Be Fruitful for Jesus – John 1:1-5

Be Fruitful for Jesus – John 1:1-5

 

མད་ཐཱ། 13:23

ས་བོན་ས་རྒྱུ་བཟང་པོ་ལ་འཐོར་བ་ནི་དཀོན་མཆོག་གི་བཀའ་ཐོས་ནས་རྟོགས་པའི་མི་དེ་ཡིན། འབྲས་བུ་སྨིན་ཏེ། འབྲས་བུ་ཁ་ཤས་ལྡབ་བརྒྱ་དང༌། ཁ་ཤས་ལྡབ་དྲུག་ཅུ། ཁ་ཤས་ལྡབ་སུམ་ཅུ་བཅས་སྨིན་” ཞེས་གསུངས།

 

Matthew 13:23

As for what was sown on good soil, this is the one who hears the word and understands it. He indeed bears fruit and yields, in one case a hundredfold, in another sixty, and in another thirty.”

 

This week scripture for study, reflection, and meditation

 

ཡོ་ཧ་ནན། 1:1-5

1ཐོག་མར་བཀའ་ནི་ཡོད་ཅིང་བཀའ་དེ༌ཉིད།།

དཀོན་མཆོག་ཉིད་དང་ལྷན་ཅིག་ཉིད་དུ༌བཞུགས།།

བཀའ་ཞེས་གྲགས་པ་དཀོན་མཆོག་ཡིན་ལགས༌ཤིང༌།།

2བཀའ་དང་དཀོན་མཆོག་གདོད་ནས་ལྷན་དུ༌བཞུགས།།

3དེ་ཡང་འཇིག་རྟེན་སྣོད་བཅུད་མ་ལུས༌པ།།

བཀའ་དེ་བརྒྱུད་ནས་དཀོན་མཆོག་ཉིད་ཀྱིས༌བསྐྲུན།།

ཁོང་གིས་བཟོས་པའི་དངོས་པོ་མཐའ་དག༌ལས།།

བཀའ་དེ་མ་བརྒྱུད་བསྐྲུན་པ་ཅི་ཡང༌མེད།།

4ཁོང་གི་ནང་དུ་ཚེ་སྲོག་བཞུགས་པ་དང༌།།

ཚེ་སྲོག་དེ་ནི་མི་ཡི་གཟི་འོད་དོ།།

5གཟི་འོད་ཉིད་ནི་མུན་པར་འཕྲོ་བྱེད༌ཀྱང༌།།

མུན་པ་དེ་ལས་རྒྱལ༌བར་མ་གྱུར་ཏོ།།

 

John 1:1-5

In the beginning was the Word, and the Word was with God, and the Word was God. 2 He was in the beginning with God. 3 All things were made through him, and without him was not anything made that was made. 4 In him was life, and the life was the light of men. 5 The light shines in the darkness, and the darkness has not overcome it.

 

Jesus is introduced in the Gospel of John as “the Word” with reference to “In the beginning” and that is talking about what is written in Genesis 1 the beginning of creations of the havens and Earth.

As according to the record of Genesis 1, we read how the heavens and Earth was created by God and how the Earth was further transformed from emptiness to full of life by the Word of God.

How did all these happen? It is beyond our limited human understanding but it happened as according to God’s will.

The same can be said of Jesus the Christ – His conception and birth as human, His death and resurrection, and His appointment as the Messiah – is beyond our limited human understanding how God redeem Man from sin and death through Jesus the Christ with the call for trust and obedience.

Therefore our redemption in God follows the path of trust and obedience!

Trust and obedience as according to God’s teachings revealed in scripture.

 

ཡོ་ཧ་ནན། 1:12-13

12ཁོང་ཉིད་བསུ་ཞིང་ཁོང་གི་མཚན་ལ་ནི།།

དད་པའི་མི་རྣམས་དཀོན་མཆོག་བུ་ཕྲུག་ལ༎

འགྱུར་བར་མཛད་པའི་དབང་ཡང་ཁོང་གིས༌གནང༌།།

13དད་ལྡན་སྐྱེ་བོ་སོ་སོ་དེ་རྣམས༌ནི།།

མི་ཡི་ཁྲག་ལས་སྐྱེས་པ་མ་ཡིན༌ལ།།

མི་ཡི་འདོད་ཆགས་དབང་གིས་མ་སྐྱེས༌ཤིང༌།།

མི་ཡི་འདོད་མོས་བཞིན་དུ་སྐྱེས་པའང༌མིན།།

དེ་ནི་དཀོན་མཆོག་ཉིད་ལས་སྐྱེས་པ་ལགས།།

 

John 1:12-13

12 But to all who did receive him, who believed in his name, he gave the right to become children of God, 13 who were born, not of blood nor of the will of the flesh nor of the will of man, but of God.

 

Because of sin humanity has been subjected to corruption and judgement and the certainty of death. God’s provision to be redeemed from sin and death is through trust and obedience in His teachings.

 

In-His-Service

David Z

མངོན་པ། 18 – Revelation 18

མངོན་པ།

ལེའུ་བཅོ་བརྒྱད། (18)

 

གྲོང་ཁྱེར་ཆེན་པོ་སྦེ་སྦི་ལོན་ལ་ས་ཡོམ་འཕོག་དུས་ག་རེ་བྱུང་པ།

What Happened when the Fortified City of Babylon was struck by the Earthquake

 

1 འདིའི་རྗེས་ལ་ངས་ཕོ་ཉ་གཞན་དག་ཅིག་མཐོང་བྱུང་།   ཁོང་ལ་དབང་ཐང་ཆེན་པོ་ཡོད་པ་དང་།   ངས་

ཁོང་དམ་པའི་ཞིང་ནས་མར་ཕེབས་ཀྱི་ཡོད་པ་མཐོང་བྱུང་།   ས་གཞི་དེ་ཕོ་ཉ་འདིའི་དཔལ་དང་གཟི་བརྗིད་ཀྱི་ འོད་སྣང་གིས་འཕྲོས་འདུག

1 After this I saw another angel. He had great authority and I saw him coming down from Heaven. The earth was illuminated by the light of this angel’s glorious splendour.

 

2 ཕོ་ཉ་ཁོང་གིས་གསུང་སྐད་ཆེན་པོ་ཞེ་དྲག་ཅིག་བསྐྱོན་ནས་གསུངས་སོང༌།:   “གྲོང་ཁྱེར་བཙན་

པོ་སྦེ་སྦི་ལོན་དེ་བཟོ་བཅོས་མི་ཐུབ་པའི་ཉམས་ཉེས་ཆེན་པོ་ཞེ་དྲག་ཕྱིན་སོང་།   མོ་(གྲོང་ཁྱེར་དེ་) འདྲེ་དང་

སེམས་ཉིད་ངན་པ་ཚང་མ་གབ་ས་ཆགས་འདུག   །དེ་མི་གཙང་བའི་བྱ་དང་སེམས་ཅན་སྐྱུག་བྲོ་པོ་ཚང་མའི་

སྡོད་ས་ཆགས་འདུག

2 The angel gave a mighty shout and said: “The great city of Babylon has collapsed and has suffered irreparable damage. She (the city) has become a hiding place for demons and unclean spirits. It has become a home for every foul bird and every detestable animal.

 

3 གང་ཡིན་ཟེར་ན།   རྒྱལ་ཁབ་ཚང་མས་སྟངས་འཛིན་མི་ཐུབ་པའི་མོའི་ཚུལ་མིན་གྱི་འདོད་ཆགས་

ཀྱིས་ཆང་རག་གར་པོ་ཞེ་དྲག་འཐུངས་ཡོད་རེད།   ས་གཞིའི་རྒྱལ་པོ་ཚོས་མོ་མཉམ་དུ་ལོག་གཡེམ་སྤྱད་པ་

དང་།   ས་གཞིའི་ཚོང་པ་ཚོ་མོའི་རྒྱས་སྤྲོས་ཀྱི་འཚོ་བ་ལ་བརྟེན་ནས་ཕྱུག་པོ་ཆགས་ཡོད་རེད།”

3 For all the nations have drunk the wine of her unrestrained sexual immorality. The kings of the earth have committed adultery with her, and the merchants of the earth have become rich on account of her luxurious living.”

 

4 དེ་ནས་ངས་དམ་པའི་ཞིང་ནས་གསུང་སྐད་གཞན་དག་ཅིག་ཐོས་པ་དང་།   དེས་གསུང་གི་འདུག   “ངའི་

མི་ཚོ།   [ཁྱེད་རང་ཚོ་ཡུལ་དེའི་མི་ཚོའི་སྡིག་སྤྱོད་ཀྱི་ཤུགས་རྐྱེན་འོག་མ་འཚུད་པའི་ཆེད་དུ་] གྲོང་ཁྱེར་དེ་ནས་

ཕྱི་ལ་ཐོན་ཤོག   །ཁྱེད་རང་ཚོ་མོའི་སྡིག་ལས་ལ་མ་ཞུགས་པ་དང་།   གྲོང་ཁྱེར་འདི་ལ་འཕོག་གི་ཡིན་པའི་

བཀའ་ཆད་དེ་མ་མྱང་བའི་ཆེད་དུ་ [ལམ་སང་] དེ་ནས་ཐོན་ཞིག

4 Then I heard another voice from Heaven say, “My people! Come out of the city [so that you will not be influenced by the sinful behaviour of its inhabitants]. Leave it [immediately] so that you will not participate in her sins, and suffer the punishing plagues that will engulf this city.

 

5 གང་ཡིན་ཟེར་ན།   གྲོང་ཁྱེར་འདིའི་

སྡིག་པ་ནམ་མཁའ་ནང་བཞིན་མཐོ་པོ་བརྩེགས་ཡོད་པ་དང་།   མོའི་(གྲོང་ཁྱེར་འདིའི་) ཉེས་སྤྱོད་ཚང་མ་ལ་

དཀོན་མཆོག་གིས་མོ་ལ་ཞལ་ཆེ་གཅད་གནང་གྲབས་ཡོད་རེད།

5 For the sins of this city are piled up as high as the sky, and God is about to judge her (this city) for all her evil deeds.

 

6 མོས་ (གཞན་དག་

ཚོ་ལ་) ག་རེ་བྱས་པ་དེ་མོ་ལ་བྱིས།   མོས་གཞན་དག་ཚོ་ལ་བྱས་པའི་(ཉེས་སྤྱོད་དེ་ཚོ་) ལས་ལྡབ་གཉིས་ཀྱིས་

མང་བ་མོ་རང་ལ་ངན་ལན་འཇོལ་ཞིག   །མོས་གཞན་དག་ཚོ་ལ་སྤྲད་པའི་ཆང་ཕོར་དེ་ལས་ལྡབ་གཉིས་ཀྱིས་

ཆེ་བ་དང་གར་བ་ཡོད་པའི་མོ་རང་རང་གི་ཆང་ཕོར་དེ་ནང་མོ་ལ་ཆང་རག་སྤྲོད།

6 Do to her what she has done (to others). Repay her twice as much for all the (evil deeds) she inflicted upon others. Serve her a drink in her own cup that is twice as large and strong as the drink she served to others.

 

7 མོ་ཁེངས་དྲེགས་ཆེན་པོ་དང་རང་འདོད་ཆེན་པོ་ཞེ་དྲག་ཡོད་པ་དང་།   མོས་མི་ཚེ་རྒྱས་སྤྲོས་ཆེན་པོ་ཞེ་དྲག་

བསྐྱལ་པ་རེད།   ད་ལྟ་མོས་རྒྱས་སྤྲོས་བྱས་པ་དེ་ལ་དཔག་པའི་མོ་སྡུག་བསྔལ་གྱིས་མནར་བར་ཤོག   །མོས་‘ང་

[འདེའི་] རྒྱལ་མོ་ཞིག་གི་ཚུལ་དུ་ང་རང་གི་ཁྲི་ཐོག་ལ་བསྡད་ཡོད།   ང་ཡུག་མོ་སྐྱབས་མེད་མགོན་མེད་མ་ཡིན་

པ་དང་།   ང་མྱ་ངན་བྱེད་དགོས་པ་རྩ་བ་ནས་འབྱུང་གི་མ་རེད།’ལབ་ནས་འུད་ཤོབ་ཤོད་རྐྱང་བྱེད་ཀྱི་འདུག

7 She was supercilious and completely self-centred, and lived in excessive luxury. May she now suffer torment and sorrow in proportion to the luxury she indulged in. She keeps on boasting to herself, ‘[Here] I sit as a queen on my throne. I am not a helpless widow and I will never experience the grief of mourning.’

 

8 དེ་འདྲ་སོང་ཙང་མོ་ལ་ཉི་མ་གཅིག་རང་ལ་མུ་གེ་དང་།   མྱ་ངན་

དང་།   འཆི་བའི་སྡུག་བསྔལ་འབྱུང་གི་རེད།   གང་ཡིན་ཟེར་ན།   མོ་ལ་ཞལ་ཆེ་གཅོད་གནང་མཁན་ཁོང་

ཀུན་དབང་གཙོ་བོ་དཀོན་མཆོག་ཁོང་ཡིན་པ་དང་།   གྲོང་ཁྱེར་དེ་མེས་རྩ་མེད་བཟོ་གི་རེད།”

8 Therefore, she will experience the suffering of famine, mourning, and death – all in a single day. For the One who judges her is the Lord God Almighty and the city will be completely consumed by fire.”

 

རྒྱལ་པོ་དེ་ཚོ་དང་།   ཚོང་པ་དེ་ཚོ་དང་།   ཁོང་ཚོ་མཉམ་དུ་ཡོད་པའི་མི་དེ་ཚོ་འཇིགས་སྐྲག་སྐྱེས་པ་དང་ཆོ་ངེ་འདེབས་པ།

The Kings, the Merchants, and all those with them are Terrified and Lament

 

9“མོ་དང་ལོག་གཡེམ་སྤྱད་ནས་མོའི་རྒྱས་སྤྲོས་ཆེན་པོ་དེ་ལོངས་སུ་སྤྱོད་མཁན་ཚོས་མོའི་འཚིག་རོ་ནས་དུ་བ་

ཡར་འཕྱུར་གྱི་ཡོད་པ་དེ་མཐོང་དུས།   ཁོང་ཚོ་[འཇིགས་སྐྲག་གིས་] མིག་ཧུ་རེར་བལྟས་ནས་ཆོ་ངེ་གདབ་

ནས་ངུ་གི་རེད།

9 “When the kings of the earth who committed adultery with her and enjoyed her excessive luxury see the smoke rising from her charred remains, they will stare [in horror] and will mourn with weeping and wailing.

 

10 ཁོང་ཚོས་གྲོང་ཁྱེར་དེའི་སྡུག་བསྔལ་ཆེན་པོ་དེ་མཐོང་ནས་

འཇིགས་སྣང་གིས་རྒྱང་རིང་པོ་ལང་ནས་ [མིག་ཧུ་རེར་བལྟ་གི་རེད།)   ཁོང་ཚོས་ “ཐབས་སྡུག་བ་ལ།   དེ་

འདྲའི་ཐབས་སྡུག་བ་ལ།   ཨ་ཙི་གྲོང་ཁྱེར་ཆེན་པོ།   ཨ་ཙི་གྲོང་ཁྱེར་བཙན་པོ་སྦེ་སྦི་ལོན་།   སྐད་ཅིག་མ་

གཅིག་ལ་ཁྱེད་རང་གི་ཐོག་ལ་[དཀོན་མཆོག་གི་] བཀའ་ཆད་ཕོག་སོང༌།” ལབ་ནས་སྐད་ལོག་བརྒྱབ་ཀྱི་རེད།

10 Terrified at seeing the city’s great suffering they will stand at a distance (and stare). They will cry out, “Terrible! How terrible! Oh great city! Oh great city of Babylon! In a single moment [God’s] judgement has come upon you.”

 

11 ད་ལྟ་ས་གཞིའི་ཚོང་པ་ཚོའི་ཚོང་ཟོག་ཉོ་མཁན་སུ་ཞིག་མེད་ཙང་།   ཁོ་ཚོ་མོའི་ཆེད་དུ་ཆོ་ངེ་གདབ་པ་དང་

མྱ་ངན་བྱེད་ཀྱི་རེད།

11 The merchants of the earth will weep and mourn over her because there is no one to buy their merchandise anymore.

 

12[དེ་སྔ་གྲོང་ཁྱེར་དེས་འཛམ་བུ་ཕྱོགས་མཐའ་གང་ས་ནས་

སླེབས་པའི་ཚོང་པ་དེ་ཚོའི་སར་ནས་ཚོང་ཟོག་ཕོན་ཆེན་པོ་ཉོ་གི་ཡོད་པ་རེད།   ཁོང་ཚོས་ཉོས་པའི་དངོས་ཟོག་

གི་ཐོ་འདི་རེད།]:   གསེར་དང་།   དངུལ།   ཕ་ལམ།   མུ་ཏིག   །ཀ་ཤི་ཀའི་རས་སྲབ་པོ།   རས་མུ་མེན། དར།   རས་མཚལ་ཁ།   ཤིང་དྲི་ཞིམ་ནས་བཟོས་པའི་དངོས་ཆས།   བ་སོའི་དངོས་ཆས། ཤིང་རིན་གོང་

ཆེན་པོ་ནས་བཟོས་པའི་དངོས་ཆས། ལི། ལྕགས་དང་། རྡོ་ཀ་མ་རུ།

12 [Previously the city had purchased great quantities of merchandise from the traders who came from all parts of the world. Here is a list of the things that were purchased]: Gold, silver, jewels, pearls, fine linen, purple cloth, silk, scarlet cloth; things made from fragrant wood; ivory goods, objects made from expensive wood, bronze, iron and marble.

 

13 གྲོང་ཁྱེར་དེས་ཤིང་མངར་དང༌།   སྨན་སྣ།   བདུག་སྤོས། གུ་གུལ། སྤོས་དཀར། རྒུན་ཆང་། ཨོ་ལིལྦ་སྣུམ། རྒྱ་ཞིབ། གྲོ། བ་གླང་། ལུག རྟ། ཤིང་རྟ་

འཁོར་ལོ་དང་། བྲན་གཡོག་ཀྱང་ཉོས་པ་རེད།

13 The city also bought cinnamon, spice, incense, myrrh, frankincense, wine, olive oil, fine flour, wheat, cattle, sheep, horses, chariots, and human slaves.

 

14 དེ་ནས་ཁོང་ཚོས་ལབ་ཀྱི་རེད། ‘འོ་ཙི།   (སྦེ་སྦི་ལོན།)   ཁྱེད་རང་ཚོ་སེམས་ཞེ་དྲག་ཆགས་ཀྱི་ཡོད་པའི་

རྒྱས་སྤྲོས་ཅན་གྱི་དངོས་པོ་དེ་ཚོ་ཚང་མ་མེད་པ་ཆགས་པ་རེད།   ཁྱེད་རང་ཚོ་ཧ་ཅང་ཡིད་དུ་འོང་བ་སྣང་

བ་བཟོ་མཁན་དངོས་པོ་དེ་ཚོ་ཚང་མ་རྦད་དེ་མེད་པ་ཆགས་པ་རེད།   ཁྱེད་རང་ཚོ་ལ་དེ་ཚོ་ཡང་བསྐྱར་ཚུར་

རྩ་བ་ནས་འཐོབ་ཀྱི་མ་རེད།’

14 Then they will say, “Oh (Babylon), the luxurious things that you were so attached to have gone. All those things that made you look so attractive have gone forever. You will never get them back again.”

 

15 རང་གི་ཚོང་ཟོག་དེ་ཚོ་གྲོང་ཁྱེར་དེ་ལ་བཙོངས་ནས་

ཕྱུག་པོ་ཆགས་པའི་ཚོང་པ་དེ་ཚོ་རྒྱང་རིང་པོར་ལང་ནས་བསྡད་ཀྱི་རེད།   ཁོང་ཚོས་གྲོང་ཁྱེར་དེའི་སྡུག་

བསྔལ་དྲག་པོ་དེ་མཐོང་ནས་འཇིགས་སྐྲག་སྐྱེ་བ་དང་ངུ་ཅོར་བརྒྱབ་ནས་ཆོ་ངེ་གདབ་ཀྱི་རེད།

15 The merchants who became rich by selling their merchandise to the city will remain at a distance. They will be terrified at the sight of her great suffering and they will weep and wail as they mourn.

 

16 ཁོང་ཚོས་སྐད་བརྒྱབ་ནས་ལབ་ཀྱི་རེད།   “ཨ་ཁ་ཁ།   ཨ་ཁ་ཁ།   གྲོང་ཁྱེར་ཆེན་པོ་འདི་ལ་ཐབས་སྡུག་

ཞེ་དྲག་བྱུང་སོང༌།   དེ་སྔ་མོས་གནས་གོང་ཆེ་བའི་རས་ཀ་ཤི་ཀའི་གྱོན་གོས་མུ་མེན་དང་།   མཚལ་ཁ་གོན་

གྱི་ཡོད་པ་རེད།   མོས་མོ་རང་གསེར་དང་།   རིན་པོ་ཆེ་རྡོ་དང་།   མུ་ཏིག་གི་རྒྱན་ཆས་བརྒྱན་འདུག

16 They will cry out and say, “Alas, alas! What terrible things have happened to this great city? She used to dress herself in expensive purple and scarlet linen clothing. She adorned herself with gold ornaments, precious stones and pearls.

 

17 ཡིན་ན་ཡང་ཆུ་ཚོད་གཅིག་ནང་གྲོང་ཁྱེར་དེའི་རྒྱུ་ནོར་

ཡོངས་རྫོགས་རྩ་གཏོར་ཕྱིན་སོང་།”   ཚོང་པའི་གྲུ་གཟིངས་དེ་ཚོའི་དེད་དཔོན་ཚོ་དང་།   དེ་ཚོའི་འགྲུལ་པ་ཚོ་

དང་།   གྲུ་པ་ཚོ་དང་།   གྲུ་གཟིངས་ཀྱི་ལས་མིའི་རུ་ཁག་ཚང་མ་རྒྱང་རིང་པོ་ལང་ [ནས་མིག་ལྡིར་ནས་

བལྟ་གི་རེད།]

17 But in a single hour all the wealth of the city has been laid waste.” All the captains of the merchant ships, and their passengers, sailors and crew will stand at a distance [and stare].

 

18 ཁོང་ཚོས་[གྲོང་ཁྱེར་མེ་འབར་བཞིན་པ་དེ་ནས་]དུ་བ་འཕྱུར་གྱི་ཡོད་པ་མཐོང་ནས་སྐད་བརྒྱབ་

པ་དང་།   ཁོང་ཚོས་ལབ་ཀྱི་རེད། “འདི་འདྲ་པོ་གྲོང་ཁྱེར་བཙན་པོ་འཛམ་བུ་གླིང་ཧྲིལ་པོ་ག་པར་ལ་ཡང་

ཡོད་རེད་པས།   [ཡོད་མ་རེད།   ག་པར་ལ་ཡང་ཡོད་མ་རེད།]”

18 They will cry out as they see the smoke ascend [from the burning city], and they will say, “Was there a city as great as this one anywhere else in the entire world? [No, not anywhere].”

 

19 ཁོང་ཚོས་རང་གི་སེམས་སྡུག་སྟོན་རྒྱུའི་

ཆེད་དུ་ངུ་བ་དང་།   རང་གི་མགོ་ལ་ཐལ་བ་གཤོ་གི་རེད།   ཁོང་ཚོས་ཆེ་ངེ་གདབ་ནས་སྐད་བརྒྱབ་ཀྱི་རེད།   “ཨ་ཁ་ཁ། [གྲོང་ཁྱེར་ཆེན་པོ་དེ་ཤུལ་མེད་པ་ཆགས་སོང་།]   རྒྱ་མཚོའི་ཐོག་གྲུ་གཟིངས་ཡོད་པའི་མི་ཚང་མ་

ཕྱུག་པོ་ཆགས་སོང་།   ཁོང་ཚོས་གྲོང་ཁྱེར་དེའི་རྒྱུ་ནོར་ཆེན་པོ་དེ་ཚོ་དབོར་འདྲེན་བྱས་ནས་ཁོང་ཚོ་ཕྱུག་པོ་

ཆགས་འདུག   །ཨ་ཁ་ཁ།   ཆུ་ཚོད་གཅིག་གི་ནང་གྲོང་ཁྱེར་དེ་སྟོང་རོ་ཆགས་སོང་།”

19 They will weep and throw dust upon their heads to show their grief. They will lament and cry out, “Alas! [The great city has been razed to the ground]. Everyone who owned ships at sea became rich. They became rich because of transporting the city’s great wealth. Alas! For the city has been brought to ruin in just a single hour.”

 

ལྗཱོན་གྱིས་ཞལ་གཟིགས་རྗེས་མ་དེ་ནང་ག་རེ་གཟིགས་པ་དེ་འགྲེལ་བཤད་སྐྱོན་པ།

John Describes what he saw in the Next Vision

 

20[དེ་ནས་གསུང་སྐད་ཅིག་ཐོས་ནས་དེས་གསུངས་པ།]‘(དམ་པའི་ཞིང༌ནང་ཡོད་པ་ཁྱེད་རང་ཚོ་ཚང་མ་)

དགའ་ཚོར་བྱིས།)[གྲོང་ཁྱེར་འདི་ལ་] ག་རེ་བྱུང་པ་དེ་ལ་དགའ་ཚོར་བྱིས།   དཀོན་མཆོག་གི་དམ་པའི་མི་ཚོ་

དགའ་ཚོར་བྱིས།   [ཡེ་ཤུའི་] སྐུ་ཚབ་ཚོ་དང་ལུང་སྟོན་པ་ཚོ་དགའ་ཚོར་བྱིས།   གང་ཡིན་ ཟེར་ན།   གྲོང་

ཁྱེར་དེས་ཁྱེད་རང་ཚོ་ལ་ (གདུག་སྦྱོང་དྲག་པོ་) བཏང་པ་དེ་ལ་དཀོན་མཆོག་གིས་དེ་ལ་ཉེས་པ་བཏང་གནང་

པ་རེད།’”

20 [Then a voice was heard to say], ‘Rejoice (all you who are in Heaven!) Rejoice because of what has happened [to this city]. Be glad God’s holy people! Rejoice [Jesus’] apostles and the prophets! Because God has punished the city for (the terrible things) that were done to you.’”

 

21 དེ་ནས་ཕོ་ཉ་སྟོབས་དང་ལྡན་པ་ཞིག་གིས་བྲག་རྡོ་ཆེན་པོ་ཞིག་བསྒྲུགས་གནང་སོང་།   དེ་རང་འཐག་གི་

རྡོ་ཆེན་པོ་ཞིག་གི་ཆེ་ཆུང་ཙམ་ཡོད་པ་དང་།   ཁོང་གིས་དེ་རྒྱ་མཚོ་ཆེན་པོའི་ནང་ཤུགས་ཧ་ཅང་ཆེན་པོའི་

ཐོག་ནས་གཡུགས་གནང་སོང་།   ཁོང་གིས་གསུང་སྐད་བསྐྱོན་ནས་གསུངས་སོང་།   “བྲག་རྡོ་འདི་ནང་བཞིན་

གྲོང་ཁྱེར་ཆེན་པོ་སྦེ་སྦི་ལོན་དེ་ཤུགས་ཀྱིས་གཡུག་པ་དང་།   དེ་ཡང་བསྐྱར་ནམ་ཡང་མཐོང་གི་མ་རེད།

21 Then a mighty angel picked up a boulder. It was the size of a huge millstone and he threw it into the ocean with great force. He shouted, “Like this boulder, the great city of Babylon will be cast down violently and it will never be seen again.

 

22 ཧྭབ་(རྒྱུད་མངས་) དང་།   གཞས་པ་དང་གཞས་

མ་ཚོ་དང་།   གླིང་བུ་དང་རྒྱ་གླིང་གི་རོལ་མོ་ཐོས་རྒྱུ་མེད་པ་ཆགས་ཀྱི་རེད།   ལས་མི་སུ་ཞིག་གིས་གྲོང་ཁྱེར་དེ་

ནང་ཚོང་ཁང་མ་བཙུགས་པ་དང་།   འབྲུ་ཐག་གི་ཡོད་པའི་རང་འཐག་གི་རྡོའི་སྒྲ་ཡང་བསྐྱར་རྩ་བ་ནས་ཐོས་ཀྱི་

མ་རེད།

22 The sound of people playing harps and flutes and trumpets will never be heard in your streets again. Skilled craftsmen will never be seen in your city again. And the sound of a millstone grinding grain will never be heard in you again.

 

23 སྦེ་སྦི་ལོན་ག་པར་ལ་ཡང་སྒྲོན་མེའི་འོད་མ་འཕྲོ་བ་དང་།   མག་པ་དང་མནའ་མ་ཚོས་ཆང་སའི་དམ་བཅའ་

ནམ་ཡང་བསྒྲག་གི་མ་རེད།   མོའི་ཚོང་པ་ཚོས་ས་གཞི་དབང་སྒྱུར་བྱེད་པ་དང་།   མོས་རང་གི་ངན་སྔགས་

བེད་སྤྱོད་བྱས་ནས་རྒྱལ་ཁབ་ཚང་མ་ལ་མགོ་སྐོར་བཏང་པ་རེད།

23 Never again will people see the light of a lamp shining in you. The happy voices of bridegrooms and brides will never be heard in you again. Your merchants were the most powerful in the entire world and [not only that] by means of your sorcery you deceived all the nations of the earth.

 

24 ལུང་སྟོན་པ་ཚོ་ཁྲོམ་ལམ་ལ་

བསད་ཙང་།   [དཀོན་མཆོག་གིས་སྦེ་སྦི་ལོན་ལ་ཉེས་པ་བཏང་གནང་པ་རེད།]   དེའི་རྒྱ་ལམ་དེ་ཚོའི་ནང་ལུང་

སྟོན་པ་ཚོ་བསད་པ་རེད།   དེ་ག་ནང་བཞིན་དེར་ཡོད་པའི་དཀོན་མཆོག་གི་དམ་པའི་མི་ཚོ་ཡང་ཚང་མ་བསད་

པ་རེད།   དངོས་གནས་བྱས་པ་ཡིན་ན།   སྦེ་སྦི་ལོན་གྱིས་འཛམ་བུ་གླིང་ཕྱོགས་མཐའ་གང་སར་མི་ཚོ་བསད་

པའི་ཉེས་པ་ཡོད་རེད།”

24 [God has punished Babylon because] the prophets were slaughtered in its streets. And all of God’s holy people who were there were killed too. In fact Babylon is guilty of killing people all over the world.”

Be Fruitful for Jesus – Deuteronomy 30:11-15

Be Fruitful for Jesus – Deuteronomy 30:11-15

 

Remember what Jesus taught to His disciples in the Parable of the Sower –

 

མད་ཐཱ། 13:23

ས་བོན་ས་རྒྱུ་བཟང་པོ་ལ་འཐོར་བ་ནི་དཀོན་མཆོག་གི་བཀའ་ཐོས་ནས་རྟོགས་པའི་མི་དེ་ཡིན། འབྲས་བུ་སྨིན་ཏེ། འབྲས་བུ་ཁ་ཤས་ལྡབ་བརྒྱ་དང༌། ཁ་ཤས་ལྡབ་དྲུག་ཅུ། ཁ་ཤས་ལྡབ་སུམ་ཅུ་བཅས་སྨིན་” ཞེས་གསུངས།

 

Matthew 13:23

As for what was sown on good soil, this is the one who hears the word and understands it. He indeed bears fruit and yields, in one case a hundredfold, in another sixty, and in another thirty.”

 

The key to being fruitful for Jesus is “the one who hears the word and understands it“. Therefore having adequate knowledge and good understanding of Scripture is foundational to being fruitful for Jesus and that is reflected in us living in obedience to God’s teaching and doing the will of God.

Today let’s look at the purpose of revealed scripture.

 

བཀའ་ཁྲིམས་སྐྱར་བཤད་ 30:11-15

11དེ་རིང་ངས་སྤྲད་པའི་བཀའ་དེ་དག་ཧ་ཅང་དཀའ་ཞིང་། སྒྲུབ་མ་ཐུབ་པ་ཞིག་མེད་དོ། 12དེ་ནི་གནམ་ལ་བཞག་མེད་ཅིང་། ང་ཚོས་བཀའ་དེ་ཐོས་ཏེ་དེ་ལ་རྩིས་སྲུང་ཞུ་བའི་ཕྱིར་སུས་ཡར་ཕྱིན་སྟེ། ང་ཚོའི་དོན་དུ་བཀའ་དེ་མར་འབེབས་ཡོང་ངམ་ཞེས་ཁྱོད་ཚོས་འདྲི་བ་བྱེད་མི་དགོས། 13ཡང་དེ་ནི་རྒྱ་མཚོའི་ཕ་རོལ་དུའང་མེད་དེ། ང་ཚོས་བཀའ་དེ་ཐོས་ཏེ་དེ་ལ་རྩིས་སྲུང་ཞུ་བའི་ཕྱིར་སུས་རྒྱ་མཚོའི་ཕ་རོལ་དུ་ཕྱིན་ཏེ། ང་ཚོའི་དོན་དུ་བཀའ་དེ་འཁྱེར་འོང་ངམ་ཞེས་ཁྱོད་ཚོས་འདྲི་བ་བྱེད་མི་དགོས་སོ། 14དེ་ནི་ཁྱོད་ཚོ་དང་མཉམ་དུ་ཡོད་ཅིང་། ཁྱོད་ཚོས་དེ་ཤེས་པ་དང་། ཁྱོད་ཚོས་ཁས་ཀྱང་ཤོད་ཐུབ་བོ། དེ་བས་ན་ད་དེ་ལ་སྲུང་རྩིས་ཞུས་ཞིག 15དེ་རིང་ངས་ཁྱོད་ཚོར་བཟང་པོ་དང་ངན་པའམ། དེ་བཞིན་གསོན་པོ་དང་འཆི་བ་གཉིས་ལས་གཅིག་འདམས་ཀ་བྱེད་པའི་གོ་སྐབས་ཤིག་སྤྲད་ཀྱི་ཡོད།

 

Deuteronomy 30:11-15

11 “For this commandment that I command you today is not too hard for you, neither is it far off. 12 It is not in heaven, that you should say, ‘Who will ascend to heaven for us and bring it to us, that we may hear it and do it?’ 13 Neither is it beyond the sea, that you should say, ‘Who will go over the sea for us and bring it to us, that we may hear it and do it?’ 14 But the word is very near you. It is in your mouth and in your heart, so that you can do it. 15 “See, I have set before you today life and good, death and evil.

 

Holy Scripture referring to what is written in the Bible and in particular those five books of Moses, revealed God’s teachings for life as against those who live in opposition and forfeit God’s provision of redemption.

What make the writings of Moses special is that the contents were not just inspired but of direct communications between God and Moses. That generation of Israel who left Egypt witnessed the thunders and lightning and the earth shaking when Moses ascended Mount Sinai to meet God! That same generation witnessed the plagues that destroyed Egypt and how God delivered them from slavery and bondage of man-made religions and human customs. That generation was delivered to serve the true and living God though obedience to God’s teachings.

God created Man to live and to be in peace with Him and to enjoy the full blessings of eternal life. But Man due to acts of sins and disobedience was subjected to death and spiritual darkness. The lives of Israel in Egypt were shrouded in spiritual darkness and God delivered them according to His words and His promises to Abraham and Moses being appointed by God to be the deliverer and messenger of hope.

The words of God revealed in scripture showed God’s teachings and leads us the way of redemption and restoration with God.

Jesus preached and taught God’s truth and God way of true redemption which is based on obedience to God’s teachings.

 

In-His-Service

David Z