མངོན་པ། 2:8-11 – Revelation 2:8-11

མངོན་པ།

THE BOOK OF REVELATION

སྒྱུར་འདི་ཀློག་པ་པོ་གསར་པ་ཚོའི་ཆེད་དུ་ཚིག་དོན་གྱི་འགྲེལ་པ་བརྒྱབ་ཡོད།

This translation is paraphrased for new readers (It includes A2A Part-12: Paradise Regained)

2

ལེའུ་གཉིས་པ།

འཆི་བ་ནས་སྐུ་གསོན་པོ་བཞེངས་པའི་ཡེ་ཤུ་གིས་སྨར་ན་ལ་ཡོད་པའི་ཁོང་ལ་དད་པ་བྱེད་མཁན་ཚོ་ལ་གང་གསུངས་པ།

(2) What the Risen Jesus said to the believers in him at Smyrna

8-9 (ལྗཱོན་ལ་སྨར་ན་ནང་ཡོད་པའི་ཆོས་ཚོགས་ཀྱི་ཕོ་ཉ་དེ་ལ་ཡི་གེ་ཞིག་འབྲི་དགོས་པའི་བཀའ་བཀོད་གནང་པ་རེད།)  ཐོག་མ་དང་མཐའ་མ་ཡིན་པ་དང༌། དེ་སྔ་གཤིན་པོ་ཡིན་པ་དང༌། ཡང་བསྐྱར་གསོན་པོ་ཡིན་པ་ཁོང་གིས་འདི་གསུང་གི་འདུག །ངས་ཁྱེད་རང་ཚོའི་སྡུག་བསྔལ་དང་ཉམ་ཐག་པའི་གནས་སྟངས་སྐོར་ཤེས་ཀྱི་ཡོད། ཡིན་ན་ཡང་[དངོས་གནས་བྱས་པ་ཡིན་ན་] ཁྱེད་རང་ཚོ་ཕྱུག་པོ་རེད། དེར་ཡོད་པའི་མི་འགའ་ཤས་ཀྱིས་ཁོང་རང་ཚོ་རྗིའུ་ཡིན་ལབ་ནས་ཁྱེད་རང་ཚོ་ལ་[རྒྱབ་འགལ་བྱེད་པ་དང་] ཁྱེད་རང་ཚོ་ལ་འགལ་ཟླ་བྱེད་མཁན་ཚོས་སྐུར་འདེབས་བྱེད་ཀྱི་ཡོད་པ་དེ་ངས་ཤེས་ཀྱི་ཡོད། ཡིན་ན་ཡང་ཁོང་ཚོ་དངོས་གནས་རྗིའུ་མ་རེད། གང་ཡིན་ཟེར་ན། ཁོང་ཚོའི་འདུ་ཁང་དེ་[སེམས་ཉིད་ངན་པའི་དཔོན་པོ་] སེ་ཀྲེན་གྱི་རེད། 

8-9 (John was instructed to write to the angel of the church in Smyrna). ‘These are the words of him who is the First and the Last; who was dead and became alive again: I know about your suffering and your poverty. But [really] you are rich! I know that some people there, who claim to be Jews, (oppose and) slander you. But they are not truly Jews for their synagogue belongs to Satan.

10 ཁྱེད་རང་ཚོ་སྡུག་པོ་ག་རེ་མྱང་གྲབས་ཡོད་པ་དེ་ལ་ཞེད་སྣང་མ་བྱིས། ཁྱེད་རང་ཚོའི་དགྲ་སེམས་ཉིད་ངན་པའི་དཔོན་པོ་[སེ་ཀྲེན་] གྱིས་ཁྱེད་རང་ཚོའི་དགྲ་ཚོ་ལ་ཁྱེད་རང་ཚོ་ཁ་ཤས་གཟུང་ནས་བཙོན་ཁང་ནང་བཅུག་དགོས་པ་བཟོ་གི་རེད། ཁྱེད་རང་ཚོའི་དགྲ་ཚོས་ཁྱེད་རང་ཚོས་མུ་མཐུད་ནས་ང་ལ་ཡིད་ཆེས་བྱེད་ཀྱི་ཡིན་མིན་ལྟ་རྒྱུའི་ཆེད་དུ་ཁྱེད་རང་ཚོ་ལ་ཚོད་ལྟ་བྱེད་འདོད་བྱེད་ཀྱི་ཡོད་རེད། ཁྱེད་རང་ཚོ་ལ་མནར་གཅོད་གཏང་ནས་ཉི་མ་བཅུ་རིང་ཁྱེད་རང་ཚོ་སྡུག་པོ་མྱང་གི་རེད། ཡིན་ན་ཡང་ཁྱེད་རང་ཚོ་རང་གི་སྲོག་ལ་ཐུག་ན་ཡང་ལྷག་བསམ་རྣམ་དགབྱེད་རོགས། ངས་ཁྱེད་རང་ཚོ་ལ་མི་འཇིག་པའི་མཐའ་མེད་པའི་སྲོག་གི་གཙུག་རྒྱན་དེ་སྤྲད་ཀྱི་ཡིན།

10 Do not be afraid of what you are about to suffer. Your adversary, Satan, will cause your enemies to arrest some of you and throw you into prison. Your adversary wants to test you to see if you will continue to believe in me. You will be persecuted and suffer for ten days. But even if you face death, remain faithful. And I will give you the head ornament of indestructible eternal life.

11 ཉན་མཁན་ཚོ་(དང་གོ་རྟོགས་འཚོལ་མཁན་) ཚང་མས་[དམ་པའི་] ཐུགས་ཉིད་ལ་ཉན་པ་དང་། ཁོང་གིས་ཆོས་ཚོགས་ཚོ་ལ་ག་རེ་གསུང་གི་ཡོད་པ་དེའི་དོན་དག་རྟོགས་པ་བྱེད་དགོས། [ངན་པའི་དབང་ཤུགས་ཐོག་ལ་] རྒྱལ་ཁ་ཐོབ་པའི་མི་སུ་ཡོད་ནས་དེ་ལ་འཆི་བ་གཉིས་པས་གནོད་ཐུབ་ཀྱི་མ་རེད།

11 All those who hear (and seek to understand), should listen to the [Holy] Spirit and grasp the meaning of what He is saying to the Churches. Whoever overcomes [the forces of evil] will not be harmed by the second death.’