མངོན་པ། 2:1-7 – Revelation 2:1-7

མངོན་པ།

THE BOOK OF REVELATION

སྒྱུར་འདི་ཀློག་པ་པོ་གསར་པ་ཚོའི་ཆེད་དུ་ཚིག་དོན་གྱི་འགྲེལ་པ་བརྒྱབ་ཡོད།

This translation is paraphrased for new readers (It includes A2A Part-12: Paradise Regained)

 

2

ལེའུ་གཉིས་པ།

འཆི་བ་ནས་སྐུ་གསོན་པོ་བཞེངས་པའི་ཡེ་ཤུ་ཡིས་ཨེ་ཕི་སྶ་ནང་ཡོད་པའི་ཁོང་ལ་དད་པ་བྱེད་མཁན་ཚོ་ལ་གང་གསུངས་པ།

(1) What the Risen Jesus said to the believers in him at Ephesus

 

1 (ལྗཱོན་ལ་ཨེ་ཕི་སྶ་ནང་ཡོད་པའི་ཆོས་ཚོགས་ཀྱི་ཕོ་ཉ་ཁོང་ལ་ཡི་གེ་ཞིག་འབྲི་དགོས་པའི་བཀའ་བཀོད་གནང་པ་རེད།)  རང་གི་ཕྱག་ནང་སྐར་མ་བདུན་སྣོམ་ཡོད་པ་དང་། གསེར་གྱི་ཞུ་ཀྱག་བདུན་པོ་དེ་ཚོའི་ཁྲོད་ལ་ཞབས་ཐང་ཕེབས་མཁན་ཁོང་གིས་གསུངས་པའི་ཚིག་འདི་ཚོ་རེད། 

1 (John was instructed to write to the angel [the message bearer] of the church in Ephesus). ‘These are the words of him who holds the seven stars in his right hand and who walks among the seven golden lamp-stands:

2 ཁྱེད་རང་ཚོས་ག་རེ་བྱེད་ཀྱི་ཡོད་པ་ཚང་མ་ངས་ཤེས་ཀྱི་ཡོད། ཁྱེད་རང་ཚོས་དཀའ་ལས་ག་ཚོད་བརྒྱབ་པ་དང་། བཟོད་སྲན་ག་འདྲ་བྱས་པ་དེ་ངས་ཤེས་ཀྱི་ཡོད། ཁྱེད་རང་ཚོས་མི་ངན་པ་སུ་ཡིན་ནས་དེ་ཚོ་ལ་བཟོད་སྲན་བྱེད་ཀྱི་མིན་པ་དེ་ངས་ཤེས་ཀྱི་ཡོད། ཁྱེད་རང་ཚོའི་ཁྲོད་ལ་ཡོད་པའི་[ཡེ་ཤུའི་] སྐུ་ཚབ་མ་ཡིན་པར་ཡིན་ཟེར་མཁན་མི་དེ་ཚོ་ལ་ཁྱེད་རང་ཚོས་གཟབ་གཟབ་བྱས་ནས་བརྟག་དཔྱད་བྱས་པ་རེད། ཁྱེད་རང་ཚོས་ཁོ་ཚོ་སྐྱག་རྫུན་ཡིན་པ་དེ་ཧ་གོ་བ་རེད།

2 I know everything that you do. I know how hard you have worked and how patient you have been. I know that you will not put up with anyone who is evil. You have carefully examined those people amongst you who claim to be apostles [of Jesus] but are not. You have discovered that they are liars!

3 ཁྱེད་རང་ཚོ་ངའི་དོན་ལ་དཀའ་ལས་མྱང་[ན་ཡང་] ཁྱེད་རང་ཚོས་མུ་མཐུད་ནས་བཟོད་སྲན་བྱས་པ་རེད། ཁྱེད་རང་ཚོ་ཡིད་ཐང་མ་ཆད་པ་[དང་ཁྱེད་རང་ཚོས་མུ་མཐུད་ནས་ང་ལ་དད་པ་ཤུགས་ཆེན་པོ་བྱེད་ཀྱི་ཡོད་རེད།] 

3 [Even though] You have suffered trouble on account of me you have continued to endure patiently. You have not grown weary [and your faith in me remains strong].

4 ཡིན་ན་ཡང་ངས་ཁྱེད་རང་ཚོ་ལ་སྐྱོན་བརྗོད་བྱེད་ཡག་གཅིག་ཡོད། དེ་གང་ཡིན་ཟེར་ན། ཁྱེད་རང་ཚོས་དང་པོ་ཐོག་མ་ང་ལ་གཅེས་པོ་བྱེད་དུས། ཁྱེད་རང་ཚོས་ང་ལ་དཔེ་མི་སྲིད་པའི་གཅེས་པོ་བྱས་པ་རེད། ཡིན་ན་ཡང་ད་ལྟ་ཁྱེད་རང་ཚོས་ང་ལ་དེ་ཙམ་གྱིས་གཅེས་པོ་བྱེད་ཀྱི་ཡོད་མ་རེད།

4 But there is one matter I must criticize you for. When you first loved me, you loved me very much. But you do not love me as much now.

5 དེ་འདྲ་སོང་ཙང་བར་སྐབས་གཅིག་ལ་ཁྱེད་རང་ཚོས་ང་ལ་གཅེས་པོ་ག་ཚོད་བྱས་པ་དེ་དྲན་པ་བྱིས། (ད་ལྟ་) ཁྱེད་རང་ཚོས་བྱེད་བཞིན་ཡོད་པའི་བྱ་བ་ངན་པ་དེ་ཚོ་ལ་འགྱོད་པ་བྱིས། ཁྱེད་རང་ཚོས་ཐོག་མ་ང་ལ་བློ་གཏད་བཅོལ་བའི་སྐབས་བྱ་བ་བཟང་པོ་བསྒྲུབས་པ་དེ་ཚོ་ཡང་བསྐྱར་བྱེད་རོགས། གལ་སྲིད་ཁྱེད་རང་ཚོས་འགྱོད་པ་མ་བྱས་པ་དང་། རང་གི་ཀུན་སྤྱོད་འགྱུར་བ་མ་བཏང་པ་ཡིན་ན། ང་ཁྱེད་རང་ཚོའི་སར་ཡོང་ནས་ཆོས་ཚོགས་དེ་ཚོའི་ཁྲོད་ནས་ཁྱེད་རང་ཚོའི་ཞུ་ཀྱག་དེ་ཚོ་རང་ས་ནས་གདོན་གྱི་ཡིན། 

5 Remember therefore how much you once loved me. Be sorry about the bad things that you are doing (now). Do again those good actions that you did when you first put your trust in me. If you do not repent and change your behaviour, I will come to you and I will take away your lamp-stand from its place among the churches.

6 ཡིན་ན་ཡང་ཁྱེད་རང་ཚོས་ཡང་དག་པའི་ལས་ཀ་གཅིག་བྱེད་ཀྱི་འདུག །དེ་གང་ཡིན་ཟེར་ན། ཁྱེད་རང་ཚོས་ནི་ཀོ་ལྶ་གི་སློབ་སྟོན་ཉམས་ལེན་བྱེད་མཁན་མི་དེ་ཚོའི་ཚུལ་མིན་གྱི་སྤྱོད་པ་ལ་སྡང་པོ་བྱེད་ཀྱི་འདུག །ང་ཡང་ཁོ་ཚོའི་(ལག་ལེན་ངན་པ་དེ་ཚོ་ལ་) སྡང་སེམས་སྐྱེ་གི་འདུག

6 But you are doing one thing right! That is, you hate the immoral behaviour of the people who practice the teachings of Nicholas. I also hate their (evil practices).

7ཉན་འདོད་ཡོད་པ་དང་(གོ་རྟོགས་འཚོལ་རྒྱུའི་) འདོད་པ་ཡོད་པའི་མི་ཚང་མས་དཀོན་མཆོག་གི་[དམ་པའི་] ཐུགས་ཉིད་ཀྱིས་ཆོས་ཚོགས་ལ་ག་རེ་གསུང་གི་ཡོད་པ་དེ་ལ་ཉན་དགོས། [ངན་པའི་དཔུང་ཤུགས་ཀྱི་ཐོག་] རྒྱལ་ཁ་ཐོབ་པའི་མི་ཚོ་ལ་ངས་དམ་པའི་ཞིང་གི་སྐྱེད་མོས་ཚལ་ནང་ཡོད་པའི་སྲོག་སྦྱིན་གྱི་སྡོང་པོ་ནས་འབྲས་བུ་ཟ་རྒྱུའི་དམིགས་བསལ་གྱི་ཐོབ་ཐང་སྤྲད་ཀྱི་ཡིན།

7 All those who want to hear (and seek to understand) should listen to what God’s [Holy] Spirit is saying to the Churches. To those who are victorious [over the forces of evil] I will give the privilege of eating fruit from the ‘Tree of Life’ which is in Heaven’s Garden.’