མངོན་པ། 2:12-17 – Revelation 2:12-17

མངོན་པ།

THE BOOK OF REVELATION

སྒྱུར་འདི་ཀློག་པ་པོ་གསར་པ་ཚོའི་ཆེད་དུ་ཚིག་དོན་གྱི་འགྲེལ་པ་བརྒྱབ་ཡོད།

This translation is paraphrased for new readers (It includes A2A Part-12: Paradise Regained)

2

ལེའུ་གཉིས་པ།

འཆི་བ་ནས་སྐུ་གསོན་བཞེངས་པའི་ཡེ་ཤུ་གིས་པེར་ག་མམ་ནང་ཡོད་པའི་ཁོང་ལ་དད་པ་བྱེད་མཁན་ཚོ་ལ་གང་གསུངས་པ།

(3) What the Risen Jesus said to the believers in Him at Pergamum

12-13 (ལྗཱོན་ལ་པེར་སྒ་མམ་ནང་ཡོད་པའི་ཆོས་ཚོགས་ཀྱི་ཕོ་ཉ་ཁོང་ལ་ཡི་གེ་ཞིག་འབྲི་དགོས་པའི་བཀའ་བཀོད་གནང་བ།)  རལ་གྲི་ཁ་གཉིས་མ་རྣོ་པོ་ཡོད་པ་ཁོང་གིས་འདི་གསུང་གི་འདུག །ཁྱེད་རང་ཚོ་ག་པར་གནས་སྡོད་བྱེད་ཀྱི་ཡོད་པ་དེ་ངས་ཤེས་ཀྱི་ཡོད། ཁྱེད་རང་ཚོ་(སེམས་ཉིད་ངན་པའི་དཔོན་པོ་) སེ་ཀྲེན་གྱིས་དབང་སྒྱུར་བྱེད་སའི་གནས་དེ་ནང་སྡོད་ཀྱི་ཡོད་རེད། ད་དུང་ཁྱེད་རང་ཚོས་མུ་མཐུད་ནས་ང་ལ་དད་པ་དང་དམ་ཚིག་བསྲུངས་པ་རེད། ལྷག་བསམ་གཡོ་བ་མེད་པའི་ངའི་ཞབས་ཕྱི་ཨེན་ཊི་པྶ་ཁོང་སེམས་ཉིད་ངན་པའི་དཔོན་པོ་སེ་ཀྲེན་གྱི་སྡོད་གནས་འདི་ནང་བསད་ན་ཡང་ཁྱེད་རང་ཚོས་ང་ལ་ཡིད་ཆེས་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་མ་རེད། ཁྱེད་རང་ཚོས་གཞན་དག་ཚོ་ལ་ངའི་སྐོར་བཤད་པ་དང་། ཁྱེད་རང་ཚོས་ད་དུང་མུ་མཐུད་ནས་དེ་འདྲ་བྱེད་ཀྱི་ཡོད་རེད།

12-13 (John was instructed to write to the angel of the church in Pergamum). ‘These are the words of him who has the sharp two-edged sword: I know where you live. You live in the place where Satan rules. But despite this you remain loyal to me. Even though my faithful servant, Antipas, was martyred in this place where Satan rules you did not stop believing in me. You told others about me and you continue to do so.

14 ཡིན་ན་ཡང་ངས་ཁྱེད་རང་ཚོ་ལ་སྐྱོན་བརྗོད་བྱེད་ཡག་ཁ་ཤས་ཡོད། དེར་ཁྱེད་རང་ཚོའི་ཁྲོད་ལ་སྦེ་ལམ་གྱི་སློབ་སྟོན་ལ་བརྩི་བཀུར་བྱེད་མཁན་མི་འདུག །སྦེ་ལམ་གྱིས་སྦེ་ལཀ་ལ་ཨིཛ་རེལ་པའི་མི་ཚོ་སྡིག་ལས་ག་འདྲ་བྱེད་འཇུག་དགོས་ཀྱི་ཡོད་པ་དེ་བསླབས་པ་རེད། ཁོང་ཚོས་འདྲ་བརྙན་ལ་བཤམས་པའི་ཟས་བཟས་ནས་སྡིག་ལས་བྱས་པ་དང་། ཚུལ་མིན་གྱི་འཁྲིག་པ་སྤྱད་པ་རེད།

14 But I have a few things to criticize you for. There are people among you who follow the teachings of Balaam. Balaam taught Balak how to make the people of Israel sin. They committed sin by eating food that had been offered to idols and they indulged in acts of sexual immorality.

15 ཁྱེད་རང་ཚོས་ནི་ཀོ་ལྶ་གི་[ཚུལ་མིན་གྱི་] སློབ་སྟོན་ཉམས་ལེན་བྱེད་མཁན་མི་ཁ་ཤས་ལ་ལྷོད་ཡངས་ཀྱང་གཏོང་གི་ཡོད་རེད། [ཁྱེད་རང་ཚོས་ཁོ་ཚོ་ལ་ཁ་རྡུང་གཏོང་དགོས་ཀྱི་ཡོད་རེད།] 

15 You also tolerate some people who practice the [immoral] teachings of Nicholas. [You should have rebuked them].

16 དེ་འདྲ་སོང་ཙང་ཁྱེད་རང་ཚོ་འགྱོད་པ་བྱེད་པ་དང་(རང་གི་ཀུན་སྤྱོད་རྦད་དེ་འགྱུར་བ་གཏང་དགོས།)  དེ་འདྲ་མ་བྱས་པ་ཡིན་ན། ང་ཐོག་རྒྱག་གོབ་རྒྱག་ཁྱེད་རང་ཚོའི་སར་ཡོང་ནས་ང་རང་གི་ཁ་ནས་ཐོན་གྱི་ཡོད་པའི་གྲི་དེ་བེད་སྤྱོད་བྱེད་ནས་ཁོ་ཚོ་ལ་དམག་བརྒྱབ་ཀྱི་ཡིན།

16 Therefore repent (and totally change your behavior). Otherwise I will suddenly come to you and will fight against them using the sword that comes out of my mouth.

17 ཉན་མཁན་ཚོ་དང་(གོ་རྟོགས་འཚོལ་མཁན་ཚོ་) ཚང་མས་[དམ་པའི་] ཐུགས་ཉིད་ལ་ཉན་པ་དང་། ཁོང་གིས་ཆོས་ཚོགས་ཚོ་ལ་ག་རེ་གསུང་གི་ཡོད་པའི་དོན་དག་རྟོགས་པར་བྱེད་དགོས། [སེམས་ཉིད་ངན་པའི་དཔོན་པོ་སེ་ཀྲེན་གྱི་ཐོག་] རྒྱལ་ཁ་ཐོབ་པའི་མི་ཚང་མ་ལ་ངས་སྦ་གསང་བྱས་པའི་(དམིགས་བསལ་གྱི་ཟས་) མེན་ན་དེ་ནས་ཏོག་ཙམ་སྤྲད་ཀྱི་ཡིན། དེ་ག་ནང་བཞིན་ངས་ཁོང་ཚོ་མི་རེ་རེ་ལ་རྡོ་དཀར་པོ་རེ་རེ་ཡང་སྤྲད་ཀྱི་ཡིན། ངས་རྡོ་དེའི་སྒང་ལ་མིང་གསར་པ་ཞིག་འབྲི་གི་ཡིན། རྡོ་དེ་འཐོབ་མཁན་མི་དེས་མ་གཏོགས་གཞན་དག་སུ་ཞིག་གིས་རྡོ་དེའི་སྒང་ལ་ཡོད་པའི་མིང་དེ་ག་རེ་ཡིན་པ་དེ་ཧ་གོ་གི་མ་རེད།

17 All those who hear (and seek to understand), should listen to the [Holy] Spirit and grasp the meaning of what He is saying to the Churches. To everyone who is victorious [over Satan] I will give some of the manna (the special food) that was hidden. I will also give each one a white stone. And I will write a new name on that stone. Nobody will know the name that is on that stone except the person who receives it.’

Bible Study – Peter #16

Bible Study – Peter #16

པེ་ཏྲོ། ༡ 5:12-14

12 ངས་བློ་གཏད་ཆོག་པར་རྩི་བའི་སྤུན་ཟླ་སིལ་ཝ་ནུ་བརྒྱུད་ནས་ཡིག་གེ་ཐུང་ངུ་འདི་བྲིས། ཁྱེད་ཚོར་སྐུལ་ཞིང༌། ཡི་གེ་འདིར་བཀོད་པ་ནི་དཀོན་མཆོག་གི་ཐུགས་རྗེ་བདེན་པ་ཡིན་པར་དཔང་པོ་བྱེད་པའི་ཆེད་དུ་ཡིན། དེ་ལ་བརྟན་པོར་གནས་ཤིག

13 སྦ་བི་ལོན་གྲོང་ཁྱེར་ལ་ཡོད་པའི་ཆོས་ཚོགས་ཁྱེད་རྣམས་ལྟར་བདམས་པ་དང༌། ངའི་བུ་ལྟར་ཡིན་པ་མར་ཀུས་ཁྱེད་ཚོར་འཚམས་འདྲི་ཞུ།

14 བྱམས་སེམས་ཀྱི་ཐོག་ནས་གཅིག་གིས་གཅིག་ལ་འོ་ཡིས་འཚམས་འདྲི་ཞུས། མཱ་ཤི་ཀའི་ནང་ན་གནས་པ་ཁྱེད་ཚོ་ཐམས་ཅད་ལ་ཞི་བདེ་དང་ལྡན་པར་གྱུར་ཅིག ། །།

Study Points

. Peter was addressing God’s sheep scattered and living in different places and circumstances

. Wherever we may be we share a common faith and destiny in Christ

. We are encouraged to find peace in Christ and to persevere in faith

1 Peter 5:12-14

12 By Silvanus, a faithful brother as I regard him, I have written briefly to you, exhorting and declaring that this is the true grace of God. Stand firm in it. 13 She who is at Babylon, who is likewise chosen, sends you greetings, and so does Mark, my son. 14 Greet one another with the kiss of love. Peace to all of you who are in Christ.

གསུང་མགུར 119: 121-128 – Psalm 119:121-128

གསུང་མགུར 119: 121-128 – Psalm 119:121-128

121  ང་ཡིས་དྲང་པོ་དང་ནི་བཟང་པོ་ལ་སོགས་གྱིས།  ང་ལ་དགྲ་བོའི་ལག་ཏུ་གཏོང་བ་མ་གནང་ཞིག།

 

122  རང་གི་བྲན་གཡོག་ལ་ནི་རོགས་བྱེད་ཕྱིར་ཞལ་ཆེ་མཛོད།  ང་ལ་ང་རྒྱལ་ཅན་ཚོས་དབང་གནོན་བྱེད་མ་འཇུག།

 

123  ཁྱེད་ཀྱིས་ཐར་ལམ་ཆེད་དུ་ཞལ་ཆེ་གནང་ཡོད་ཅིང་།  དེ་ལ་བལྟ་བཞིན་ང་ཡི་མིག་ནི་ཐང་ཆད་ཡོད།

124  རང་གི་རྒྱུན་ལྡན་ཐུགས་བརྩེ་བཞིན་དུ་ང་ལ་སྤྱོད་ལམ་གནང་།  ང་ལ་ཁྱེད་ཀྱི་བཀའ་རྒྱ་རྣམས་བསླབ་པར་མཛོད།

 

125  ང་ནི་ཁྱེད་ཀྱི་བྲན་གཡོག་ཡིན་ང་ལ་བློ་གྲོས་གནང་དུ་གསོལ།  ཁྱེད་ཀྱི་སློབ་སྟོན་རྣམས་ནི་ཤེས་པའི་ཕྱིར།

126  གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་འཕྲིན་ལས་མཛད་པའི་དུས་ལ་བབས།  གང་ལགས་ཟེར་ན་མི་ཚོས་ཁྱེད་ཀྱི་བཀའ་ཁྲིམས་ལ་ནི་མི་སྲུང་ངོ།

 

127  དེའི་ཕྱིར་ང་ཡིས་ཁྱེད་ཀྱི་བཀའ་དེ་རྣམས་ལ་ནི།  རིན་ཐང་ཅན་གྱི་གསེར་ལས་གཅེས་པར་འཛིན་གྱི་ཡོད།

128  དེའི་ཕྱིར་ང་ནི་ཁྱེད་ཀྱི་སློབ་སྟོན་ཚང་མ་སྲུང་།  ངན་པའི་ལམ་ཚང་མར་སྡང་པོ་བྱས་ཀྱི་ཡོད༎

 

 

121 I have done what is just and right; do not leave me to my oppressors.

122 Give your servant a pledge of good; let not the insolent oppress me.

123 My eyes long for your salvation and for the fulfillment of your righteous promise.

124 Deal with your servant according to your steadfast love, and teach me your statutes.

125 I am your servant; give me understanding, that I may know your testimonies!

126 It is time for the Lord to act, for your law has been broken.

127 Therefore I love your commandments above gold, above fine gold.

128 Therefore I consider all your precepts to be right; I hate every false way.