གསུང་མགུར 119: 145-152 – Psalm 119:145-152

གསུང་མགུར 119: 145-152 – Psalm 119:145-152

145  ང་ནི་རང་གི་སེམས་ནས་ཁྱེད་ལ་འབོད་ཀྱིས་ཡོད།  བཀའ་ལན་གནོང་ཞིག་ཁྱེད་ཀྱི་བཀའ་ཁྲིམས་ཚང་མ་སྲུང་གིས་ཡིན།

146  ང་ནི་ཁྱེད་ལ་འབོད་པས་ང་ལ་སྐྱོབ་ཏུ་གསོལ།  ང་ནི་ཁྱེད་ཀྱི་བཀའ་ཁྲིམས་སྲུང་གིས་ཡིན།

147  ཉི་ཤར་སྔོན་དུ་ང་ལ་སྐྱབས་ཕྱིར་ཁྱེད་ལ་འབོད།  ཁྱེད་ཀྱི་ཞ་ཆེ་དེ་ལ་ང་ཡི་རེ་བ་བྱས།

148  ང་ནི་ཁྱེད་ཀྱི་སློབ་སྟོན་རྣམས་ལ། སྒོམ་ཕྱིར་མཚན་གང་ལངས་ནས་བསྡད་ཀྱི་ཡོད།

149  ཁྱེད་ཀྱི་རྒྱུན་ཆད་མེད་པའི་བྱམས་བརྩེའི་རྐྱེན་གྱིས་ནི།  ང་ཡི་ཞུ་བར་གསན་ཞིག་གཙོ་བོ་དཀོན་མཆོག་ལགས།  ཁྱེད་ཀྱི་སྙིང་རྗེའི་སྒོ་ནས་ང་ཡི་མི་ཚེ་སྐྱོབ།

150  ཁྱེད་ཀྱི་བཀའ་ཁྲིམས་ནམ་ཡང་མི་སྲུང་མཁན་རྣམས་ནི།  ང་ཡི་སྡུག་ཙུབ་ཅན་གྱི་བརྡབ་སིགས་གཏང་མི་དེ་ཚོ་ཉེ་བར་འདུག།

151  འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱེད་ནི་ངའི་འགྲམ་ཡོད།  ཁྱེད་ཀྱི་བཀའ་རྒྱ་ཡོངས་རྫོགས་རྟག་ཏུ་གནས་པར་འགྱུར།

152  སྔོན་ནས་ང་ཡིས་ཁྱེད་ཀྱི་སློབ་སྟོན་སྐོར་སྦྱངས་པ་ཡིན།  ཁྱེད་ཀྱིས་དེ་རྣམས་རྟག་ཏུ་གནས་ཕྱིར་བཟོས་གནང་ངོ་༎

 

 

145 With my whole heart I cry; answer me, O Lord! I will keep your statutes.

146 I call to you; save me, that I may observe your testimonies.

147 I rise before dawn and cry for help; I hope in your words.

148 My eyes are awake before the watches of the night, that I may meditate on your promise.

149 Hear my voice according to your steadfast love; O Lord, according to your justice give me life.

150 They draw near who persecute me with evil purpose; they are far from your law.

151 But you are near, O Lord, and all your commandments are true.

152 Long have I known from your testimonies that you have founded them forever.

 

མངོན་པ། 3:1-6 – Revelation 3:1-6

མངོན་པ།

THE BOOK OF REVELATION

སྒྱུར་འདི་ཀློག་པ་པོ་གསར་པ་ཚོའི་ཆེད་དུ་ཚིག་དོན་གྱི་འགྲེལ་པ་བརྒྱབ་ཡོད།

This translation is paraphrased for new readers (It includes A2A Part-12: Paradise Regained)

3

ལེའུ་གསུམ་པ།

འཆི་བ་ནས་སྐུ་གསོན་པོ་བཞེངས་པའི་ཡེ་ཤུ་གིས་སར་ཌིས་ནང་ཡོད་པའི་ཁོང་ལ་དད་པ་བྱེད་མཁན་ཚོ་ལ་གང་གསུངས་པ།

(5) What the Risen Jesus said to the believers in him at Sardis

1 (ལྗཱོན་ལ་སར་ཌིས་ནང་ཡོད་པའི་ཆོས་ཚོགས་ཀྱི་ཕོ་ཉ་ཁོང་ལ་ཡི་གེ་ཞིག་འབྲི་དགོས་པའི་བཀའ་བཀོད་གནང་པ་རེད།)  ཐུགས་ཉིད་བདུན་པོ་དེ་ཚོ་དང་སྐར་མ་བདུན་པོ་དེ་ཚོ་སྣོམ་ཡོད་པ་ཁོང་གིས་གསུངས་པའི་ཚིག་འདི་ཚོ་རེད། ཁྱེད་རང་ཚོས་ག་རེ་བྱེད་ཀྱི་ཡོད་པ་ཚང་མ་ངས་ཤེས་ཀྱི་ཡོད། མི་ཚོས་ཕྱི་ཚུལ་ནས་ཁྱེད་རང་ཚོ་ལ་དད་པ་ཤུགས་ཆེན་པོ་དང་བརྩོན་པ་ཆེན་པོ་འདུག་བསམ་གྱི་ཡོད་རེད། ཡིན་ན་ཡང་དོན་དངོས་པོ་ལ་ཁྱེད་རང་ཚོས་ང་ལ་བློ་གཏད་བཅོལ་གྱི་མེད་པ་དང་ཁྱེད་རང་ཚོའི་དད་པ་དེ་[ཡང་ལཱ་འདྲ་པོ་] ཤི་གྲབས་ཡོད་རེད།

1 (John was instructed to write to the angel of the church in Sardis). ‘These are the words of him who holds the sevenfold spirit and the seven stars: I know everything that you do. From outward appearances people think your faith is strong and vibrant, but in actual fact, you no longer trust in me and your faith is on the verge of death.

2 གཉིད་སོད་ཅིག །ཁྱེད་རང་ཚོ་ཡང་བསྐྱར་སྙིང་ཐག་པ་ནས་ངའི་རྗེས་འབྲང་བྱེད་རྒྱུ་འགོ་ཚུགས་ཤིག །ཁྱེད་རང་ཚོ་ལ་ཡོན་ཏན་ཏོག་ཙམ་ལྷག་ཡོད་པ་དེ་སླར་གསོ་བྱེད་རྒྱུའི་ཐོག་ལ་རྩོལ་བ་བྱིས། ཁྱེད་རང་ཚོའི་ད་ལྟའི་སྤྱོད་ཚུལ་དེ་དཀོན་མཆོག་གི་ཐུགས་འདོད་དང་འཐུན་གྱི་མི་འདུག

2 Wake up! Begin again to follow me whole-heartedly. Strive hard to restore the few positive. attributes that you have left. Your current behaviour is not compatible with the will of God.

3 ཁྱེད་རང་ཚོས་ཐོག་མ་[ངའི་སྐོར་གྱི་གནས་ཚུལ་བཟང་པོ་དེ་] ཐོས་དུས། ཁྱེད་རང་ཚོ་ལ་ག་རེ་བསླབས་པ་དེ་དྲན་པ་བྱིས། ཁྱེད་རང་ཚོས་སྔ་མོ་ག་རེ་ལ་ཡིད་ཆེས་བྱས་པ་དེ་ལ་ཡང་བསྐྱར་ཡིད་ཆེས་བརྟན་པོ་བྱིས། གལ་སྲིད་ཁྱེད་རང་ཚོ་འགྱོད་པ་མ་བྱས་པ་དང་[རང་གི་ཀུན་སྤྱོད་འགྱུར་བ་མ་བཏང་བ་ཡིན་ན་] ཁྱེད་རང་ཚོས་རེ་བ་མ་བྱེད་པའི་དུས་ཚོད་ཅིག་ལ་ང་[ཁྱེད་རང་ཚོ་ལ་ཉེས་པ་གཏང་ག་] ཡོང་གི་ཡིན། རྐུན་མ་ཞིག་མཚན་མོ་སྔོན་བརྡ་མ་གཏང་བར་ཡོང་གི་ཡོད་པ་ནང་བཞིན་ང་ཐོག་རྒྱག་གོབ་རྒྱག་ཡོང་གི་ཡིན།

3 Recall what you were taught when you first heard [the Good News about me]. Start to believe again that which you firmly believed in the past. If you do not repent [and change your behavior] I will come to [punish] you when you least expect it. A thief comes in the night without any warning and I will come just as suddenly.

4 གང་ལྟར་ཡང་སར་ཌིས་[ཀྱི་ཆོས་ཚོགས་] ནང་ཡ་རབས་སྤྱོད་བཟང་བྱེད་མཁན་ཁྱེད་རང་ཚོ་མི་ཉུང་ཤས་ཤིག་འདུག །ཁོང་ཚོས་ངན་པ་ལ་འགོག་རྒོལ་བྱས་པ་དང་། དེའི་ཤུགས་རྐྱེན་གྱིས་དྲི་མས་བགོས་ཡོད་མ་རེད། ཁོང་ཚོ་རང་གི་དུག་སློག་བཙོག་པ་མ་ཆགས་པའི་མི་ཚོ་འདྲ་པོ་རེད། ཁོང་ཚོ་ཆ་འཇོག་འོས་པ་ཡོད་ཙང་། ཁོང་ཚོ་དུག་སློག་དཀར་པོ་གོན་ནས་ང་མཉམ་དུ་གོམ་བགྲོས་བྱེད་ཀྱི་རེད།

4 However there are a few people among you in [the church] at Sardis who have behaved virtuously. They resisted evil and have not become defiled by its influence. They are like people who have kept their clothes clean. And they will walk with me, wearing white clothes, because they are worthy.

5 རྒྱལ་ཁ་ཐོབ་པའི་མི་དེས་[ཀྱང་] དུག་སློག་དཀར་པོ་གོན་གྱི་རེད། ངས་མི་དེའི་མིང་སྲོག་གི་གླེགས་བམ་ནས་རྩ་བ་ནས་བསུབ་ཀྱི་མིན། ངས་ང་རང་གི་[དམ་པའི་ཞིང་གི་] ཡབ་དང་ཁོང་གི་ཕོ་ཉ་ཚོའི་མདུན་ལ་མི་འདི་ངའི་རྗེས་འབྲང་ཡིན་པ་དེ་ངོས་ལེན་བྱེད་ཀྱི་ཡིན།

5 The person who is victorious will [also] wear white clothes like them. I will never erase that person’s name from the Book of Life. And I will acknowledge before my [Heavenly] Father and his angels that this person is my follower.

6 ཐོས་མཁན་(དང་གོ་རྟོགས་འཚོལ་མཁན་) ཚོས་[དམ་པའི་] ཐུགས་ཉིད་ལ་ཉན་ནས་ཁོང་གིས་ཆོས་ཚོགས་ཚོ་ལ་ག་རེ་གསུང་གི་ཡོད་པ་དེའི་དོན་དག་རྟོགས་པ་བྱེད་དགོས།

6 All those who hear (and seek to understand), should listen to the [Holy] Spirit and grasp the meaning of what He is saying to the Churches.’

གསུང་མགུར 119: 137-144 – Psalm 119:137-144

གསུང་མགུར 119: 137-144

137  གཙོ་བོ་དཀོན་མཆོག་ཁྱེད་ནི་དྲང་བདེན་ཡིན་ཞིང་། ཁྱེད་ཀྱི་བཀའ་ཁྲིམས་རྣམས་ནི་དྲང་བ་ཉིད་ལགས་སོ།

138  ཁྱེད་ཀྱི་ང་ཚོར་གནང་བའི་བཀའ་ཁྲིམས་དེ་ཚོ་ནི། དྲང་ཞིང་ཡང་དག་ཉིད་ལགས་སོ།

139  ང་ཡི་ནང་དུ་ཁྲོ་བ་མེ་ལྟར་འབར་བ་དང་། གང་ལགས་ཟེར་ན་ངའི་དགྲས་ཁྱེད་ཀྱི་བཀའ་མི་སྲུང་།

140  ཁྱེད་ཀྱི་ཞལ་ཆེ་དེ་ནི་ཇི་ལྟར་ངེས་གཏན་ཡིན་པ་དང་།  ང་ནི་དེ་ལ་ཅི་ལྟར་བརྩེ་སེམས་བྱེད་བཞིན་ཡོད།

141  ང་ནི་གལ་ཆེ་མིན་པར་བསྙས་པ་ཡིན། འོན་ཀྱང་ཁྱེད་ཀྱི་སློབ་སྟོན་རྣམས་ནི་ང་ཡིས་སྤངས་མེད་དོ།

142  ཁྱེད་ཀྱི་དྲང་བ་ཉིད་ནི་གཏན་དུ་གནས་པ་དང་།  ཁྱེད་ཀྱི་བཀའ་ཁྲིམས་རྒྱུན་དུ་བདེན་པ་ཡིན་ལགས་སོ།

143  ང་ལ་སྡུག་བསྔལ་དང་ནི་སེམས་ཁྲལ་སོགས་ཀྱི་གང་།  འོན་ཀྱང་ཁྱེད་ཀྱི་བཀའ་རྒྱས་ང་ལ་དགའ་བ་ཐོབ།

144  ཁྱེད་ཀྱི་སློབ་སྟོན་དེ་ཚོ་རྒྱུན་དུ་དྲང་བདེན་ལགས། ང་ལ་བློ་གྲོས་གནང་བས་ང་ནི་འཚོ་བར་འགྱུར༎

 

 

137 Righteous are you, O Lord, and right are your rules.

138 You have appointed your testimonies in righteousness and in all faithfulness.

139 My zeal consumes me, because my foes forget your words.

140 Your promise is well tried, and your servant loves it.

141 I am small and despised, yet I do not forget your precepts.

142 Your righteousness is righteous forever, and your law is true.

143 Trouble and anguish have found me out, but your commandments are my delight.

144 Your testimonies are righteous forever; give me understanding that I may live.