གསུང་མགུར 119: 137-144 – Psalm 119:137-144

གསུང་མགུར 119: 137-144

137  གཙོ་བོ་དཀོན་མཆོག་ཁྱེད་ནི་དྲང་བདེན་ཡིན་ཞིང་། ཁྱེད་ཀྱི་བཀའ་ཁྲིམས་རྣམས་ནི་དྲང་བ་ཉིད་ལགས་སོ།

138  ཁྱེད་ཀྱི་ང་ཚོར་གནང་བའི་བཀའ་ཁྲིམས་དེ་ཚོ་ནི། དྲང་ཞིང་ཡང་དག་ཉིད་ལགས་སོ།

139  ང་ཡི་ནང་དུ་ཁྲོ་བ་མེ་ལྟར་འབར་བ་དང་། གང་ལགས་ཟེར་ན་ངའི་དགྲས་ཁྱེད་ཀྱི་བཀའ་མི་སྲུང་།

140  ཁྱེད་ཀྱི་ཞལ་ཆེ་དེ་ནི་ཇི་ལྟར་ངེས་གཏན་ཡིན་པ་དང་།  ང་ནི་དེ་ལ་ཅི་ལྟར་བརྩེ་སེམས་བྱེད་བཞིན་ཡོད།

141  ང་ནི་གལ་ཆེ་མིན་པར་བསྙས་པ་ཡིན། འོན་ཀྱང་ཁྱེད་ཀྱི་སློབ་སྟོན་རྣམས་ནི་ང་ཡིས་སྤངས་མེད་དོ།

142  ཁྱེད་ཀྱི་དྲང་བ་ཉིད་ནི་གཏན་དུ་གནས་པ་དང་།  ཁྱེད་ཀྱི་བཀའ་ཁྲིམས་རྒྱུན་དུ་བདེན་པ་ཡིན་ལགས་སོ།

143  ང་ལ་སྡུག་བསྔལ་དང་ནི་སེམས་ཁྲལ་སོགས་ཀྱི་གང་།  འོན་ཀྱང་ཁྱེད་ཀྱི་བཀའ་རྒྱས་ང་ལ་དགའ་བ་ཐོབ།

144  ཁྱེད་ཀྱི་སློབ་སྟོན་དེ་ཚོ་རྒྱུན་དུ་དྲང་བདེན་ལགས། ང་ལ་བློ་གྲོས་གནང་བས་ང་ནི་འཚོ་བར་འགྱུར༎

 

 

137 Righteous are you, O Lord, and right are your rules.

138 You have appointed your testimonies in righteousness and in all faithfulness.

139 My zeal consumes me, because my foes forget your words.

140 Your promise is well tried, and your servant loves it.

141 I am small and despised, yet I do not forget your precepts.

142 Your righteousness is righteous forever, and your law is true.

143 Trouble and anguish have found me out, but your commandments are my delight.

144 Your testimonies are righteous forever; give me understanding that I may live.

 

Breaking Bread – 2021.07.11

Breaking Bread – 2021.07.11

ཀོ་རིན་ཐུ་པ། ༡ 11:23-26

གང་ལགས་ཟེར་ན། ང་ལ་གཙོ་བོ་ནས་གང་ཐོབ་ཅིང་ཁྱེད་རྣམས་ལ་གཏད་པ་དེ་འདི་ལྟར་ཡིན། རྒྱབ་གཏོད་མྱོང་བའི་མཚན་མོར་གཙོ་བོ་ཡེ་ཤུས་བག་ལེབ་ཕྱག་ཏུ་བསྣམས་ཤིང༌། དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་ཏེ་དུམ་བུར་བགོས་ནས་ “འདི་ནི་ངའི་ལུས་ཡིན་ཏེ་ཁྱེད་རྣམས་ཀྱི་དོན་དུ་སྦྱིན་པ་ཡིན། ང་དྲན་པའི་ཕྱིར་འདི་ལྟར་བྱོས་ཤིག་” ཅེས་གསུངས། དེ་བཞིན་དུ་ཞལ་ཟས་བཞེས་པའི་རྗེས་སུ་ཁོང་གིས་ཕོར་པ་ཕྱག་ཏུ་བསྣམས་ཏེ་ “ཕོར་པ་འདི་ནི་ངའི་ཁྲག་གིས་བཀོད་པའི་ཞལ་ཆད་གསར་པ་ཡིན། དེ་ག་དུས་འཐུང་ནའང་ང་དྲན་པའི་ཕྱིར་འདི་ལྟར་བྱོས་ཤིག་” ཅེས་གསུངས། གང་ཡིན་ཞེ་ན། ཁྱེད་ཚོས་ག་དུས་བག་ལེབ་དེ་ཟ་ཞིང་ཕོར་པ་དེ་ལས་འཐུང་སྐབས་ཁོང་སླར་མ་ཕེབས་པའི་བར་དུ་གཙོ་བོ་གྲོངས་པ་སྒྲོག་གོ །

1 Corinthians 11:23-26

For I received from the Lord what I also delivered to you, that the Lord Jesus on the night when he was betrayed took bread, and when he had given thanks, he broke it, and said, “This is my body, which is for you. Do this in remembrance of me.” In the same way also he took the cup, after supper, saying, “This cup is the new covenant in my blood. Do this, as often as you drink it, in remembrance of me.” For as often as you eat this bread and drink the cup, you proclaim the Lord’s death until he comes.

Today’s scripture reading, prayer and reflection

. Use Psalm 23 to reflect our relationship with our Lord and Savior

. Our dependency on Jesus as Master and Lord of our lives

. Our Lord having authority over our life and death

. What do we expect from our Master in this ongoing relationship?

གསུང་མགུར 23

1གཙོ་བོ་དཀོན་མཆོག་ང་ཡི་རྫི་བོ་ཡིན། ང་ལ་དགོས་མཁོ་ཆ་ཚང་ཡོད།

2ཉིད་ཀྱིས་རྩྭ་ཁ་བཟང་པོའི་སྤང་ཐང་དུ། ང་ལ་ངལ་གསོ་བྱེད་དུ་འཇུག་པར་མཛད།

ཆུ་གཙང་ལྡན་པ་རྫིང་བུ་ཁུ་སིམ་པོའི་གནས་སུ། ཁོང་གིས་ང་ལ་དབུ་འཁྲིད་མཛད་གནང་ངོ།

3ཁོང་གིས་ང་ལ་སྟོབས་ཤུགས་གསར་པ་གནང་། ཇི་ལྟར་ཉིད་ཀྱིས་ཞལ་བཞེས་གནང་བ་བཞིན།

འགྲུལ་ལམ་དྲང་པོར་ང་ལ་འཁྲིད་པར་མཛད།

4མུན་ནག་སྡུག་པོའི་ནང་དུ་འགྲུལ་དགོས་ཀྱང་། གཙོ་བོ་དཀོན་མཆོག་ང་ནི་མི་འཇིགས་སོ།

གང་ལ་ཟེར་ན་ཁྱེད་ནི་ང་དང་མཉམ་དུ་ཡོད།

ཉིད་ཀྱི་རྫི་བོ་འཁར་དང་དབྱུག་པས་ང་ལ་སྲུང་སྐྱོབ་མཛད།

5ང་ཡི་དགྲ་བོ་རྣམས་ཀྱི་མིག་ངོ་རུ། ཁྱེད་ཀྱིས་ངའི་དོན་མགྲོན་བཤམས་མཛད།

ང་ལ་སྐུ་མགྲོན་བཞིན་དུ་བསུ་བར་མཛད། ང་ཡི་ཕོར་པ་ཁ་ནས་མ་ལུད་བར།

ལྟེམ་མེར་གང་བར་མཛད་པ་གནང་།

6ཁྱེད་ཀྱི་བཟང་བ་ཉིད་དང་བྱམས་པ་དེ། ཚེ་གང་ང་མཉམ་གནས་པ་ང་ཡི་ཤེས།

ཁྱེད་ཀྱི་བཞུགས་གནས་དེ་ཚེ་གང་ང་ཡི་སྡོད་གནས་ཤིག་ཏུ་འགྱུར༎

Psalm 23

The Lord is my shepherd; I shall not want.

He makes me lie down in green pastures. He leads me beside still waters.

He restores my soul. He leads me in paths of righteousness for his name’s sake.

Even though I walk through the valley of the shadow of death,  I will fear no evil, for you are with me; your rod and your staff, they comfort me.

You prepare a table before me in the presence of my enemies; you anoint my head with oil; my cup overflows.

Surely goodness and mercy shall follow me all the days of my life, and I shall dwell in the house of the Lord forever.

མངོན་པ། 2:18-29 – Revelation 2:18-29

མངོན་པ།

THE BOOK OF REVELATION

སྒྱུར་འདི་ཀློག་པ་པོ་གསར་པ་ཚོའི་ཆེད་དུ་ཚིག་དོན་གྱི་འགྲེལ་པ་བརྒྱབ་ཡོད།

This translation is paraphrased for new readers (It includes A2A Part-12: Paradise Regained)

2

ལེའུ་གཉིས་པ།

འཆི་བ་ནས་སྐུ་གསོན་པོ་བཞེངས་པའི་ཡེ་ཤུ་གིས་ཐ་ཡཱ་ཀྲཡི་ར་ནང་ཡོད་པའི་ཁོང་ལ་དད་པ་བྱེད་མཁན་ཚོ་ལ་གང་གསུངས་པ།

(4) What the Risen Jesus said to the believers in Him at Thyatira

18-19 (ལྗཱོན་ལ་ཐ་ཡཱ་ཀྲཡི་ར་ནང་ཡོད་པའི་ཆོས་ཚོགས་ཀྱི་ཕོ་ཉ་ལ་ཡི་གེ་ཞིག་འབྲི་དགོས་པའི་བཀའ་བཀོད་གནང་པ་རེད།)  སྤྱན་མེ་ལྕེ་འབར་བཞིན་པ་འདྲ་པོ་ཡོད་པ་དང་། ཞབས་འོད་ཆེམ་ཆེམ་བྱེད་ཀྱི་ཡོད་པའི་དཀོན་མཆོག་གི་སྲས་ཁོང་གིས་གསུངས་པའི་ཚིག་འདི་ཚོ་རེད། ཁྱེད་རང་ཚོས་ག་རེ་བྱེད་ཀྱི་ཡོད་པ་ཚང་མ་ངས་ཤེས་ཀྱི་ཡོད། ཁྱེད་རང་ཚོ་ང་ལ་གཅེས་པོ་ག་ཚོད་ཡོད་པ་དེ་ངས་ཤེས་ཀྱི་ཡོད། ཁྱེད་རང་ཚོས་ང་ལ་མུ་མཐུད་ནས་དད་པ་བྱེད་ཀྱི་ཡོད་པ་དང་། ཁྱེད་རང་ཚོས་[ལྷག་བསམ་རྣམ་དག་སྒོ་ནས་] ཕན་ཚུན་གཅིག་གིས་གཅིག་ལ་རོགས་བྱེད་ཀྱི་ཡོད་པ་དེ་ངས་ཤེས་ཀྱི་ཡོད། ཁྱེད་རང་ཚོས་བཟོད་སྲན་བྱས་པ་དང་སྡུག་རུས་བརྒྱབ་པ་དང་། ཁྱེད་རང་ཚོས་སྔ་མོ་ལས་ལྷག་བ་ད་ལྟ་དཀའ་ལས་མང་བ་རྒྱབ་ཀྱི་ཡོད་པ་དེ་ངས་ཤེས་ཀྱི་ཡོད།

18-19 (John was instructed to write to the angel of the church in Thyatira). ‘These are the words of the Son of God whose eyes are like a blazing fire and whose feet are like gleaming bronze: I know everything that you do! I know how much you love me. I know that you continue to believe in me and that you [faithfully] help one another. I know that you are patient and have persevered and that you are doing more now than you did before.

20 ཡིན་ན་ཡང་ངས་ཁྱེད་རང་ཚོ་ལ་སྐྱོན་བརྗོད་བྱེད་ཡག་འདི་ཡོད། རྗེ་ཛེ་སྦེལ་ཟེར་བའི་སྐྱེས་དམན་དེས་སློབ་སྟོན་བྱེད་ཀྱི་ཡོད་པ་དེ་ལ་ཁྱེད་རང་ཚོས་བཀག་སྡོམ་བྱེད་ཀྱི་མི་འདུག །མོས་མོ་རང་ལུང་སྟོན་མ་ཞིག་ཡིན་ཟེར་གྱི་ཡོད་རེད། ཡིན་ན་ཡང་མོ་ལུང་སྟོན་མ་རྫུས་མ་ཞིག་རེད། མོས་(ཁྱེད་རང་ཚོའི་ཚོ་ཁག་ནང་ཡོད་པའི་) མི་ཚོ་ལ་ཚུལ་མིན་གྱི་འཁྲིག་པ་སྤྱོད་རྒྱུ་དང་འདྲ་བརྙན་ལ་བཤམས་པའི་ཟས་ཟ་ཡག་སློབ་ཀྱི་ཡོད་རེད། 

20 But I have this criticism against you. You do not forbid the woman named Jezebel from teaching. She claims she is a prophet but she is a false prophet. She deceives people (in your group) and teaches them to practice sexual immorality and to eat food that has been offered to idols.

21 ངས་མོ་ལ་ཚུལ་མིན་གྱི་འཁྲིག་པ་སྤྱོད་ཀྱི་ཡོད་པ་དེ་ལ་འགྱོད་པ་བྱེད་རྒྱུའི་དུས་ཚོད་སྤྲད་ན་ཡང་མོས་འགྱོད་པ་བྱེད་རྒྱུའི་འདོད་པ་བྱས་མ་སོང་།

21 Even though I have given her time to repent of her sexual immorality she has refused to do so.

22 དེ་འདྲ་སོང་ཙང་ངས་མོ་ལ་ཉེས་པ་གཏང་ནས་མོ་ནད་པ་བཟོ་གི་ཡིན། མོ་རང་མཉམ་དུ་ལོག་གཡེམ་བྱེད་མཁན་མི་དེ་ཚོ་ཚང་མས་འགྱོད་པ་བྱེད་ནས་མོས་ཁོ་རང་ཚོ་ལ་བསླབས་པའི་ལག་ལེན་ངན་པ་དེ་ཚོ་མ་སྤངས་བ་ཡིན་ན། མོ་མཉམ་དུ་ཁོ་ཚོ་ཡང་དཔེ་མི་སྲིད་པའི་སྡུག་པོ་མྱང་གི་རེད།

22 Therefore I will punish her and will afflict her with illness. If all those who have committed adultery with her do not repent and abandon the evil practices she taught them, then, they too, along with her, will suffer intensely.

23 མོ་རང་གི་ཕྲུ་གུ་ཚོ་ཡང་ཏན་ཏན་ཤི་གི་རེད། དེ་ནས་ཆོས་ཚོགས་ཚང་མས་(ཚང་མ་མཐོང་མཁན་དེ་) ཁོང་ཡིན་པ་དེ་ཁོ་ཚོས་ཤེས་ཀྱི་རེད། ཐ་ན་ངས་མི་རེ་རེའི་སེམས་གཏིང་ལ་ག་རེ་ཡོད་པ་དེ་ཚོ་ཡང་ཤེས་ཀྱི་ཡོད། ཁོ་ཚོས་ཀུན་སློང་ག་རེའི་ཐོག་ནས་བྱ་བ་བྱེད་ཀྱི་ཡོད་པ་དེ་ངས་ཤེས་ཀྱི་ཡོད། ངས་ཁྱེད་རང་ཚོ་མི་རེ་རེ་ལ་གང་འཚམས་པོ་ཡོད་པ་དེ་སྤྲད་ཀྱི་ཡིན།

23 Her children too will surely die. Then all the Churches will know that I am He (who sees everything). I even know every person’s innermost thoughts. I know what motivates their actions. And I will give to each one of you what you deserve.

24-25 ཡིན་ན་ཡང་རྗེ་ཛེ་སྦེལ་གྱིས་ག་རེ་བསླབས་པ་དེ་ཉམས་ལེན་མ་བྱེད་མཁན་ཐ་ཡཱ་ཀྲཡི་ར་ལ་ཡོད་པའི་ཆོས་ཚོགས་ཀྱི་མི་བྱིངས་དེ་ཚོ་ལ་ངས་བསྔགས་བརྗོད་བྱེད་ཀྱི་ཡོད། ཁྱེད་རང་ཚོས་དངོས་གནས་སེམས་ཉིད་ངན་པའི་དཔོན་པོ་སེ་ཀྲེན་ནས་འབྱུང་གི་ཡོད་པའི་བདེན་པ་གཟབ་མོ་ཟེར་བའི་མོའི་སློབ་སྟོན་དེ་ལ་ཉན་འདོད་བྱས་ཡོད་མ་རེད། ངས་ཁྱེད་རང་ཚོ་ལ་འདི་གཅིག་པུ་བྱེད་རོགས་ལབ་ཀྱི་ཡིན། ང་མ་ཡོང་བར་དུ་ཁྱེད་རང་ཚོ་མུ་མཐུད་ནས་ང་ལ་ཡིད་ཆེས་བརྟན་པོ་བྱེད་རོགས།

24-25 To the rest of the people in the Church at Thyatira who have not done what Jezebel taught I commend you. You have refused to listen to her ‘so called profound truths’ which actually originate from Satan. I will only ask this one thing of you. Continue to trust firmly in me until I come.

26 རྒྱལ་ཁ་ཐོབ་པ་དང་དུས་མཐའ་མ་བར་དུ་ང་ལ་བརྩི་བཀུར་བྱེད་མཁན་མི་སུ་ཞིག་ཡོད་ནས་ངས་ཁོང་ལ་རྒྱལ་ཁབ་ཚང་མའི་ཐོག་དབང་ཆ་སྤྲད་ཀྱི་ཡིན།

26 Whoever is victorious and obeys me to the end, I will give him authority over the nations.

27-28 ཁོང་གིས་རྒྱལ་ཁབ་དེ་ཚོའི་ཐོག་དབང་ཤུགས་ཀྱིས་ཐོག་ནས་དབང་སྒྱུར་བ་དང༌། རྫ་ཁོག་དུམ་བུར་གཅོག་མཁན་ཞིག་ནང་བཞིན་དབང་སྒྱུར་བྱེད་ཀྱི་རེད། [དམ་པའི་ཞིང་ནང་ཡོད་པའི་] ངའི་ཡབ་ཀྱིས་ང་ལ་དབང་དང་ནུས་པ་གནང་ཡོད་རེད། རྒྱལ་ཁ་ལོན་མཁན་མི་དེ་ལ་ང་ཞོགས་པའི་སྐར་མ་དེ་ཡང་སྤྲད་ཀྱི་ཡིན།

27-28 He will govern the nations with an iron sceptre, and will rule like someone who breaks clay pots into pieces. My [Heavenly] Father has given me authority and power. I will also give the morning star to him who is victorious.

29 ཐོས་མཁན་(དང་གོ་རྟོགས་འཚོལ་མཁན་) ཚོས་[དམ་པའི་] ཐུགས་ཉིད་ལ་ཉན་ནས་ཁོང་གིས་ཆོས་ཚོགས་ཚོ་ལ་ག་རེ་གསུང་གི་ཡོད་པ་དེའི་དོན་དག་རྟོགས་པ་བྱེད་དགོས།

29 All those who hear (and seek to understand), should listen to the [Holy] Spirit and grasp the meaning of what He is saying to the Churches.’