༄༄། །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན། – Questions and answers about the Christian Faith (02)

༄༄།  །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན།

Questions and answers about the Christian Faith

Originally published by “researchonwords”

ནམ་མཁའ་དང་།     ས་གཞི།     མི།    སྲོག་ལྡན་དང་།

སྲོག་མེད་བེམ་པོའི་སྐོར་དྲི་བ་དྲིས་ལེན།

ལེའུ་གཉིས་པ།

 

22   དྲི་བ།    ནམ་མཁའ་དང་།     ས་གཞི་དང་།     མི་དང་།    ས་གཞི་ཐོག་གང་ཡོད་པ་ཚང་མ་ག་འདྲ་བྱུང་

རེད།

 

ལན།    ནམ་མཁའ་དང་།     ས་གཞི་དང་།     མི་དང་།     ས་གཞི་ཐོག་གང་ཡོད་པ་ཚང་མ་དཀོན་མཆོག་

གིས་བཀོད་གནང་པ་རེད།

 

23   དྲི་བ།     དཀོན་མཆོག་གིས་ནམ་མཁའ་དང་ས་གཞི་ག་འདྲ་བཀོད་གནང་རེད།

ལན།     དཀོན་མཆོག་གིས་ཡོ་ཆས་དང་ཡང་ན་ལག་ཆ་གང་ཡང་མེད་པར་བཀའ་གནང་བ་ཙམ་གྱིས་

དངོས་པོ་གང་ཡང་མེད་པ་ནས་ནམ་མཁའ་དང་ས་གཞི་བྱུང་པ་རེད།

 

24   དྲི་བ།    (སྔ་མོའི་རྫས་) ཡོ་ཆས་དང་ལག་ཆ་གང་ཡང་མེད་པར་མི་ཞིག་གིས་དངོས་པོ་ཞིག་བཟོ་ཐུབ་ཀྱི་

རེད་པས།

 

ལན།    ལགས།    ཐུབ་ཀྱི་མ་རེད།     དཀོན་མཆོག་གཅིག་པུ་མ་གཏོགས་འཇིག་རྟེན་གྱི་མི་སུས་ཀྱང་འདི་

འདྲ་བྱེད་ཐུབ་པའི་དབང་དང་ནུས་པ་ཡོད་མ་རེད།

 

25   དྲི་བ།     ནང་པ་སངས་རྒྱས་ཀྱི་ལྟ་བ་གཞིར་བཟུང་བྱས་པ་ཡིན་ན།     ནམ་མཁའ་དང་ས་གཞི་དེ་བཀོད་པ་

 

པོ་མེད་པར་བྱུང་པ་རེད་ཟེར་བ་དེ་བདེན་པ་རེད་པས།

 

ལན།    ངས་དཔེ་ཞིག་བཞག་ནས་དེའི་ལན་བརྒྱབ་ཀྱི་ཡིན།     མི་ཞིག་གིས་མ་བརྒྱབ་པའི་ཁང་པ་སུ་ཞིག་

 

གིས་མཐོང་མྱོང་ཡོད་མ་རེད།     དེ་ག་ནང་བཞིན་རང་བཞིན་གྱིས་གྲུབ་པའི་ཁང་པ་སུ་ཞིག་གིས་

མཐོང་མྱོང་ཡོད་མ་རེད།    གལ་སྲིད་ཁང་པ་ཆུང་ཆུང་འདི་འདྲ་པོ་ཞིག་རྒྱབ་མཁན་མེད་པར་

གནས་མ་སྲིད་པ་ཡིན་ན།     དེ་ལས་ཞེ་དྲགས་ཀྱིས་ཆེ་བ་ཡིན་པའི་ནམ་མཁའ་དང་ས་གཞི་བཀོད་

པ་པོ་མེད་པར་ག་འདྲ་གནས་སྲིད་ཀྱི་རེད།

 

26   དྲི་བ།    དཀོན་མཆོག་གིས་ནམ་མཁའ་དང་།     ས་གཞི་དང་།      མི་དང་།    ས་གཞི་ཐོག་ག་རེ་

 

ཡོད་པ་ཚང་མ་བཀོད་གནང་དགོས་པའི་རྒྱུ་མཚན་གང་རེད།

ལན།     དཀོན་མཆོག་གིས་ཚང་མ་ཁོང་རང་གི་ཐུགས་འདོད་གཞིར་བཟུང་བཀོད་གནང་པ་རེད།     ཁོང་

 

གིས་ག་རེ་བཀོད་གནང་པ་ཚང་མ་ཡག་པོ་ཡོད་པ་དང་།     མི་མཐུན་པ་ཁྱོན་ནས་ཡོད་མ་རེད།

 

27  དྲི་བ།     དཀོན་མཆོག་གིས་ནམ་མཁའ་དང་།     ས་གཞི་དང་།     མི་དང་།     འཇིག་རྟེན་ནང་གང་ཡོད་པ་

 

ཚང་མ་ཉི་མ་ག་ཚོད་ནང་བཀོད་གནང་རེད།

 

ལན།     (དབྱིན་སྐད་དུ་སྦཱཡི་སྦལ་ཟེར་གྱི་ཡོད་པའི་) དམ་པའི་གསུང་རབ་གཞིར་བཟུང་བྱས་པ་ཡིན་ན།

 

དེ་ཚོ་ཉི་མ་དྲུག་ནང་བཀོད་གནང་པ་རེད།

 

28   དྲི་བ།     དཀོན་མཆོག་གིས་ཉི་མ་དང་པོའི་ཉིན་མོ་ག་རེ་བཀོད་གནང་རེད།

 

ལན།     ཉི་མ་དང་པོའི་ཉིན་མོ་ཁོང་གིས་ནམ་མཁའ་དང་།     ས་གཞི་དང་།     འོད་བཀོད་གནང་པ་རེད།

 

29   དྲི་བ།     དཀོན་མཆོག་གིས་ཉི་མ་གཉིས་པའི་ཉིན་མོ་ག་རེ་བཀོད་གནང་རེད།

ལན།    ཉི་མ་གཉིས་པའི་ཉིན་མོ་ཁོང་གིས་བར་སྣང་བཀོད་གནང་ནས་དེ་ལ་ནམ་མཁའ་ཟེར་ནས་

བཏགས་གནང་པ་རེད།

 

30  དྲི་བ།     དཀོན་མཆོག་གིས་ཉི་མ་གསུམ་པའི་ཉིན་མོ་ག་རེ་བཀོད་གནང་རེད།

ལན།     ཉི་མ་གསུམ་པའི་ཉིན་མོ་ཁོང་གིས་རྒྱ་མཚོ་དང་ས་གཉིས་དབྱེ་བ་ཕྱེས་གནང་པ་རེད།     སྐམ་ས་

 

མངོན་དུ་གྱུར་བ་དང་།     ཆུ་རུབ་རུབ་བཟོས་གནང་ནས་རྒྱ་མཚོ་ཆེན་པོ་ཆགས་པ་རེད།      དཀོན་

མཆོག་གིས་སྐམ་ས་ལ་རྩི་ཤིང་དང་ཤིང་སྡོང་འདྲ་མི་འདྲ་བཀོད་གནང་པ་རེད།

 

31  དྲི་བ།    དཀོན་མཆོག་གིས་ཉི་མ་བཞི་པའི་ཉིན་མོ་ག་རེ་བཀོད་གནང་རེད།

ལན།     དཀོན་མཆོག་གིས་ཉི་མ་བཞི་པའི་ཉིན་མོ་ཉི་མ་དང་།     ཟླ་བ་དང་།     སྐར་མ་བཀོད་གནང་པ་

རེད།

32   དྲི་བ།    དཀོན་མཆོག་གིས་ཉི་མ་ལྔ་པའི་ཉིན་མོ་ག་རེ་བཀོད་གནང་རེད།

ལན།     ཁོང་གིས་ཉི་མ་ལྔ་པའི་ཉིན་མོ་རྒྱ་མཚོའི་ནང་གི་ཉ་རིགས་འདྲ་མི་འདྲ་དང་།     ནམ་མཁའ་ལ་

 

འཕུར་གྱི་ཡོད་པའི་བྱ་རིགས་འདྲ་མི་འདྲ་བཀོད་གནང་པ་རེད།

 

33  དྲི་བ།     དཀོན་མཆོག་གིས་ཉི་མ་དྲུག་པའི་ཉིན་མོ་ག་རེ་བཀོད་གནང་རེད།

ལན།     དཀོན་མཆོག་གིས་ཉི་མ་དྲུག་པའི་ཉིན་མོ་ལྟོ་འགྲོ་སྲོག་ཆགས་དང་།     དུད་འགྲོ་རྐང་པ་བཞི་ཡོད་

 

པ་དང་།     སྲོག་ཆགས་གཞན་དག་འདྲ་མིན་འདྲ་ཚང་མ་བཀོད་གནང་པ་དང་།     མཐར་ཁོང་

གིས་མི་བཀོད་གནང་པ་རེད།

 

34  དྲི་བ།     དཀོན་མཆོག་གིས་ཉི་མ་བདུན་པའི་ཉིན་མོ་ག་རེ་བཀོད་གནང་རེད།

ལན།      དཀོན་མཆོག་གིས་ཉི་མ་བདུན་པའི་ཉིན་མོ་གང་ཡང་བཀོད་གནང་ཡོད་མ་རེད།     ཁོང་གིས་སྐུ་

 

ངལ་གསོས་གནང་ནས་ཉི་མ་བདུན་པ་དེར་བྱིན་གྱིས་བརླབས་གནང་པ་རེད།

 

35  དྲི་བ།     དཀོན་མཆོག་གིས་བཀོད་གནང་པའི་མི་དང་པོ་དེ་ལ་ཁོང་གིས་མིང་ག་རེ་བཏགས་གནང་རེད།

 

ལན།     ཁོང་གིས་སྐྱེས་པ་དང་པོ་དེའི་མིང་ལ་ཨེ་ཌམ་དང་བུད་མེད་དེའི་མིང་ལ་ཨིཻལྦ་བཏགས་ཟེར་ནས་

གནང་པ་རེད།

 

36   དྲི་བ།    དཀོན་མཆོག་གིས་མི་དེ་ག་འདྲ་བཀོད་གནང་རེད།

ལན།     དཀོན་མཆོག་གིས་མི་དང་པོ་དེའི་ལུས་སཡི་ཐལ་བ་ནས་བཀོད་གནང་པ་རེད།     དེ་ནས་ཁོང་

 

གིས་དེ་ལ་སྲོག་གི་དབུགས་གནང་ནས་དེ་(སེམས་དང་ལྡན་པའི་) མི་ཞིག་བྱུང་པ་རེད།     བྱས་

ཙང་མི་དེ་སྲོགས་དང་ལྡན་པའི་གང་ཟག་ཅིག་ཆགས་པ་རེད།

 

37  དྲི་བ།    མིའི་སེམས་ཉིད་དེ་ཁོ་རང་གི་ལུས་དང་གཅིག་པ་རེད་པས།

ལན།    ལགས།    མ་རེད།     དཀོན་མཆོག་གིས་ཐོག་མ་མི་བཟོ་གནང་དུས།    དེའི་ལུས་སའི་ཐལ་བ་ནས་

 

བཟོས་གནང་པ་དང་།     ཁོ་ཤི་དུས་ཁོ་ཡང་བསྐྱར་ཐལ་བར་འགྱུར་ནས་རང་འཇགས་ས་ལ་འཐིམ་

གྱི་རེད།     ཡིན་ན་ཡང་མིའི་སེམས་ཉིད་དེ་དངོས་པོའི་རྫས་གང་ཞིག་ནས་བཟོས་ཡོད་མ་རེད།

འདི་འདྲ་སོང་ཙང་མི་ཞིག་ཤི་དུས་དེ་འཇིག་གི་ཡོད་མ་རེད།

 

༄༄།  །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན། – Questions and answers about the Christian Faith (01)

༄༄།  །ཡེ་ཤུ་པའི་ཆོས་ལུགས་སྐོར་དྲི་བ་དྲིས་ལན།

Questions and answers about the Christian Faith

Originally published by “researchonwords”

དཀོན་མཆོག་གཅིག་མ་གཏོགས་མེད་པའི་སྐོར་དྲི་བ་དྲིས་ལན།

ལེའུ་དང་པོ།

 

1  དྲི་བ།    ཆོས་བདེན་པ་དེ་ག་ནས་བྱུང་རེད།

ལན།    ཆོས་བདེན་པ་དེ་(རང་བཞིན་གྱིས་གྲུབ་པའི་) དཀོན་མཆོག་ནས་བྱུང་པ་རེད།

 

2   དྲི་བ།    དཀོན་མཆོག་སུ་རེད།

ལན།    ནམ་མཁའ་དང་།    ས་གཞི་དང་།     མི་དང་།    སྲོག་ཆགས་མི་འདྲ་བ་ཚང་མ་བཟོ་གནང་མཁན་

དེ་དཀོན་མཆོག་རེད།

 

3   དྲི་བ།     དཀོན་མཆོག་ག་ཚོད་ཡོད་རེད།

ལན།     དཀོན་མཆོག་གཅིག་ལས་ཡོད་མ་རེད།    ཡིན་ན་ཡང་དཀོན་མཆོག་གཅིག་པུ་འདི་ལ་དབྱེ་ན་གསུམ་

ཡོད་པ་དེ་ཡབ་དང་།     སྲས་དང་།     དམ་པའི་ཐུགས་ཉིད་བཅས་རེད།     དེ་ཚོ་གསུམ་བསྡུས་

ནས་དཀོན་མཆོག་གཅིག་ཆགས་ཀྱི་ཡོད་རེད།

 

4   དྲི་བ།    སངས་རྒྱས་ཀྱི་ཆོས་ནང་གསུངས་པའི་དཀོན་མཆོག་གསུམ་དང་།     རང་བཞིན་གྱིས་གྲུབ་པའི་

དཀོན་མཆོག་གཉིས་གཅིག་པ་རེད་པས།

ལན།    མ་རེད།     གཅིག་པ་མ་རེད།     སངས་རྒྱས་ཀྱི་གྲུབ་མཐའ་གཞིར་བཟུང་བྱས་པ་ཡིན་ན།     དཀོན་

མཆོག་གསུམ་ཟེར་ན་སངས་རྒྱས་དང་།     ཆོས་དང་།     དགེ་འདུན་བཅས་གསུམ་རེད།    ཡིན་ན་

ཡང་ཡེ་ཤུའི་ཆོས་ལུགས་གཞིར་བཟུང་བྱས་པ་ཡིན་ན།    ཡབ་དཀོན་མཆོག་དང་།     སྲས་དང་།

དམ་པའི་ཐུགས་ཉིད་དེ་ཚོ་དཀོན་མཆོག་མི་འདྲ་བ་གསུམ་མ་རེད།     འདི་ཚོ་གསུམ་པོ་དེ་ཚོ་ངོ་བོ་

གཅིག་རེད།

 

5   དྲི་བ།    གནམ་སྔོན་པོ་དེ་དཀོན་མཆོག་རེད་པས།

ལན།    མ་རེད།    གནམ་སྔོན་པོ་དེ་དཀོན་མཆོག་གིས་བཀོད་གནང་པ་རེད།     དེ་དཀོན་མཆོག་མ་རེད།

དཔེར་ན།    བཟོ་པས་བཟོས་པའི་ཅ་ལག་ཅིག་ལས་བཟོ་པ་པོ་དེ་ཆེ་བ་ཡིན་པ་ནང་བཞིན།     དཀོན་

མཆོག་ཁོང་གནམ་སྔོན་པོ་དེ་ལས་ཞེ་དྲགས་ཀྱིས་ཆེ་བ་རེད།

 

6   དྲི་བ།    སངས་རྒྱས་ཤཱ་ཀྱ་ཐུབ་པ་ཁོང་དཀོན་མཆོག་རེད་པས།

ལན།    མ་རེད།     སངས་རྒྱས་ཤཱ་ཀྱ་ཐུབ་པ་ཁོང་ལོ་(2520) ཉི་སྟོང་ལྔ་རྒྱ་ཉི་ཤུ་ཙམ་གྱི་སྔོན་ལ་རྒྱ་གར་ཡུལ་

གྱི་གྲོང་ཁྱེར་སེར་སྐྱའི་རྒྱལ་པོ་ཟས་གཙང་མའི་སྲས་སུ་འཁྲུངས་པ་རེད།     རྗེས་ལ་ཁོང་སྟོན་པ་ཆེན་

པོ་ཞིག་ཆགས་པ་རེད།    ཡིན་ན་ཡང་ཐོག་མ་མེད་པའི་དཀོན་མཆོག་ཁོང་ག་དུས་ཡིན་ནས་ཡོད་པ་

དང་།     ཁོང་སངས་རྒྱས་ཤཱ་ཀྱ་ཐུབ་པ་མ་འཁྲུངས་གོང་ནས་བཞུགས་ཡོད་པ་རེད།

 

7   དྲི་བ།   དགེ་འདུན་པ་ཚོ་དཀོན་མཆོག་རེད་པས།

ལན།    མ་རེད།     ཁོང་ཚོ་དཀོན་མཆོག་མ་རེད།     དགེ་འདུན་པ་ཚོ་སངས་རྒྱས་ཀྱི་སྟན་པ་འཛིན་མཁན་

གཅིག་པུ་རེད།

 

8   དྲི་བ།    ང་ཚོས་དཀོན་མཆོག་མཐོང་ཐུབ་རྒྱུའི་ཁོང་ལ་གཟུགས་ཡོད་རེད་པས།

ལན།    ཡོད་མ་རེད།    དཀོན་མཆོག་ཁོིང་ཚད་མེད་དང་སྐྱོན་དང་བྲལ་བའི་ཐུགས་ཉིད་ཆེན་པོ་རེད།

ཁོང་ང་ཚོའི་ཤའི་མིག་གིས་མཐོང་ཐུབ་ཡག་ཡོད་མ་རེད།

 

9   དྲི་བ།     གལ་སྲིད་དཀོན་མཆོག་ཁོང་ང་ཚོའི་ཤའི་མིག་གིས་མཐོང་ཐུབ་ཡག་མེད་ན།    དཀོན་མཆོག་ཡོད་

པ་དེ་ང་ཚོས་ག་འདྲ་ཧ་གོ་གི་ཡོད་རེད།

ལན།      གལ་སྲིད་ཁྱེད་རང་གིས་ནམ་མཁའ་དང་།     ས་གཞི་དང་།     མི་དང་།     སྲོག་ཆགས་འདྲ་མིན་

དེ་ཚོ་ཚང་མ་ལ་བལྟས་པ་ཡིན་ན།    དཀོན་མཆོག་མངོན་སུམ་དུ་ཡོད་པ་དེ་ང་ཚོས་ཧ་གོ་གི་རེད།

དཔེར་ན།     གལ་སྲིད་ཁྱེད་རང་གིས་ཆུ་མཐོང་པ་ཡིན་ན།    དེའི་ཉེ་འཁོར་ལ་ཆུ་མིག་དང་ཡང་

ན་ཆུ་དེའི་འབྱུང་ཁུངས་གཞན་དག་ཡོད་པ་དེ་ཁྱེད་རང་གིས་ཤེས་ཐུབ་ཀྱི་རེད།    གལ་སྲིད་ཁྱེད་

རང་གིས་ཤིང་སྡོང་ཞིག་མཐོང་པ་ཡིན་ན།     ཤིང་སྡོང་དེ་ལ་རྩ་བ་ཡོད་པ་དེ་ཁྱེད་རང་གིས་ཤེས་

ཐུབ་ཀྱི་རེད།     གལ་སྲིད་ཁྱེད་རང་གིས་ཁང་པ་ཞིག་མཐོང་པ་ཡིན་ན།       ཁང་པ་དེ་མི་ཞིག་

གིས་བཟོས་ཡིན་པ་དེ་ཁྱེད་རང་གིས་ཤེས་ཀྱི་རེད།     བྱས་ཙང་གལ་སྲིད་ཁྱེད་རང་གིས་འཛམ་བུ་

གླིང་དང་དེ་ནང་གང་ཡོད་པ་ཚང་མ་མཐོང་པ་ཡིན་ན།     དེ་ཚོ་ཚང་མའི་བཀོད་པ་པོ་དཀོན་

མཆོག་ཞིག་ཡོད་པ་དེ་ཁྱེད་རང་གིས་ཤེས་ཐུབ་ཀྱི་རེད།

 

10   དྲི་བ།    དཀོན་མཆོག་ག་འདྲ་བྱུང་རེད།

ལན།    དཀོན་མཆོག་ལ་ཐོག་མ་དང་མཐའ་མ་ཡོད་མ་རེད།      ཁོང་ཚད་མེད་སྐྱོན་དང་བྲལ་བའི་

ཐུགས་ཉིད་ཆེན་པོ་རེད།     ཁོང་ལ་འཁྲུངས་འདས་ཡོད་མ་རེད།

 

11  དྲི་བ།    དཀོན་མཆོག་ག་པར་བཞུགས་ཡོད་རེད།

ལན།    མི་དང་མི་འདྲ་བ་དཀོན་མཆོག་ཁོང་གཟུགས་མེད་རེད།     ཁོང་ཚད་མེད་ཐུགས་ཉིད་ཆེན་པོ་

ཡིན་པ་དང་།     ཁོང་ཕྱོགས་གང་སར་ཡོད་རེད། (ཀུན་ཁྱབ།)

 

12  དྲི་བ།    དཀོན་མཆོག་གི་ངོ་བོ་ག་རེ་འདྲ་པོ་ཡོད་རེད།

ལན།    དཀོན་མཆོག་ཁོང་ཁྱད་དུ་འཕགས་པའི་(དམ་པ་) དང་ཡོངས་སུ་དག་པ་རེད།     ཐུགས་རྗེ་ཆེན་

པོའི་བདག་ཉིད་དང་།     ཚད་མེད་བྱམས་དང་སྙིང་རྗེ་ཅན་དེ་ཁོང་གི་ངོ་བོ་རེད།     ཁོང་ཡོངས་སུ་

རྫོགས་པ་མ་ཚང་བ་མེད་པའི་བདག་ཉིད་ཅན་རེད།

 

13  དྲི་བ།    དཀོན་མཆོག་ཁོང་ཐམས་ཅད་མཁྱེན་པ་རེད་པས།

ལན།     ལགས་རེད།    དཀོན་མཆོག་ཁོང་ཐམས་ཅད་མཁྱེན་པ་རེད།

 

14  དྲི་བ།    དཀོན་མཆོག་ཁོང་ཀུན་དབང་རེད་པས།

ལན།     ལགས་རེད།    དཀོན་མཆོག་ཁོང་ཀུན་དབང་རེད།     ཁོང་གིས་ནམ་མཁའ་དང་།     ས་གཞི་

དང་།     མི་དང་།    འཛམ་བུ་གླིང་ནང་གང་ཡོད་པ་ཚང་མ་བཀོད་གནང་པ་རེད།     ཁོང་

ཀུན་དབང་ཐུགས་ཉིད་ཆེན་པོ་རེད།

 

15  དྲི་བ།    དཀོན་མཆོག་ཟེར་བའི་ཚིག་གི་དོན་དག་ག་རེ་རེད།

ལན།     དཀོན་མཆོག་ཟེར་བའི་ཚིག་གི་དོན་དག་གོང་དུ་འགྲེལ་བཤད་བརྒྱབ་པ་ནང་བཞིན་(ནང་པའི་)

དཀོན་མཆོག་གསུམ་ཟེར་གྱི་ཡོད་རེད། (དྲི་བ་4 ལ་གཟིགས་གནང་རོགས།)   ཡིན་ན་ཡང་ཡེ་ཤུ་པ་

ཚོས་ཡབ་དཀོན་མཆོག་དང་།      སྲས་དཀོན་མཆོག་དང་།     དམ་པའི་ཐུགས་ཉིད་ཀྱི་དཀོན་

མཆོག་སྐོར་ལ་ཤོད་དུས།    རང་གྲུབ་དཀོན་མཆོག་ཟེར་བའི་ཐ་སྙད་དེ་བེད་སྤྱོད་བྱེད་ཀྱི་ཡོད་རེད།

ཡིན་ན་ཡང་མཚམས་རེ་ཁོང་ཚོས་མིང་དེ་ཆ་ཚང་བེད་སྤྱོད་མ་བྱས་ནས་དཀོན་མཆོག་ཟེར་ནས་

གཅིག་པུ་འབོད་ཀྱི་ཡོད་རེད།     དེའི་དོན་དག་རང་གྲུབ་དཀོན་མཆོག་ལས་དཀོན་པ་དང་།

ཁོང་ལས་ཁྱད་དུ་འཕགས་པ་སུ་ཞིག་ཡོད་མ་རེད་ཟེར་གྱི་ཡོད་རེད།

 

16  དྲི་བ།    དཀོན་མཆོག་ལ་མཚན་གཞན་དག་ཡོད་རེད་པས།

ལན།     ལགས་ཡོད་རེད།    དཀོན་མཆོག་ལ་མཚན་མི་འདྲ་བ་མང་པོ་ཡོད་རེད།       ཁོང་ལ་ཡ་ཧོ་ལྦེ་དང་།

དམ་པའི་ཞིང་གི་ཡབ་དང་།     དམ་པའི་ཞིང་གི་གཙོ་བོ་ཟེར་ནས་འབོད་ཀྱི་ཡོད་རེད།     ཁོང་ལ་

‘མཐའ་ཡས་པའི་བདེན་པའི་ཐུགས་ཉིད་ཆེན་པོ་’ ཡང་ཞུ་གི་ཡོད་རེད།     ཡིན་ན་ཡང་དཀོན་

མཆོག་གི་རང་བཞིན་ (དང་ངོ་བོ་) གཅིག་ཏུ་འདུས་གྲུབ་བྱས་ཡོད་རེད།

 

17  དྲི་བ།    ‘ཡ་ཧོ་ལྦེ་’ཟེར་བའི་མཚན་གྱི་དོན་ག་རེ་རེད།

ལན།    ཡ་ཧོ་ལྦེ་ནི་རྗིའུའི་ཚིག་ཡིན་པ་དང་།     དེའི་དོན་དག་“རང་བཞིན་གྱིས་གནས་པ་”ཟེར་གྱི་ཡོད་

རེད།     དཀོན་མཆོག་ཁོང་གདོད་མ་ནས་བཞུགས་ཡོད་པ་དང་།      ཁོང་ལ་ཐོག་མ་དང་མཐའ་མ་

ཡོད་མ་རེད།

 

18  དྲི་བ།    ‘ནམ་མཁའི་ཡབ་’ཞུ་བའི་དོན་དག་ག་རེ་རེད།

ལན།    ཚང་མ་དཀོན་མཆོག་གིས་བཀོད་གནང་པ་རེད།     ཁོང་གིས་མི་ཡང་བཀོད་གནང་པ་རེད།

ཁོང་གི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་ཁོང་གིས་ཁོང་ཚོ་ལ་རང་གི་ཟས་གོས་དང་།     ཁོང་རང་ཚོའི་

དགོས་མཁོ་ཚང་མ་གནང་གི་ཡོད་རེད།     འདི་འདྲ་སོང་ཙང་ཁོང་ལ་དམ་པའི་ཞིང་གི་ཡབ་ཞུ་གི་

ཡོད་རེད།

 

19  དྲི་བ།    ‘ནམ་མཁའི་བདག་པོ་’ཞེས་པའི་ཐ་སྙད་དེའི་དོན་དག་ག་རེ་རེད།

ལན།    ‘དཀོན་མཆོག་’ དང་ ‘ནམ་མཁའི་བདག་པོ་’ཞེས་པའི་དོན་དག་གཅིག་རེད།    བདག་པོ་ཟེར་ན་

གཙོ་བོ་ཟེར་གྱི་ཡོད་རེད།    དཀོན་མཆོག་ཁོང་ནམ་མཁའི་བདག་པོ་རེད།     ཁོང་ལས་མཐོ་བ་

དང་།    ཆེ་བ་གཞན་དག་སུ་ཞིག་ཡོད་མ་རེད།    དེ་འདྲ་སོང་ཙང་ཁོང་ལ་‘ནམ་མཁའི་བདག་པོ་’

ཞུ་གི་ཡོད་རེད།

 

20  དྲི་བ།    ‘ཚད་མེད་བདེན་པའི་ཐུགས་ཉིད་ཆེན་པོ་’ཞེས་པའི་ཐ་སྙད་དེའི་དོན་དག་ག་རེ་རེད།

ལན།     དཀོན་མཆོག་ཁོང་མི་དང་མི་འདྲ་བ་ཁོང་གཟུགས་མེད་རེད།     དེ་འདྲ་སོང་ཙང་ཁོང་ལ་ཚད་

མེད་ཐུགས་ཉིད་ཆེན་པོ་ཞེས་འབོད་ཀྱི་ཡོད་རེད།     འཛམ་བུ་གླིང་འདི་ནང་མིས་བཟོས་པའི་

གསེར་དང་།     དངུལ་དང་།     ས་རྡོ་དང་།     ཤིང་གི་ལྷའི་འདྲ་གཟུགས་མང་པོ་ཡོད་རེད།

(ཡིན་ན་ཡང་དཀོན་མཆོག་འདི་ཚོ་འདྲ་པོ་ཡོད་མ་རེད།)   འདི་འདྲ་སོང་ཙང་ཁོང་ལ་ཚད་མེད་

བདེན་པའི་ཐུགས་ཉིད་ཆེན་པོ་ཞེས་འབོད་ཀྱི་ཡོད་རེད།

 

21  དྲི་བ།    འཛམ་བུ་གླིང་གི་མི་ཚོས་སུ་ལ་དད་པ་དང་ཡིད་ཆེས་བྱེད་དགོས་ཀྱི་ཡོད་རེད།

ལན།     ཁོང་ཚོས་འཁྲུངས་འདས་མེད་པའི་ཚད་མེད་བདེན་པའི་ཐུགས་ཉིད་ཆེན་པོ་ཡིན་པ་ཐོག་མ་དང་

མཐའ་མེད་པའི་བདེན་པའི་དཀོན་མཆོག་ཁོང་ལ་དད་པ་དང་ཡིད་ཆེས་བྱེད་དགོས་ཀྱི་ཡོད་རེད།

 

གསུང་མགུར 67 – Psalm 67

གསུང་མགུར 67 – Psalm 67

1  དཀོན་མཆོག་ང་ཚོར་སྙིང་རྗེ་མཛད་དེ་བྱིན་རླབས་གནང་།  ང་ཚོའི་ཐོག་ཏུ་སྙིང་རྗེས་གཟིགས་སུ་གསོལ།

2  དེའི་ཕྱིར་འཇིག་རྟེན་ཡོངས་ཀྱི་ཁྱེད་ཀྱི་ཐུགས་དགོངས་ཤེས།  མི་རིགས་ཚང་མས་ཁྱེད་ཀྱི་ཐར་ལམ་ཤེས།

3  ཀྱེ་དཀོན་མཆོག་མི་རིགས་རྣམས་ཀྱི་ཁྱེད་ལ་བསྟོད་པར་ཤོག།  མི་རིགས་ཀུན་གྱི་ཁྱེད་ལ་བསྟོད་པར་ཤོག།

4  མི་རིགས་ཚང་མས་དགའ་མགུའི་གླུ་ལེན་པར་ཤོག།  གང་ལགས་ཟེར་ན་ཁྱེད་ཀྱི་ཁྲིམས་བཞིན་དེ་ཚོར་ཐུགས་བསམ་བཞེས།  ས་གཞིའི་མི་རིགས་ཀུན་ལ་དབུ་འཁྲིད་གནང་།

5  ཀྱེ་དཀོན་མཆོག་མི་རིགས་རྣམས་ཀྱི་ཁྱེད་ལ་བསྟོད་པར་ཤོག།  མི་རིགས་ཀུན་གྱི་ཁྱེད་ལ་བསྟོད་པར་ཤོག།

6  དཀོན་མཆོག་ང་ཚོའི་དཀོན་མཆོག་ཁོང་གིས་ང་ཚོར་བྱིན་རླབས་གནང་ཡོད་དོ།  ས་གཞིས་རང་གི་སྟོན་ཐོག་འཕེལ་ཞིང་རྒྱས།

7  དཀོན་མཆོག་ཁོང་གིས་ང་ཚོར་བྱིན་རླབས་གནང་།  ས་གནས་ཀུན་གྱི་མི་ཚོས་ཁོང་ལ་གུས་བཀུར་ཞུ་བར་ཤོག།

 

 

1 May God be gracious to us and bless us and make his face to shine upon us, Selah 2 that your way may be known on earth, your saving power among all nations.

3 Let the peoples praise you, O God; let all the peoples praise you!

4 Let the nations be glad and sing for joy, for you judge the peoples with equity and guide the nations upon earth. Selah

5 Let the peoples praise you, O God; let all the peoples praise you!

6 The earth has yielded its increase; God, our God, shall bless us.

7 God shall bless us; let all the ends of the earth fear him!