མངོན་པ། 3:7-13 – Revelation 3:7-13

མངོན་པ།

THE BOOK OF REVELATION

སྒྱུར་འདི་ཀློག་པ་པོ་གསར་པ་ཚོའི་ཆེད་དུ་ཚིག་དོན་གྱི་འགྲེལ་པ་བརྒྱབ་ཡོད།

This translation is paraphrased for new readers (It includes A2A Part-12: Paradise Regained)

3

ལེའུ་གསུམ་པ།

འཆི་བ་ནས་སྐུ་གསོན་པོ་བཞེངས་པའི་ཡེ་ཤུ་གིས་ཕི་ལེ་ཌེལ་ཕི་ཡ་ནང་ཡོད་པའི་ཁོང་ལ་དད་པ་བྱེད་མཁན་ཚོ་ལ་གང་གསུངས་པ།

(6) What the Risen Jesus said to the believers in him at Philadelphia

7 (ལྗཱོན་ལ་ཕི་ལེ་ཌེལ་ཕི་ཡཱ་ནང་ཡོད་པའི་ཆོས་ཚོགས་ཀྱི་ཕོ་ཉ་ཁོང་ལ་ཡི་གེ་ཞིག་འབྲི་དགོས་པའི་བཀའ་བཀོད་གནང་བ་རེད།)  བཟང་པོ་ཡོངས་སུ་རྫོགས་པ་དང་བདེན་པ་ཡིན་པ་ཁོང་ལ་ཉོན་ཞིག །ཁོང་གིས་ཌེ་ལྦིདྲ་གི་ལྡེ་མིག་བཟུང་ཡོད་པ་དང་། ཁོང་གིས་[སྒོ་] ག་འདྲ་ཞིག་ཕྱེ་བ་ཡིན་ནས་དེ་སུ་ཞིག་གིས་རྒྱག་ཐུབ་ཀྱི་མ་རེད། ཁོང་གིས་[སྒོ་] ག་འདྲ་ཞིག་བརྒྱབ་པ་ཡིན་ནས་དེ་སུ་གང་གིས་འབྱེད་ཐུབ་ཀྱི་མ་རེད། 

7 (John was instructed to write to the angel of the church in Philadelphia). ‘These are the words of him who is completely good and true. He holds the key of David and whatever [door] he opens, no one can shut. And whatever [door] he closes, no one can open:

8 ཁྱེད་རང་ཚོས་ག་རེ་བྱེད་ཀྱི་ཡོད་པ་ཚང་མ་ངས་ཤེས་ཀྱི་ཡོད། ལྟོས་དང་། ངས་མི་སུ་ཞིག་གིས་རྒྱབ་མི་ཐུབ་པའི་སྒོ་ཞིག་ཁྱེད་རང་ཚོའི་ཆེད་དུ་ཕྱེ་ཡོད། ཁྱེད་རང་ཚོ་ལ་དཔུང་སྟོབས་[དང་ཤུགས་རྐྱེན་] ཞེ་དྲག་མེད་པ་དང་། [མི་ཚོས་ཁྱེད་རང་ཚོ་ལ་ཆེ་མཐོང་བྱེད་ཀྱི་མེད་པ་དེ་] ངས་ཤེས་ཀྱི་ཡོད། ད་དུང་ཁྱེད་རང་ཚོས་ངའི་བཀའ་བཀོད་ལ་བརྩི་བཀུར་བྱས་པ་དང་། ཁྱེད་རང་ཚོས་ང་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་དེ་གཞན་དག་ཚོ་ལ་བློ་སྟོབས་ཆེན་པོའི་སྒོ་ནས་ཤོད་ཀྱི་ཡོད་རེད།

8 I know everything that you do. Look! I have opened a door for you that no one can close. I know that you have little strength [and influence, and that people do not honor you]. Nevertheless you have obeyed my instructions and boldly tell others that you believe in me.

9 སེ་ཀྲེན་གྱི་འདུ་ཁང་ནང་ཡོད་པའི་མི་ཚོ་དང་། [རྗིའུ་] མ་ཡིན་པར་ཡིན་ཟེར་མཁན་མི་དེ་ཚོ་ངས་ཁྱེད་རང་ཚོའི་མདུན་ལ་ཡོང་དགོས་པ་བཟོ་གི་ཡིན། རྫུན་ཤོད་མཁན་འདི་ཚོས་ས་ལ་ཕྱག་འཚལ་ནས་ངས་ཁྱེད་རང་ལ་བྱམས་བརྩེ་བྱེད་ཀྱི་ཡོད་པ་དེ་ཁོ་ཚོས་ངོས་ལེན་བྱེད་ཀྱི་རེད།

9 I will make those who are in Satan’s synagogue and who claim to be Jews but are not, come before you. These liars will prostrate on the ground and will acknowledge that I love you.

10 ཁྱེད་རང་ཚོས་སྙིང་རུས་བྱེད་ཀྱི་ཡིན་པའི་ངའི་བཀའ་དེ་ལ་བརྩི་བཀུར་བྱས་པ་རེད། འདི་ལ་བརྟེན་ནས་ས་གཞི་ཡོངས་རྫོགས་ལ་འབྱུང་གྲབས་ཡོད་པའི་དཀའ་ངལ་གྱི་དུས་ཚོད་[དེའི་རིང་] ང་ཁྱེད་རང་ཚོ་ལ་ཉེན་སྲུང་བྱེད་ཀྱི་ཡིན། སྡུག་བསྔལ་ཆེ་བའི་དུས་ཚོད་དེས་ས་གཞི་ཐོག་ཡོད་པའི་མི་ཚོ་ལ་ཚོད་ལྟ་བྱེད་ཀྱི་རེད། 

10 You have obeyed my command to endure patiently. And because of this, I will protect you   [during] the time of trouble that is about to come upon the whole world. This time of great suffering will test those who live on the earth.

11 ང་མགྱོགས་པོ་ཡོང་གི་ཡོད། ཁྱེད་རང་ཚོ་(ང་ལ་) ཡོད་པའི་དད་པ་དེ་མ་བརླག་པ་བྱེད་རོགས། [གལ་སྲིད་ཁྱེད་རང་ཚོས་མུ་མཐུད་ནས་ང་ལ་ཡིད་ཆེས་བྱས་པ་ཡིན་ན།] སུ་གང་གིས་ཁྱེད་རང་ཚོའི་རྒྱལ་ཁའི་མགོ་རྒྱན་འཕྲོག་ཐུབ་ཀྱི་མ་རེད།

11 I am coming soon. Do not abandon the faith you have (in me). [If you continue to believe in me] then no one can take away your (victor’s) crown.

12 རྒྱལ་ཁ་ཐོབ་པའི་མི་ཚང་མ་ངས་ང་རང་གི་དཀོན་མཆོག་གི་མཆོད་ཁང་ནང་གི་ཀ་བ་དེ་ཚོ་[འདྲ་པོ་] བཟོ་གི་ཡིན། ཁོང་ཚོ་ཡང་བསྐྱར་གནས་དེ་བཞག་ནས་འགྲོ་དགོས་པ་ག་དུས་ཡིན་ནས་ཆགས་ཀྱི་མ་རེད། ངས་ཁོང་ཚོའི་ཐོག་ལ་ང་རང་གི་དཀོན་མཆོག་གི་མཚན་དང་ང་རང་གི་དཀོན་མཆོག་གི་གྲོང་ཁྱེར་གྱི་མིང་ཡང་འབྲི་གི་ཡིན། གྲོང་ཁྱེར་དེ་ལ་ལྗུ་རུ་ས་ལེམ་གསར་པ་ཟེར་གྱི་ཡོད་པ་དང་། དེ་དམ་པའི་ཞིང་ནས་མར་ཕེབས་ཀྱི་རེད། ངས་མི་དེ་ཚོའི་ཐོག་ལ་ང་རང་གི་མིང་གསར་པ་དེ་ཡང་འབྲི་གི་ཡིན།

12 I will make all those who are victorious [to be like] pillars in the Temple of my God and they will never again leave it. I will [also] write the name of my God on them, and the name of the city of my God. The city is called the ‘New Jerusalem’ and it will come down out of Heaven. I will also write my new name upon those people.

13 ཐོས་མཁན་(དང་གོ་རྟོགས་འཚོལ་མཁན་) ཚོས་[དམ་པའི་] ཐུགས་ཉིད་ལ་ཉན་ནས་ཁོང་གིས་ཆོས་ཚོགས་ཚོ་ལ་ག་རེ་གསུང་གི་ཡོད་པ་དེའི་དོན་དག་རྟོགས་པ་བྱེད་དགོས།

13 All those who hear (and seek to understand), should listen to the [Holy] Spirit and grasp the meaning of what He is saying to the Churches.’

Bible Study – Peter #19

Bible Study – Peter #19

པེ་ཏྲོ། ༢ 1:12-15

12 ཁྱེད་ཚོས་དོན་དེ་རྣམས་ཤེས་ཤིང༌། ཁྱེད་ལ་ཡོད་པའི་བདེན་པ་ལ་བརྟན་པོར་གནས་ཀྱང༌། ངས་རྟག་ཏུ་དོན་དེ་ཚོའི་སྐོར་དྲན་སྐུལ་བྱེད་པར་འདོད།

13 ང་ལུས་ཕུང་གི་གུར་འདིའི་ནང་ཡོད་རིང་ཁྱེད་ཚོར་དྲན་སྐུལ་བྱེད་པ་དེ་འོས་པར་སེམས།

14 གང་ཡིན་ཟེར་ན། ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀས་ང་ལ་གསལ་པོར་བསྟན་པ་ལྟར་ངའི་ལུས་ཕུང་གི་གུར་འདི་རྡིབས་པའི་དུས་ཉེ་བ་ཡིན་པར་ཤེས།

15 ང་འཆི་བའི་རྗེས་སུ་ཡང་ཁྱེད་ཚོས་རྟག་ཏུ་དོན་འདི་རྣམས་དྲན་ཐུབ་པའི་ཆེད་དུ་ངས་བརྩོན་པར་བྱེད་རྒྱུ་ཡིན།

Study Points

. Peter speaks of his soon physical death and his purpose to ensure the sheep well taught to persevere in faith

. Looking back in history we know Peter was executed by Rome Emperor Nero

. As Christ was wrongfully crucified and died, likewise Peter was wrongfully executed

. Peter knew his physical death would be of concern for the faith of the sheep he was ministering to and thus continue to encourage them to persevere in their trust and obedience to God’s word

2 Peter 1:12-15

12 Therefore I intend always to remind you of these qualities, though you know them and are established in the truth that you have. 13 I think it right, as long as I am in this body, to stir you up by way of reminder, 14 since I know that the putting off of my body will be soon, as our Lord Jesus Christ made clear to me. 15 And I will make every effort so that after my departure you may be able at any time to recall these things.

གསུང་མགུར 119: 145-152 – Psalm 119:145-152

གསུང་མགུར 119: 145-152 – Psalm 119:145-152

145  ང་ནི་རང་གི་སེམས་ནས་ཁྱེད་ལ་འབོད་ཀྱིས་ཡོད།  བཀའ་ལན་གནོང་ཞིག་ཁྱེད་ཀྱི་བཀའ་ཁྲིམས་ཚང་མ་སྲུང་གིས་ཡིན།

146  ང་ནི་ཁྱེད་ལ་འབོད་པས་ང་ལ་སྐྱོབ་ཏུ་གསོལ།  ང་ནི་ཁྱེད་ཀྱི་བཀའ་ཁྲིམས་སྲུང་གིས་ཡིན།

147  ཉི་ཤར་སྔོན་དུ་ང་ལ་སྐྱབས་ཕྱིར་ཁྱེད་ལ་འབོད།  ཁྱེད་ཀྱི་ཞ་ཆེ་དེ་ལ་ང་ཡི་རེ་བ་བྱས།

148  ང་ནི་ཁྱེད་ཀྱི་སློབ་སྟོན་རྣམས་ལ། སྒོམ་ཕྱིར་མཚན་གང་ལངས་ནས་བསྡད་ཀྱི་ཡོད།

149  ཁྱེད་ཀྱི་རྒྱུན་ཆད་མེད་པའི་བྱམས་བརྩེའི་རྐྱེན་གྱིས་ནི།  ང་ཡི་ཞུ་བར་གསན་ཞིག་གཙོ་བོ་དཀོན་མཆོག་ལགས།  ཁྱེད་ཀྱི་སྙིང་རྗེའི་སྒོ་ནས་ང་ཡི་མི་ཚེ་སྐྱོབ།

150  ཁྱེད་ཀྱི་བཀའ་ཁྲིམས་ནམ་ཡང་མི་སྲུང་མཁན་རྣམས་ནི།  ང་ཡི་སྡུག་ཙུབ་ཅན་གྱི་བརྡབ་སིགས་གཏང་མི་དེ་ཚོ་ཉེ་བར་འདུག།

151  འོན་ཀྱང་གཙོ་བོ་དཀོན་མཆོག་ཁྱེད་ནི་ངའི་འགྲམ་ཡོད།  ཁྱེད་ཀྱི་བཀའ་རྒྱ་ཡོངས་རྫོགས་རྟག་ཏུ་གནས་པར་འགྱུར།

152  སྔོན་ནས་ང་ཡིས་ཁྱེད་ཀྱི་སློབ་སྟོན་སྐོར་སྦྱངས་པ་ཡིན།  ཁྱེད་ཀྱིས་དེ་རྣམས་རྟག་ཏུ་གནས་ཕྱིར་བཟོས་གནང་ངོ་༎

 

 

145 With my whole heart I cry; answer me, O Lord! I will keep your statutes.

146 I call to you; save me, that I may observe your testimonies.

147 I rise before dawn and cry for help; I hope in your words.

148 My eyes are awake before the watches of the night, that I may meditate on your promise.

149 Hear my voice according to your steadfast love; O Lord, according to your justice give me life.

150 They draw near who persecute me with evil purpose; they are far from your law.

151 But you are near, O Lord, and all your commandments are true.

152 Long have I known from your testimonies that you have founded them forever.