང་ཚོས་བཞུགས་ཁྲི་དེའི་
མདུན་ལ་ཕྱག་འཚལ་བའི་རྗེས་ལ་ཁོང་ཚོས་དཀོན་མཆོག་ལ་བསྙེན་བཀུར་ཞུས་སོང་།

11 Then all the angels who were standing around the throne, the twenty-four overseers and the four living beings, threw themselves face forward onto the ground. And having prostrated before the throne they worshipped God.

 

12 ཁོང་ཚོས་འདི་གསུངས་སོང་།:   “ང་ཚོའི་དཀོན་མཆོག་ཁོང་རླབས་ཆེན་དང་།   མཐུ་དང་ནུས་པ་ཆེན་པོ་
དང་།   ཐམས་ཅད་མཁྱེན་པ་རེད།   ང་ཚོ་ཁོང་ལ་བསྟོད་པ་འབུལ་བ་དང་ཁོང་ལ་ཇི་སྲིད་ནས་ཇི་སྲིད་བར་
དུ་གཏང་རག་འབུལ་གྱི་ཡིན།   དེ་ག་རང་ཡོང་བར་ཤོག”

12 They said, “We declare that our God is great! He is powerful, majestic, and all-knowing. Let us praise him and thank him forever and ever. So be it!”

 

13 དེ་ནས་དོ་དམ་པ་ཉི་ཤུ་རྩ་བཞི་དེ་ཚོའི་ནང་ནས་གཅིག་གིས་ང་ལ་དྲི་བ་ཞིག་དྲིས་སོང་།   “དུག་ལོག་དཀར་
པོ་གོན་པའི་མི་འདི་ཚོ་སུ་རེད།   ཁོང་ཚོ་ག་ནས་ཕེབས་རེད་པས།”

13 Then one of the twenty-four overseers asked me a question. “Who are these people who are dressed in white? Where do they come from?”

 

14 ངས་ལན་བརྒྱབ་ནས་ལབ་པ་ཡིན།   “ང་ཧ་གོ་གི་མེད།   ཡིན་ན་ཡང་ཁྱེད་རང་གིས་མཁྱེན་
གྱི་ཡོད་རེད།”   དེ་ནས་ཁོང་གིས་ང་ལ་གསུངས་སོང་།   “སྡུག་བསྔལ་དྲག་པོ་མྱངས་ནས་གསོན་པོར་གནས་
པའི་མི་འདི་ཚོ་རེད།   ཁོང་ཚོས་རང་གི་ཕྱུ་པ་དེ་ཚོ་བཀྲུས་ནས་དེ་ཚོ་ལུ་གུའི་ཁྲག་གིས་དཀར་པོ་བཟོས་པ་
རེད།

14 “Sir” I answered. “I don’t know, but you know.” Then he said to me, “These are people who have survived [a time of] terrible suffering. They have washed their robes and made them white in the blood of the Lamb.

 

15 “དེ་འདྲ་སོང་ཙང་ཁོང་ཚོ་དཀོན་མཆོག་གི་བཞུགས་ཁྲི་མདུན་ལ་ལང་ནས་ཁོང་གི་མཆོད་ཁང་ནང་མུ་
མཐུད་ནས་ཁོང་གི་ཞབས་ཏོག་ཞུ་གི་ཡོད་རེད།   བཞུགས་ཁྲི་དེའི་ཐོག་ལ་བཞུགས་མཁན་ཁོང་རང་ཉིད་ཁོང་
ཚོའི་སྐྱབས་གནས་ཆགས་ཀྱི་རེད།

15 “That is why they stand before the throne of God, and serve [worship] him continually in his temple. And the One who sits on the throne will himself be their refuge.

 

16 ཕྱིན་ཆད་ཁོང་ཚོ་ག་དུས་ཡིན་ནས་ལྟོགས་པ་དང་ཡང་ན་སྐོམ་པོར་ལུས་ཀྱི་མ་རེད།   ཁོང་ཚོ་ག་དུས་ཡིན་
ནས་ཉི་མས་མ་འཚིག་དང་ཚ་དྲོད་ག་འདྲ་ཞིག་གིས་འཚིག་གི་མ་རེད།

16 They will never be hungry or thirsty again. The sun will (no longer) beat down upon them, nor will any burning heat harm them.

 

17 གང་ཡིན་ཟེར་ན་བཞུགས་ཁྲི་དེའི་དཀྱིལ་ལ་ཡོད་པའི་ལུ་གུ་དེས་ཁོང་ཚོའི་ལུག་རྫི་གནང་ནས་ཁོང་
ཚོ་ལ་གཅེས་སྤྲས་གནང་གི་རེད།   ཁོང་གིས་ཁོང་ཚོ་ཆུ་དྭངས་མ་རྒྱུག་བཞིན་ཡོད་པའི་ཆུ་མིག་ལ་འཁྲིད་གནང་
གི་རེད།   དཀོན་མཆོག་གིས་ཁོང་ཚོའི་མིག་ནས་མིག་ཆུ་ཚང་མ་འཕྱི་གནང་གི་རེད།”

17 For the Lamb in the centre of the throne will be their Shepherd and take care of them. He will lead them to springs where fresh pure water is flowing. And God will wipe every tear from their eyes.”